མད་ཐྰ་ལེའུ་གསུམ་པ།

ཡུ་ཧ་ནན་གྱིས་མི་ཡ་ལ་ལོན་བཟང་བཤད་པ།
1 འོའི་དུས་ཚོད་ལ་ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་གྱིས་ཡ་ཧུ་དྰ་མངའ་སྡེའི་རི་སྐམ་པོ་ལ་ཕྱིན་ཏེ་མི་ཡ་ལ་འདི་ཅོག་འདྲ་སྨྲས་ཏེ་ཤོད་ཅེས་འཛུགས་ཟིན། 2 ཁྱོད་ཀྱིས་འགྱོད་པ་སྐྱེས་ཏེ་ངོ་ལོག་སྤོང་དོང་། ད་ནི་ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་ལ་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན། ༼ད་ནི་ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན།༽ སྨྲས་ཏེ་ཤོད་ཟིན།།
3 འོ་ཡུ་ཧ་ནན་གྱི་སྐོར་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་ཤ་ཡས་འདི་སྐད་ཆ་མངོན་ཤེས་བཤད་དེ་སྨྲས་བཞག་སྟེ་ཡོད་མཁན།
ལྟོས་ཨ། རི་སྐམ་པོ་ལ་མི་སྣ་གཅིག་གིས་(མི་གཅིག་གིས་)འབོད་སྒྲ་བཏོན་ཏེ་སྨྲ་འོ་ནུག །
ཡ་ཝྰེའི་འོང་མཁན་གྱི་ལམ་གྲ་སྒྲིག་བྱེད་ཏོང་།།
ཁོའི་འོང་མཁན་གྱི་ལམ་ཀྱོག་པོ་ཡ་ཤར་རེ་བཟོ་དོང་།།
སྨྲས་ཏེ་ཡེ་ཤ་ཡས་མངོན་ཤེས་བཤད་དེ་བྲིས་བཞག་སྟེ་ཡོད་མཁན།། ༼ཡུ་ཧ་ནན་རི་སྐམ་པོ་ལ་ཕྱིན་ཏེ་ཤོད་པ་དང་(ཤོད་མཁན་སྒང་ལ་)འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།༽
4 ཡུ་ཧ་ནན་གྱིས་རྔ་མོང་གི་སྤུས་བཏགས་པའི་བཀབ་ཆ་གྱོན་གོ་ཡོད་མཁན། རྐེད་པ་ལ་ཀོ་བའི་སྐ་རགས་འཆིང་གོ་ཡོད་མཁན། ལྟོའི་ཚབ་ལ་ཆ་ག་བ་དང་སྦྲང་རྩི་ཟ་འོ་ཡོད་མཁན། 5 དེ་ནས་ཕྱོགས་བཞི་ཀ་ལས་མི་ཡ་འཛོམ་ཟིན། ཡེ་རུ་སྰ་ལེམ་སྨྲ་མཁན་གྱི་རྒྱལ་སའི་མི། ཡ་ཧུ་དྰ་མངའ་སྡེའི་མི། ཡོར་དན་གཙང་པོའི་རྩར་ཟུར་གྱི་མི། 6 མི་ཡ་གི་རང་རང་གིས་བྱས་པའི་ངོ་ལོག་ཡུ་ཧ་ནན་ལ་ཤོད་ཟིན། དེ་ནས་ཡུ་ཧ་ནན་གྱིས་ཁོང་ལ་ཡོར་དན་གཙང་པོ་ལ་ཁྲུས་དབང་སྟེར་ཟིན།།
7 ཡིན་ནས་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རུ་ཤི་པ་དང་༼ཤི་སྟེ་ལས་རྗེས་ཤོས་ཀྱི་དུས་ཚོད་ལ་སུ་ཡང་གསོན་པོར་ལང་ཅེས་མེད་སྨྲ་མཁན་གྱི་༽སྰ་ཅུ་སེ་པ་མང་མོས་ཀྱང་ཁྲུས་དབང་ལེན་ཅེས་སྨྲས་ཏེ་ཡུ་ཧ་ནན་གྱི་རྩར་ལ་འོང་ཟིན། ཁོང་ལ་མཐོང་སྟེ་ཡུ་ཧ་ནན་གྱིས། ཨེ་སྦྲུལ་གྱི་བརྒྱུད་པ་ཡ། ཨལ་ལོ་ཧིམ་གྱིས་གཏོང་མཁན་གྱི་ཁྲིམས་ལས་ཐར་ཁུག་མཁན་སྨྲས་ཏེ་ཁྱེད་ལ་སུས་བསླབས་པ། 8 སེམས་དྲང་པོས་འགྱོད་པ་སྐྱེས་ཏེ་ངོ་ལོག་སྤོང་མཁན་རང་ཡིན་ཟིན་ན་ཁྱེད་ཀྱིས་འོ་སྤྱོད་པའི་ལས་ཀ་བྱེད་ཏོང་། (ཁྱེད་ཀྱིས་འོ་ལ་དཔེ་འདྲའི་འགྲོ་ལུགས་སྡོད་ལུགས་བྱེད་ཏོང་།) 9 ངེད་ནི་ཨབ་ར་ཧམ་གྱི་བརྒྱུད་པ་ཡིན། འོ་སོང་བས་ངེད་ནི་ཐར་མཁན་སྨྲས་ཏེ་རང་གིས་བསམ་བློ་མ་གཏོང་། ངས་ཀྱིས་ཁྱེད་ལ་ཤོད་མཁན། འདི་རྡོ་ཡ་ལས་ཀྱང་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་གྱི་བརྒྱུད་པ་བཞེང་ཐུབ་མཁན།
10 ད་ནི་སྟ་རེ་སྡོང་པོའི་ཞབས་ལ་རྒྱབ་ཟིན་ཏེ་ཡོད། ཤིང་ཐོག་ཡག་པོ་མི་འོང་མཁན་གྱི་སྡོང་པོ་གང་ཡོད་མཁན་དེ་གཏུབས་ཏེ་མེ་ལ་དབྱུག་ཅེས་ནུག 11 ཁྱེད་རང་རང་གིས་འགྱོད་པ་སྐྱེས་ཏེ་དང་ངོ་ལོག་སྤོང་ཅེས་ལ་གྲ་སྒྲིག་ཕྱིན་པ་ཡིན་སྨྲས་ཏེ་སྟོན་ཅེས་ལ་ངས་ཀྱིས་ཁྱེད་ལ་ཆུ་ཡིས་ཁྲུས་དབང་སྟེར་ཀོ་ཡོད། ཡིན་ནས་ངའི་རྗེས་ལ་འོང་མཁན་དེ་ནི་ང་ལ་ལས་ཀྱང་དབང་ཆེ་བ་ཐོབ་སྟེ་འོང་ཅེས་ནུག (ཡིན་ནས་ང་སྨྲས་ཏེ་རྟིང་ལས་འོང་མཁན་དེ་ནི་ང་ལ་སྨྲས་ཏེ་ཡང་དབང་ཆེན་པོ་ཐོབ་སྟེ་འོང་ཅེས་ནུག) ང་ནི་ཁོའི་ལྷམ་འཁྱེར་ཅེས་ལ་ཡང་མི་གཤའ་མཁན། ཁོས་ཀྱིས་ཁྱེད་ལ་རྣམ་པར་དག་པའི་ཐུགས་ཀྱིས་ཁྲུས་དབང་སྟེར་ཅེས་ནུག ~ཁྲིམས་ལྟ་མཁན་གྱི་མེ་ཡིས་ཁྲུས་དབང་ཡང་སྟེར་ཅེས་ནུག 12 འབྲུ་འཕྱར་ཅེས་ལ་(འབྲུ་འཕྱར་བ་ལ་ ། འབྲུ་འཕྱར་ཅེས་སྨྲས་ཏེ་)ཁོའི་ལག་པ་ལ་ལོ་མ་བླངས་ཏེ་ཡོད། འབྲུ་ཕྱར་ཏེ་འབྲུ་རྡོག་(འབྲུ་རིགས་)མཛོད་ལ་འཇོག་ཅེས་ནུག  སྦུན་པ་དེ་ནམ་ཡང་མི་འཆི་མཁན་གྱི་མེ་ལ་འཚིགས་འཇུག་ཅེས་ནུག  སྨྲས་ཏེ། ཡུ་ཧ་ནན་གྱིས་ཕ་རུ་ཤི་པ་དང་སྰ་ཅུ་སེ་པ་སྨྲ་མཁན་གྱི་མི་ཡ་ལ།།
ཡེ་ཤུས་ཁྲུས་དབང་བླངས་པ།
13 འོའི་དུས་ཚོད་ལ་ཡེ་ཤུ་ག་ལིལ་སྨྲ་མཁན་གྱི་ས་གནས་ལས་ཡོར་དན་གཙང་པོ་ལ་ཡུ་ཧ་ནན་གྱི་རྩར་ལ་ཁྲུས་དབང་ལེན་ཅེས་ལ་(ཁྲུས་དབང་ལེན་པ་ལ་ ། ཁྲུས་དབང་ལེན་ཅེས་སྨྲས་ཏེ་)འོང་ཟིན། 14 དེ་ནས་ཡུ་ཧ་ནན་གྱིས་ཡེ་ཤུ་ལ་འགེགས་ཅེས་བཙོལ་ཏེ། ངས་ཀྱིས་ཁྱོད་ལ་མིན་པ། ཁྱོད་ཀྱིས་ག་ང་ལ་ཁྲུས་དབང་སྟེར་དགོས་ཅེས་སྲིད། ཡིན་ནས་ད་ཁྱོད་ག་ངའི་རྩར་ལ་འོང་ཟིན། སྨྲས་ཏེ། 15 དེ་ནས་ཡེ་ཤུས་ཁོ་ལ། ད་ལྟའི་དུས་ཚོད་ལ་འདི་ཅོག་འདྲ་འགྲོ་འཇུག  རྣམ་པར་དག་པ་ཉིད་གང་པོ་དོན་དག་འགྲུབ་འཇུག་ཅེས་ལ་(དོན་དག་འགྲུབ་འཇུག་པ་ལ་ ། དོན་དག་འགྲུབ་འཇུག་ཅེས་སྨྲས་ཏེ་)འོ་རང་གིས་ད་འདི་ཅོག་འདྲ་རང་བྱེད་དགོས་མཁན། དེ་ནས་ཡུ་ཧ་ནན་གྱིས་ཉན་ཏེ་ཡེ་ཤུ་ལ་གཙང་པོ་ལ་ཁྲུས་དབང་སྟེར་ཟིན།
16 ཁྲུས་དབང་བླངས་ཚར་ཚར་བ་ལ་(ཁྲུས་དབང་བླངས་འཚར་ཟིན་ཏེ་རྗེས་ལ་)ཡེ་ཤུ་ཆུ་ལས་འཐོན་འོང་ཟིན། འོའི་རྗེས་ལ་རང་(འོ་རྟིང་ལ་རང་ ། དེ་ནས་)གནམ་བྱེ་ཟིན། དེ་ནས་ཡེ་ཤུས་ཨལ་ལོ་ཧིམ་གྱི་རྣམ་པར་དག་པའི་ཐུགས་ནི་ཕུག་རོན་ཅོག་འདྲ་བྱས་ཏེ་རང་གི་ཐོག་ལ་འོངས་པ་མཐོང་ཟིན། 17 དེ་ནས་གནམ་ལས་མར་སྐད་ཅིག་གིས།
འདི་ངའི་བྱམས་པ་བྱས་པའི་བུ་ཡིན་པ།།
ཁོ་ལ་མཐོང་སྟེ་ངའི་སེམས་དགའ་བ་འོང་མཁན།།
སྨྲས་ཏེ།། །།