མད་ཐྰ་ལེའུ་བཅུ་པ།

ཉེ་གནས་བཅུ་གཉིས་ལ་༼སྐུ་ཚབ་བཅུ་གཉིས་ལ་༽འདམས་པ།
1 དེ་ནས་ཡེ་ཤུས་རང་གི་ཉེ་གནས་བཅུ་གཉིས་ལ་(སྐུ་ཚབ་བཅུ་གཉིས་ལ་)འཛོམ་བཅུག་སྟེ་ཁོང་ལ་འདྲེ་ཡ་ལ་ཕུད་མཁན་(འདོན་མཁན་)དང་མིའི་ན་བ་ཚ་བ་ཡ་དྲག་འཇུག་མཁན་གྱི་དབང་སྟེར་ཟིན། 2 འོ་སྐུ་ཚབ་བཅུ་གཉིས་ཀྱི་མིང་ནི་འདི་ཡ་རང་ཡིན་པ། གདོང་ཤོས་དེ་པེ་ཏྲོ་མིང་བཞག་པའི་སི་མོན། དེ་ནས་སི་མོན་གྱི་འོག་མ་(ནོ་)ཨན་དྲེ་ཡྰ། ཟེ་བད་ཡྰའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན། 3 ཕི་ལིབ་དང་བར་ཐོལ་མྰ། ཐོ་མྰ་དང་ཤོ་གམ་སྡུད་མཁན་གྱི་མད་ཐྰ། ཨལ་ཕྰའི་བུ་ཡ་ཀོ་བོས་དང་ཐད་དྰ། མི་དེ་གི་གང་པོའི་མིང་ལད་པྰ་ཐད་དྰ་སྨྲ་མཁན་དེ། 4 བརྩོན་འགྲུས་པ་སྨྲ་མཁན་གྱི་སི་མོན། དེ་ནས་ཡེ་ཤུ་ལ་འཛིན་འཇུག་མཁན་གྱི་ཀར་ཡོད་པ་ཡུ་དྰ།།
5 ཡེ་ཤུས་འདི་བཅུ་གཉིས་ལ། བརྒྱུད་པ་གཞན་པའི་མི་ཡ་ས་ལ། དེ་ནས་སྰ་མར་ཡ་ས་གནས་ཀྱི་ཡུལ་གྲུ་ཡ་ལ་(རྒྱལ་ས་ཡ་ལ་)མ་འགྲོ། 6 སྟོར་བའི་ལུག་ཅོག་འདྲ་ཡོད་མཁན་གྱི་ཡེས་ར་ཨལ་པ་ཡ་ས་ལ་སོང་། 7 མི་ཡ་ལ། ཨལ་ལོ་ཧིམ་གྱིས་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན། ༼ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན།༽ སྨྲས་ཏེ་ཁོང་ལ་ཤོད་ཏོང་། 8 ནད་པ་ཡ་ལ་དྲག་འཇུག་དོང་། ཤི་བའི་མི་ཡ་ལ་གསོན་པོར་ལང་འཇུག་དོང་། མཛེ་ན་ཚ་རྒྱབ་མཁན་གྱི་མི་ཡ་ལ་(མཛེ་པོ་ཡ་ལ་)དྲག་འཇུག་དོང་། དེ་ནས་འདྲེ་ཡ་ལ་ཕུད་ཏོང་། ཁྱེད་ཀྱི་འོ་འདྲ་རང་འབྱོར་ཟིན། (ཁྱེད་ལ་འོ་འདྲ་རང་ཐོབ་ཟིན།) འོ་འདྲ་རང་སྟེར་ཏོང་། 9 སྐོར་བ་རྒྱབ་འགྲོ་བ་དང་(སྐོར་བ་རྒྱབ་འགྲོ་མཁན་སྒང་ལ་)སྐ་རགས་ལ་གསེར། དངུལ། ཟངས་མའི་ཊང་ཀ་(ཟངས་ཊང་ ། དོང་ཙེ་)ཅི་ཡང་མ་འཁྱེར། 10 རྐྱལ་བུ། གྱོན་གོས་གཉིས་དང་ལ་ཀམ་ཡང་(ལྷམ་ཡང་)མ་འཁྱེར། བེར་ཀ་ཡང་མ་འཐོགས། ལས་ཀ་བྱེད་མཁན་གྱི་མི་ལ་དགོས་མཁན་གྱི་ལྟོ་འོ་འདྲ་རང་སྟེར་དགོས་མཁན།།
11 གྲོང་ཁྱེར་དང་ཡུལ་གྲུ་ཡ་ལ་སླེབ་པ་དང་(སླེབ་མཁན་སྒང་ལ་)གཤའ་མཁན་གྱི་མི་ལ་༼འོས་པའི་མི་ལ་༽འཚོལ་དོང་། དེ་ནས་འོ་ཡུལ་ལས་ཐོན་ཏེ་མ་ཕྱིན་ཐུག་ཁོའི་ཁྱིམ་ལ་སྡོད་ཏོང་། 12 འོ་ཁྱིམ་ལ་འཇུག་པ་དང་། (འོ་ཁྱིམ་ལ་འཇུག་མཁན་སྒང་ལ།) ཁྱེད་མེ་མེ་ཡ་ལ་བློ་བདེ་མོ་འོང་ཆུག  སྨྲས་ཏེ་སྨྲ་དོང་། 13 འོ་ཁྱིམ་གྱི་མེ་མེ་ཡ་ཞི་བདེ་ཐོབ་ཅེས་གཤའ་མཁན་གྱི་མི་ཡིན་ན་འོ་ཞི་བདེ་ཁོང་ལ་ཐོབ་ཅེས་ཡོད། མི་གཤའ་མཁན་གྱི་མི་ཡིན་ན་ནི་འོ་ཞི་བདེ་ཁོང་ལ་ཐོབ་ཅེས་མེད། 14 ཁྱེད་སླེབ་མཁན་གྱི་ས་ཆའི་མི་གང་དྲས་ཀྱང་ཁྱེད་ལ་མི་འབོད་ན། (མི་བསུ་ན། ། བསུ་བ་མི་བྱེད་ན། ། སྣེ་ལེན་མི་བྱེད་ན།) ཁྱེད་ཀྱི་སྐད་ཆ་མི་ཉན་ན་ནི་ཁྱེད་ཀྱི་རྐང་པ་ལ་བསྒོས་པའི་ཐལ་བ་ཡང་སྤྲུགས་བཞག་སྟེ་འོ་ས་ཆ་ལས་ཐོན་ཏེ་སོང་། 15 ངས་ཀྱིས་ཁྱེད་ལ་བདེན་པར་སྨྲ་མཁན། ཁྲིམས་གཏོང་མཁན་གྱི་ཉི་མ་ལ་འོ་སོ་ཆའི་མི་ཡ་ལ་སྨྲས་ཏེ་ནི་(ལས་ནི་)ས་དོམ་དང་ག་མོ་རྰ་གྲོང་ཁྱེར་གཉིས་ཀྱི་མི་ཡ་ལ་(རྒྱལ་ས་གཉིས་ཀྱི་མི་ཡ་ལ་)ག་ཉེས་པ་ཉུང་ངེ་ཞིག་འགེལ་ཅེས་ནུག (ཁྲིམས་གཏོང་མཁན་གྱི་ཉི་མ་ལ་འོ་ས་ཆའི་མི་ཡ་གི་སྡུག་པོ་སྨྲས་ཏེ་ནི་(ལས་ནི་)ས་དོམ་དང་ག་མོ་རྰ་གྲོང་ཁྱེར་གྱི་མི་ཡ་གི་སྡུག་པོ་ག་རྣོག་ཁུག་དང་འོང་ཅེས་ནུག) སྨྲས་ཏེ་ཡེ་ཤུས་འདི་བཅུ་གཉིས་ལ་འདི་ཅོག་འདྲ་ཤོད་ཟིན།།
ཁྲལ་ལ་འབབ་མཁན་གྱི་སྡུག་པོ་ཡ་གི་སྐོར་ལ།
16 ༼དེ་ནས་གཉིས་པར་ཡེ་ཤུས།༽ ལྟོས་ཨ། ལུག་ཡ་ལ་སྤྱང་ཀུ་ཡ་གི་དཀྱིལ་ལ་གཏོང་མཁན་ཅོག་འདྲ་རང་ངས་ཀྱིས་ཁྱེད་ལ་༼ཡེས་ར་ཨལ་གྱི་ཁྱིམ་རྒྱུད་དེ་གི་མི་ཡ་གི་དཀྱིལ་ལ་༽གཏོང་མཁན། འོ་སོང་བས་ཁྱེད་སྦྲུལ་ཅོག་འདྲ་གྲིམས་པོ་དང་ཕུག་རོན་ཅོག་འདྲ་སེམས་དྲང་པོ་འོང་དགོས་མཁན། 17 མི་ཡ་མཉམ་པོ་འཛེམ་པར་བྱེད་ཏོང་། ཁོང་གིས་ཁྱེད་ལ་བཟུང་སྟེ་གྲོས་མི་གང་པོ་ས་ལ་༼ཡ་ཧུ་དྰ་པའི་ཆེས་མཆོག་གི་ཁྲིམས་ཁང་དང་འཛིན་སྐྱོང་གི་གྲོས་མི་ཡ་ས་ལ་༽འཁྱེར་ཅེས་ནུག  ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཁྱེར་ཏེ་རྡུང་གཏག་སྟེར་ཅེས་ནུག 18 ངའི་དོན་དག་གིས་བྱས་ཏེ་(ངའི་རྐྱེན་གྱིས་)ཁྱེད་ལ་བཀའ་བློན་དང་རྒྱལ་པོ་ཡ་གི་གདོང་ལ་(མདུན་ལ་)ལང་འཇུག་ཅེས་ནུག  འོའི་རྗེས་ལ་ཁྱེད་ཀྱིས་ཁོང་དང་བརྒྱུད་པ་གཞན་པའི་མི་ཡ་ལ་ངའི་སྐོར་ལ་ཤོད་དགོས་མཁན། (དཔང་པོ་བྱེད་དགོས་མཁན།) 19 ཁྱེད་ལ་བཟུང་སྟེ་འཁྱེར་མཁན་གྱི་དུས་ཚོད་ལ་(འཁྱེར་བ་དང་ ། འཁྱེར་མཁན་སྒང་ལ་)ཅི་སྐད་ཆ་སྨྲ་ཅེས། དེ་ནས་སྐད་ཆ་ག་འདྲ་བྱས་ཏེ་སྨྲ་ཅེས་སྨྲས་ཏེ་སེམས་ཁྲལ་མ་བྱེད། (སྡུག་བསྔལ་མ་བྱེད།) སྨྲ་དགོས་མཁན་གྱི་སྐད་ཆ་ཁྱེད་ལ་འོའི་རྗེས་ལ་རང་འབྱོར་ཅེས་ནུག 20 ཁྱེད་ཀྱིས་སྨྲ་མཁན་གྱི་སྐད་ཆ་ཁྱེད་རང་དེ་རང་མིན་པ། ནམ་མཁའི་ཨ་ཕའི་རྣམ་པར་དག་པའི་ཐུགས་ཁྱེད་མཉམ་པོ་བསྡད་དེ་ཁྱེད་ལ་སྐད་ཆ་སྨྲ་འཇུག་ཅེས་ནུག །
21 མི་ཡ་གིས་རང་གི་ཨ་པོ་འོག་མ་ཡ་ལ་ཡང་(ཨ་ད་ནོ་ཡ་ལ་ཡང་)གསོད་འཇུག་ཅེས་ནུག  ཨ་ཕས་ཀྱིས་རང་གི་བུ་བུ་མོ་ཡ་ལ། བུ་བུ་མོ་ཡ་གིས་རང་གི་ཨ་ཕ་ཨ་མ་ལ་ཡང་གསོད་འཇུག་ཅེས་ནུག 22 ངའི་མིང་གིས་བྱས་ཏེ་(ངའི་མིང་གི་རྐྱེན་གྱིས་)ཁྱེད་ལ་མི་གང་པོས་ཀྱིས་རྔན་ཆེན་བྱེད་ཅེས་ནུག  ཡིན་ནས་མཐའ་མ་ཐུག་(མཐའ་མའི་མཇུག་ཐུག་)ངའི་ཐོག་ལ་བློ་བཀལ་ཏེ་སྡོད་མཁན་དེ་ལ་(ང་ལ་ཡིད་ཆེས་བྱས་ཏེ་སྡོད་མཁན་དེ་ལ་)ཐར་ཅེས་ནུག 23 ཁོང་གིས་ཁྱེད་ལ་ཡུལ་གཅིག་ལ་སྡུག་པོ་སྟེར་ན་(སྡུག་པོ་སྟེར་ཟིན་ན་)ཡུལ་གཞན་པ་ལ་བྲོས་ཏེ་སོང་། ངས་ཀྱིས་ཁྱེད་ལ་བདེན་པར་སྨྲ་མཁན། མིའི་བུ་མ་འོངས་པའི་སྔོན་ལ་(འོང་མཁན་སྨྲས་ཏེ་གདོང་ལ་)ཁྱེད་ཀྱིས་ཡེས་ར་ཨལ་ལུང་པའི་ཡུལ་གང་པོ་ལ་རང་འགྲུལ་ཟིན་པ་༼ལས་ཀ་བྱེད་ཟིན་པ་༽འོང་ཅེས་མི་འདུག །
24 སློབ་མ་རང་གི་སློབ་དཔོན་སྨྲས་ཏེ་ཆེན་མོ་མི་འོང་མཁན། གཡོག་པོ་རང་གི་བདག་པོ་སྨྲས་ཏེ་ཡང་ཆེན་མོ་མི་འགྲོ་མཁན། (སློབ་མ་རང་གི་སློབ་དཔོན་ལས་ཆེ་བ་མི་འོང་མཁན། གཡོག་པོ་རང་གི་བདག་པོ་ལས་ཀྱང་ཆེ་བ་མི་འགྲོ་མཁན།) 25 སློབ་མ་རང་གི་སློབ་དཔོན་ཙམ་པ་རང་། དེ་ནས་གཡོག་པོ་རང་གི་བདག་པོ་ཙམ་པ་རང་འགྲོ་ཁུག་ན་ཁོང་གིས་བློ་བདེ་མོ་བྱེད་འཇུག  མི་ཡ་གིས་ཁྱིམ་གྱི་བདག་པོ་ལ་ཡང་༼ཡེ་ཤུ་ལ་ཡང་༽པེ་ཨལ་བཟི་པད་༼དཀོན་མཆོག་༽སྨོད་བྱས་བྱས་པ་ལ་ནི་(སྨོད་བྱས་ཏེ་འགབ་ལས་ནི་)ཁོའི་ཁྱིམ་གྱི་མེ་མེ་ཡ་ལ་༼ཡེ་ཤུའི་རྗེས་འབྲང་ཡ་ལ་༽འོ་ལས་ལྷག་པའི་སྨོད་བྱེད་འགྲོ། སྨྲས་ཏེ། ཡེ་ཤུས།།
མི་ཡ་ལ་སྨྲས་ཏེ་(ལས་)ཨལ་ལོ་ཧིམ་ལ་འཇིགས་དགོས་མཁན།
26 ༼དེ་ནས་གཉིས་པར་ཡེ་ཤུས།༽ མི་ཡ་ལ་མ་འཇིགས། ད་ལྟ་ངོ་མ་ཤེས་པ་དང་ཧ་མ་གོ་བའི་སྐད་ཆ་གང་པོ་རང་ཉི་མ་གཅིག་ཕྱི་གསལ་ནང་གསལ་བྱས་ཏེ་མཐོང་ཅེས་ནུག 27 ངས་ཀྱིས་ཁྱེད་ལ་ནག་ཁུང་ལ་བཤད་པའི་སྐད་ཆ་ཡ་སྐྱ་སང་ངེ་ལ་གང་པོ་ལ་བཤད་སྟེར། ཁྱེད་ལ་འོ་རང་ནང་ལ་བཤད་པའི་སྐད་ཆ་ཡ་ཕྱི་ལ་ཐོན་ཏེ་མི་གང་པོས་ཀྱིས་ཐོས་མཁན་བྱས་ཏེ་སྒྲ་གསལ་དོང་། (གསལ་བསྒྲགས་བྱེད་ཏོང་།) 28 ཁྱེད་ཀྱི་སེམས་(རྣམ་ཤེས་)མིན་པ། གཟུགས་པོ་གཅིག་ལ་གསོད་ཁུག་མཁན་ཡ་ལ་མ་འཇིགས། སེམས་(རྣམ་ཤེས་)དང་གཟུགས་པོ་གཉིས་ཀ་ལ་དམྱལ་བ་ལ་ཆུད་འཇུག་ཐུབ་མཁན་དེ་ལ་རང་འཇིགས་དོང་། 29 ༼ཡིན་ནས། འདི་སྐད་ཆ་ཡ་དྲན་པ་གསོ་དོང་།༽ བྱིའུ་གཉིས་ཊང་ཀ་གཅིག་ལ་འཚོང་མཁན་མིན་ནམ། ཡིན་ནས་ཨལ་ལོ་ཧིམ་གྱི་སེམས་ལ་མི་སྐྱེ་ན་(མི་སྐྱེ་ཟིན་ན་)བྱིའུ་གཅིག་ཀྱང་ས་ལ་མི་རྡིབ་མཁན། 30 ཁྱེད་ཀྱི་མགོའི་སྐྲ་རྐྱང་པ་རེ་རེ་ཡང་ཨལ་ལོ་ཧིམ་གྱིས་གྲངས་རྩིས་བརྒྱབ་སྟེ་ཡོད་པ། 31 འོ་སོང་བས་ཁྱེད་མ་འཇིགས། ཁྱེད་བྱིའུ་ཡ་སྨྲས་ཏེ་(བྱིའུ་ཡ་ལས་)མང་མོ་རང་རྩ་ཆེན་ཡིན།
32 མི་ཡ་གི་གདོང་ལ། ང་རང་ཡེ་ཤུའི་རྗེས་འབྲང་ཡིན། (སློབ་མ་ཡིན།) སྨྲ་མཁན་དེ་ལ་ངས་ཀྱིས་ཀྱང་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་གདོང་ལ། ཁོ་ང་དེ་ཡིན། སྨྲས་ཏེ་སྨྲ་ཅེས། 33 ཡིན་ནས་མིའི་གདོང་ལ། ངས་ཀྱིས་ཡེ་ཤུ་ལ་ངོ་མི་ཤེས། སྨྲ་མཁན་དེ་ལ་ངས་ཀྱིས་ཀྱང་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་གདོང་ལ། ཁོ་ལ་ངོ་མི་ཤེས་མཁན། སྨྲས་ཏེ་སྨྲ་ཅེས།།
རང་གི་མི་ཡ་ལ་སྨྲས་ཏེ་(ལས་)ཡེ་ཤུ་ལ་རྩིས་བྱེད་དགོས་མཁན།
34 ༼དེ་ནས་གཉིས་པར་ཡེ་ཤུས།༽ ང་འཛམ་བུ་གླིང་ལ་མི་ཡ་ལ་མཐུན་འཇུག་ཅེས་ལ་(མཐུན་འཇུག་པ་ལ་)འོངས་པ་ཡིན་སྨྲས་ཏེ་མ་གནས། (མ་སྐྱེ།) མིན་པ། ང་མཐུན་འཇུག་ཅེས་ལ་(མཐུན་འཇུག་པ་ལ་)འོངས་པ་མིན་པ། འཛིང་འཇུག་ཅེས་ལ་རང་(འཛིང་འཇུག་པ་ལ་རང་)འོངས་པ་ཡིན་པ། 35 བུ་ཨ་ཕ་མཉམ་པོ་འཁྲུག་འཇུག་ཅེས་ལ། (འཁྲུག་འཇུག་པ་ལ།) བུ་མོ་ཨ་མ་མཉམ་པོ་འཁྲུག་འཇུག་ཅེས་ལ། (འཁྲུག་འཇུག་པ་ལ།) མནའ་མ་སྒྱུག་མོ་མཉམ་པོ་འཁྲུག་འཇུག་ཅེས་ལ་(འཁྲུག་འཇུག་པ་ལ་)འོངས་པ་ཡིན་པ། 36 མི་དེ་གི་དགྲ་བྱེད་མཁན་དེ་ནི་རང་གི་ཁྱིམ་ལ་རང་འཐོན་ཅེས་ནུག 37 ང་ལ་སྨྲས་ཏེ་(ང་ལ་ལས་)རང་གི་ཨ་ཕ་ཨ་མ་ལ་རྩིས་བྱེད་མཁན། ང་ལ་སྨྲས་ཏེ་(ང་ལ་ལས་)རང་གི་བུ་བུ་མོ་ལ་སྙིང་བརྩེ་བྱེད་མཁན་དེ་ནི་ངའི་རྗེས་འབྲང་(ངའི་སློབ་མ་)འོང་ཅེས་ལ་(འོང་བ་ལ་)མི་གཤའ། 38 ག་འདྲ་སྡུག་པོ་རྣོག་དགོས་ན་ཡང་རྣོག་མཁན། འཆི་དགོས་ན་ཡང་འཆི་མཁན་སྨྲས་ཏེ་ངའི་རྗེས་འབྲངས་ཏེ་འོངས་ཏེ་སྡོད་མཁན་གྱི་མི་མིན་པ། མི་གཞན་པ་ནི་ངའི་རྗེས་འབྲང་འོང་ཅེས་ལ་(འོང་བ་ལ་)མི་གཤའ། 39 རང་གི་ཚེ་སྲི་ཅེས་འཚོལ་མཁན་དེ་གིས་ཚེ་རང་སྟོར་འཇུག་ཅེས་ནུག  རང་གི་ཚེ་ངའི་ཆེད་དུ་སྟོར་འཇུག་མཁན་དེ་གིས་ནི་མཐའ་མེད་པའི་ཚེ་འབྱོར་ཅེས་ནུག །
རྗེས་འབྲང་ཡ་གི་འབྱོར་དགོས་མཁན་གྱི་རྔན་པའི་སྐོར་ལ། (རྗེས་འབྲང་ཡ་ལ་ཐོབ་དགོས་མཁན་གྱི་རྔན་པའི་སྐོར་ལ།)
40 ༼དེ་ནས་གཉིས་པར་ཡེ་ཤུས།༽ ཁྱེད་ལ་འབོད་མཁན་དེ་གིས་(བསུ་མཁན་དེ་གིས་ ། བསུ་བ་བྱེད་མཁན་དེ་གིས་ ། སྣེ་ལེན་བྱེད་མཁན་དེ་གིས་) ང་ལ་འབོད་མཁན། དེ་ནས་ང་ལ་འབོད་མཁན་དེ་གིས་ནི་ང་ལ་གཏོང་མཁན་དེ་ལ་ཡང་འབོད་མཁན། 41 ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གཅིག་ལ། ཁོ་ཨལ་གྱི་སྐད་ཆ་ཤོད་མཁན་ཡིན་སྨྲས་ཏེ་འབོད་མཁན་དེ་ལ་ཨལ་གྱི་སྐད་ཆ་ཤོད་མཁན་ལ་ཅོག་འདྲ་རང་རྔན་པ་འབྱོར་ཅེས་ནུག  དེ་ནས་ཨལ་ལོ་ཧིམ་གྱི་གདོང་ལ་དྲང་པོ་བྱེད་མཁན་དེ་ལ་འབོད་མཁན་གྱི་མི་ལ་ཡང་དྲང་པོ་བྱེད་མཁན་དེ་ལ་ཅོག་འདྲ་རང་རྔན་པ་འབྱོར་ཅེས་ནུག 42 ངས་ཀྱིས་ཁྱེད་ལ་བདེན་པར་སྨྲ་མཁན། སུ་ཞིག་གིས་ཀྱང་ཆད་མ་སྨྲས་ཏེ་ཆད་མ་ཡ་ལ་(ཆད་མ་ལས་ཆད་མ་ཡ་ལ་)ངའི་རྗེས་འབྲང་ཡིན་སྨྲས་ཏེ་ཆུ་གྲང་མོ་ཕར་བ་གང་གཅིག་རང་སྟེར་ན། ཁོ་ལ་རྔན་པ་འབྱོར་ཅེས་ནུག (ཁོའི་རྔན་པ་ཅི་ནས་ཀྱང་འཆོར་ཅེས་མིན་པ།) སྨྲས་ཏེ། ཡེ་ཤུས།། །།