མགོ་མ་ལེའུ་བཅུ་པ།

 ནོ་ཨའི་བུའི་རིགས་བརྒྱུད་ནི་འདི་ཅོག་འདྲཡིན་པ། ནོ་ཨའི་བུ་ཤེམ་དང་ཧམ་དང་ཡ་ཕེད་གསུམ་གྱིས་ཆུ་རུད་ཀྱིརྗེས་ལ་བུ་ཡ་སྐྱེད་ཟིན།།

 ཡ་ཕེད་ཀྱི་བུ་་ནི་གོ་མེར་དང་། མ་གོག་དང་། མ་ད་ཨི་དང་། ཡ་ཝན་དང་། ཐུ་བལ་དང་། མེ་ཤེག་དང་། ཐི་ར་དང་བདུན་ཡིན།།

 གོ་མེར་ཀྱི་བུ་ཡ་ནི་ཨཤ་ཀེ་ན་དང་། རི་ཨད་དང་། ཐོ་གར་མ་དང་གསུམ་ཡིན།།

 ཡ་ཝན་གྱི་བུ་ཡ་ནི་ཨེ་ལི་ཤྰ་དང་། ཐར་ཤིས་དང་། ཀི་ཐིམ་དང་། དོ་ད་ནིམ་དང་བཞི་ཡིན།།

 འདི་ཡ་ལས་ཕྱི་པའི་གླིང་ཕྲན་ཡ་་རང་རང་གི་ཡུལ་དང་། སྐད་དང་། རིགས་དང་རིགས་བརྒྱུད་ཅོག་འདྲ་དར་སོང་།།

 ཡང་ཧམ་གྱི་བུ་ཡ་ནི་ཀུས་དང་། མི་སེར་དང་། ཕུཏ་དང་། ཀ་ན་ཨན་དང་བཞི་ཡིན།།

 ཀུས་ཀྱི་བུ་ཡ་ནི་སེ་བ་དང་། ཀ་ཝི་ལྰ་དང་། སབ་ཐྰ་དང་། ར་ཨེ་མ་དང་། སབ་ཐེ་ཀ་དང་ལྔ་ཡིན། ཡང་ར་ཨེ་མའི་བུ་ཡ་ནི་ཤེ་བ་དང་། དེ་དན་དང་གཉིས་ཡིན།།

 ཡང་ཀུས་ལས་ནིམ་རོད་སྐྱེ་ཟིན། དེ་ནས་དཔའ་བོ་འབྱུང་བ་འཚུགས་འབྱུང་ཟིན། ༩ ཡ་ཝྰེའི་མདུན་ལ་ཁྱི་ར་ལ་དཔའ་ཅན་་གྱུར་པས། ནིམ་རོད་ཅོག་འདྲ་ཡ་ཝྰེའི་མདུན་ལ་ཁྱི་ར་ལ་དཔའ་ཅན་གྱི་མི་ཡིན། སྨྲས་ཏེ་སྨྲ་མཁན་གྱི་དཔེ་འབྱུང་ཟིན། ༡༠ བ་བེལ་དང་། ཨེ་རེག་དང་། ཨ་ཁད་དང་། ཀལ་ནེ་ཤི་ནེ་ཨྰར་ཡུལ་ཡོད་པའི་རྒྱལ་ཁམས་ཀྱི་རྒྱལ་པོ་དང་པོ་ཁོ་ཡིན་མཁན ༼ཤི་ནེ་ཨྰར་ལྷོ་ཕྱོགས་ཀྱི་མེ་སོ་པོ་ཐེམ་ཡྰ་ལུང་པ་ཡིན་མཁན།༽ ༡༡ འོ་ཡུལ་ལས་ཁོ་ཨ་ཤུར་ལ་ཕྱིན་ཏེ་ནི་ནེ་ཝེ་དང་། རེ་ཀོ་བོད་ཨིར་དང་། ༡༢ ཁ་ལྰ་དང་། ནི་ནེ་ཝེ་དང་ཁ་ལའི་བར་ལ་རེ་སེན་འཛུགས་ཟིན། འོ་དེགྲོང་ཁྱེར་ཆེན་པོ་དེ་ཡིན་མཁན།།

༡༣ ཡང་མི་སེར་ལས་ལུ་པ་དང་། ཨ་ནམ་པ་དང་། ལེ་ཧམ་པ་དང་། ནབ་ཐུག་པ་དང་། ༡༤ པད་རུ་པ་དང་། ཕེ་ལེ་ཤེད་པ་སྐྱེས་པའི་ཀས་ལུག་པ་དང་། ཀབ་ཏོར་པ་བདུན་སྐྱེ་ཟིན།།

༡༥ ཡང་ཀ་ན་ཨན་ལས་སྔོན་སྐྱེས་ཀྱི་བུ་ནི་ཚི་དོན་དང་། ཧེད་དང་། ༡༦ ཡི་བུས་པ་དང་། ཨེ་མོར་པ་དང་། གིར་གཤ་པ་དང་། ༡༧ ཧི་ཝི་པ་དང་། ཨར་ཁི་པ་དང་། སི་ནི་པ་དང་། ༡༨ ཨར་ཝ་དི་པ་དང་། ཚེ་མ་རི་པ་དང་། ཀ་མ་ཐི་པ་དང་བཅུ་གཉིས་སྐྱེས་ཏེ། འོའི་རྗེས་ལ་ཀ་ན་ཨན་པའི་རིགས་དར་སོང་།།

༡༩ ཡང་ཀ་ན་ཨན་པའི་མཐའ་ནི་ཚི་དོན་ས་གེ་རར་དང་། ག་ཟ་དང་། ས་དོམ་དང་། ག་མོ་རཱ་དང་། ཨད་མྰ་དང་། ཚེ་བོ་ཡིམ་དང་། ལ་ཤ་སྨྲ་མཁན་གྱི་གྲོང་ཁྱེར་བདུན་གྱི་བར་དུ་ཐུག་ཟིན། ༢༠ འདི་ཡ་ཧམ་གྱི་བུ་ཡ་གི་རིགས་དང་། སྐད་དང་། ཡུལ་དང་། རིགས་བརྒྱུད་་ཡིན།།

༢༡ ཡང་ཨེ་བེར་གྱི་བུ་གང་པོའི་ཕ་ཡིན་མཁན་དང་། ཡ་ཕེད་ཀྱི་ཨ་པོ(ཨ་ད་)ཡིན་པའི་ཤེམ་ལས་ཀྱང་བུ་ཡ་སྐྱེ་ཟིན།།

༢༢ ཤེམ་གྱི་བུ་ཡ་ནི་ཨེ་ལམ་དང་། ཨ་ཤུར་དང་། ཨར་པག་ཤད་དང་། ལུ་དང་། ཨ་རམ་དང་ལྔ་ཡིན།།

༢༣ ཡང་ཨ་རམ་གྱི་བུ་ཡ་ནི་ཨུཟ་དང་། ཧུལ་དང་། གེ་ཐེར་དང་། མཤ་དང་བཞི་ཡིན།།

༢༤ ཡང་ཨར་པག་ཤད་ལས་ཤེ་ལྰ་སྐྱེ་ཟིན་དང་། ཤེ་ལྰ་ལས་ཨེ་བེར་སྐྱེ་ཟིན།།

༢༥ ཨེ་བེར་ལས་བུ་གཉིས་སྐྱེས་ཏེ། གཅིག་གི་མིང་ཕེ་ལེག་ཡོད་མཁན། ཅི་ལས་སྨྲ་ན། ཁོའི་དུས་ལ་འཛམ་གླིང་ནི་བགོད་ཅེས་ལ (བགོས་པའི་ཕྱིར་རོ།) ༼ཕེ་ལེག་སྨྲ་མཁན་དེ་ཨབ་རི་པའི་སྐད་ལ་ཁ་འཐོར་སྨྲས་པ་ཡིན་པ། ཅི་ལས་སྨྲ་ན། ཕེ་ལེག་གི་དུས་ལ་འཛམ་བུ་གླིང་གི་མིའི་སྐད་གཅིག་བགོད་ཅེས་ལ་ཡིན་པ།༽ རང་གི་སྤུན་གྱི་མིང་ནི་ཡོག་ཏན་ཡོད་མཁན།།

༢༦ ཡོག་ཏན་ལས་ཨལ་མོ་དད་དང་། ཤེ་ལཕ་དང་། ཀ་ཚར་མ་ཝེད་དང་། ཡ་རག་དང་། ༢༧ ཧ་དོ་རམ་དང་། ཨུ་ཟལ་དང་། དིག་ལྰ་དང་། ༢༨ ཨོ་བལ་དང་། ཨ་བི་མ་ཨལ་དང་། ཤེ་བ་དང་། ༢༩ ཨོ་བིར་དང་། ཏ་ཝི་ལ་དང་། ཡོ་བབ་དང་བཅུ་གསུམ་སྐྱས་ཏེ་འོ་གང་པོ་ཡོག་ཏན་གྱི་བུ་ཡ་ཡིན་མཁན།།

༣༠ འོ་ཡ་སྡོད་མཁན་གྱི་ས་ཆ་ནི་མེ་ཤ་ལས་སེ་ཕར་ཤར་ཕྱོགས་ཀྱི་རི་སྨྲ་མཁན་གྱི་བར་དུ་ཡོད།།

༣༡ འདི་ཡ་ཤེམ་གྱི་བུ་ཡ་གི་རིགས་དང་། སྐད་དང་། ཡུལ་དང་རིགས་བརྒྱུད་ཡིན་མཁན།།

༣༢ འདི་ཡ་ནོ་ཨའི་བུ་ཡ་གི་རིགས་རང་རང་གི་རབས་ཀྱི་རིགས་བརྒྱུད་ཅོག་འདྲ་ཡིན་ཏེ། ཆུ་རུད་ཀྱི་རྗེས་ལ་འདི་ལས་འཛམ་བུ་གླིང་གི་མི་བརྒྱུད་དར་སོང་།། །།

Your encouragement is valuable to us

Your stories help make websites like this possible.