རྒུན་གྱི་ཞིང་ལ་ལས་ཀ་བྱེད་མཁན་གྱི་ལས་མི་ཡ་གི་དཔེ།
༡ ༼གཉིས་པར་ཡེ་ཤུས་ཀྱིས།༽ ནམ་མཁའི་རྒྱལ་སྲིད་ནི་འདི་ཅོག་འདྲ་འོང་མཁན། དཔེ་ཡིན་ན། རྒུན་གྱི་ཞིང་གི་བདག་པོ་གཅིག་གིས་སྔ་དྲོ་རང་ལས་མི་འཚོལ་ཅེས་སྨྲས་ཏེ་ཐོན་ཏེ་འགྲོ་ཟིན་ནུ་ལོ། ༢ དེ་ནས་ལས་མི་ཡ་འབྱོར་ཏེ། ཁོང་ལ། ཉི་མའི་གླ་དངུལ་ཊང་སྒོར་མོ་གཅིག་སྟེར་མཁན། སྨྲས་ཏེ་ལོ། འོ་ཙམ་སྟེར་མཁན་སྨྲས་ཏེ་འགབ་ལས་(འོ་ཙམ་སྟེར་མཁན་སྨྲས་སྨྲས་པ་ལ་)ཁོང་གིས་ཉན་ཏེ་འོ་བདག་པོའི་རྒུན་གྱི་ཞིང་ལ་ལས་ཀ་བྱེད་འགྲོ་ཟིན་ནུ་ལོ། ༣ ཆུ་ཚོད་དགུ་ཙམ་ལ་བདག་པོ་གཉིས་པར་ཁྲོམ་ལ་འགྲོ་མཁན་གང་ལ་(འགྲོ་བ་དང་)ལས་ཀ་མ་འབྱོར་བའི་མི་ཡ་བསྡད་པ་མཐོང་ཟིན་ནུ་ལོ། ༤ དེ་ནས་ཞིང་གི་བདག་པོས་ལས་མི་ཡ་ལ། ཁྱེད་ཀྱང་ངའི་ཞིང་ལ་ལས་ཀ་བྱེད་ཅེས་ལ་སོང་། ངས་ཁྱེད་ལ་འབྱོར་དགོས་མཁན་གྱི་གླ་སྟེར་མཁན། སྨྲས་ཏེ་ལོ། དེ་ནས་ཁོང་གིས་ཉན་ཏེ་ལས་ཀ་བྱེད་འགྲོ་ཟིན། ༥ འོའི་འགབ་ལས་(འོའི་རྗེས་ལ་)ཆུ་ཚོད་བཅུ་གཉིས་དང་ཆུ་ཚོད་གསུམ་ཙམ་ལ་ཡང་འོ་ཞིང་གི་བདག་པོ་གཉིས་པར་ཁྲོམ་ལ་ཕྱིན་ཏེ་ལས་ཀ་མ་འབྱོར་བའི་མི་ཡ་ལ་མཇལ་ཟིན་ཏེ། ཁོང་ལ། ངའི་ཞིང་ལ་ལས་ཀ་བྱེད་ཅེས་ལ་སོང་། སྨྲས་ཏེ་ལོ། ༦ གཉིས་པར་ཆུ་ཚོད་ལྔ་ཙམ་ལ་ཕར་འགྲོ་མཁན་གང་ལ་ཡང་(འགྲོ་བ་དང་ཡང་)ལས་ཀ་མེད་པའི་མི་ཡ་ལ་མཐོང་ཟིན། ཁོས་ཀྱིས་ཁོང་ལ། ཅི་ལས་ཉི་མ་གང་ལས་ཀ་མ་བྱས་པ་བྱས་ཏེ་སྡོད་མཁན། སྨྲས་ཏེ། ༧ ཁོང་གིས་ཁོ་ལ། ག་རེ། ངེད་ལ་ནི་སུས་ཀྱང་ལས་ཀ་བྱོས་ཤོག་མ་སྨྲས་དེ་རིང་། སྨྲས་ཏེ། དེ་ནས་བདག་པོས། འོ་འདྲ་ཡིན་ན་(འོ་ཅོག་འདྲ་ཡིན་ན་)ཁྱེད་ཀྱང་ངའི་ཞིང་ལ་ལས་ཀ་བྱེད་ཅེས་ལ་སོང་། ངས་ཁྱེད་ལ་འབྱོར་དགོས་མཁན་གྱི་གླ་སྟེར་མཁན། སྨྲས་ཏེ་ལོ།།
༨ ནམ་སྲོད་དེ་འགབ་ལས་བདག་པོས་རང་གི་གཡོག་པོའི་འགོ་པ་ལ་སྐད་བརྒྱབ་སྟེ། ལས་མི་ཡ་ལ་སྐད་བརྒྱབ་སྟེ་གླ་སྟེར་ཏོང་། གླ་སྟེར་མཁན་གང་ལ་(གླ་སྟེར་བ་དང་)འགབ་ཤོས་འོངས་པའི་ལས་མི་ཡ་ལ་གདོང་ལ་སྟེར་ཏོང་། དེ་ནས་རིམ་པ་བྱས་ཏེ་བསྟེར་ཏེ་གདོང་ཤོས་འོངས་པ་ཡ་ལ་འགབ་ཤོས་ལ་སྟེར། སྨྲས་ཏེ་ལོ། ༩ དེ་ནས་གཡོག་པོའི་འགོ་པས་ཆུ་ཚོད་ལྔ་ཙམ་ལ་ཡིན་འཇུག་ལས་ཀ་བྱས་པའི་ལས་མི་ཡ་ལ་གདོང་ཤོས་ཤོག་སྨྲས་ཏེ་ལས་མི་རེ་རེ་ལ་དངུལ་ཊང་སྒོར་མོ་རེ་རེ་སྟེར་ཟིན་ནུ་ལོ། ༡༠ འདི་མཐོང་སྟེ་སྔ་དྲོ་རང་འོངས་པའི་ལས་མི་ཡ་གིས། ངེད་ཀྱི་ནི་(ངེད་ལ་ནི་)གླ་མང་པོ་འབྱོར་འགྲོ། སྨྲས་ཏེ་བསམ་བློ་གཏོང་ཟིན་ནུ་ལོ། ཡིན་ནས་ཁོང་གི་ཡང་(ཁོང་ལ་ཡང་)དངུལ་ཊང་སྒོར་མོ་རེ་རེ་གཅིག་འབྱོར་ཟིན། ༡༡ གླ་འབྱོར་མཁན་གང་ལ་ནི་(གླ་འབྱོར་བ་དང་ནི་)ཁོང་ཞིང་གི་བདག་པོའི་རྩར་ལ་ཕྱིན་ཏེ་སྐད་འདོན་ཟིན་ནུ་ལོ། ༡༢ ཁོང་གིས། ལྟ་དོང་། འགབ་ཤོས་འོངས་པའི་ལས་མི་ཡ་གིས་ཆུ་ཚོད་གཅིག་རང་ལས་ཀ་བྱེད་ཟིན། ངེད་ཀྱིས་ནི་ཉི་མ་གང་ཚད་པ་ཚ་འདེ་ལ་ལས་ཀ་བྱེད་ཟིན། ཡིན་ནས་བདག་པོས་ངེད་ལ་ཡང་ཁོང་ལ་ཡང་གླ་འོ་ཙམ་རང་སྟེར་ཀོ་ནུ། སྨྲ་འོ་ནུ་ལོ། ༡༣ ཡིན་ནས་བདག་པོས་ཁོང་གི་ནང་ལ་མི་སྣ་གཅིག་ལ། ལྟོས་རོགས། ངས་ཁྱོད་ལ་གཡོ་སྒྱུ་བྱས་ཏེ་ཉུང་ངུ་བསྟེར་བ་མིན་པ། (ངས་ཁྱོད་ལ་ཤོབ་བརྒྱབ་སྟེ་མེད།) ཁྱོད་ཀྱིས་ནི་དངུལ་ཊང་སྒོར་མོ་གཅིག་ལ་ཉི་མ་གང་རང་ལས་ཀ་བྱེད་ཅེས་ལ་འགྲིག་མཁན་སྨྲས་པ་མིན་ནམ། ༡༤ ད་ནི་རང་གི་(ད་ནི་རང་ལ་)འབྱོར་དགོས་མཁན་གྱི་ཊང་ཀ་བླངས་ཏེ་ཁང་པ་ལ་སོང་། འདི་འགབ་ཤོས་འོངས་པའི་ལས་མི་ཡ་ལ་ཁྱོད་ལ་ཙམ་རང་གླ་སྟེར་མཁན་སྨྲས་ཏེ་ངའི་སེམས་ལ་སྐྱེས་ཏེ་ཡོད་པ། (ངས་སྐྱེས་ཡོད་པ།) ༡༥ ང་རང་གི་ཊང་ཀ་རང་གི་སེམས་ལ་གནས་པ་ཅོག་འདྲ་(རང་གི་བསམ་བློ་གཏོང་བ་ཅོག་འདྲ་)འགྲོ་སོང་བྱེད་ཅེས་མི་འོང་མཁན་ནམ། ངས་སེམས་བཟང་པོ་བྱས་ཏེ་བསྟེར་བ་སོང་བས་ཁྱོད་ཀྱིས་ཞེ་སྡང་བྱེད་མཁན་ཡིན་ནམ། སྨྲས་ཏེ་ལོ། སྨྲས་ཏེ་ཡེ་ཤུས་གཏམ་དཔེ་ཤོད་འཚར་ཟིན།།
༡༦ དེ་ནས་འདི་སྐད་ཆ་ཐག་བཅད་དེ་ཡེ་ཤུས་ཀྱིས། འདི་ཅོག་འདྲ་བྱས་ཏེ། འགབ་ལས་འོངས་པ་ཡ་ལ་གདོང་ལ་འབྱོར་ཅེས་ཡོད། དེ་ནས་གདོང་ལ་འོངས་པ་ཡ་ལ་འགབ་ལས་འབྱོར་ཅེས་ཡོད། (འདི་ཅོག་འདྲ་བྱས་ཏེ་རང་འགབ་ལས་ཡོད་མཁན་ཡ་གདོང་ལ་འོང་ཅེས་ཡོད། དེ་ནས་གདོང་ལ་ཡོད་མཁན་ཡ་འགབ་ལས་ལུས་ཅེས་ཡོད།) མི་མང་པོ་ལ་སྐད་བརྒྱབ་སྟེ་སུད་པ་ཞིག་འདམ་ཟིན། སྨྲས་ཏེ།།
ཡེ་ཤུས་ལན་གསུམ་པ་རང་ལ་འབབ་འོང་མཁན་གྱི་སྡུག་པོའི་དོན་དག་ལ་སྒྲ་གསལ་བ།
༡༧ ཡ་རུ་ཤ་ལེམ་རྒྱལ་ས་ལ་ཕར་(ཡ་རུ་ཤ་ལེམ་རྒྱལ་ས་ངོས་ལ་)འགྲོ་མཁན་གང་ལ་(འགྲོ་བ་དང་)ཡེ་ཤུས་རང་གི་ཉེ་གནས་བཅུ་གཉིས་ལ་མི་མེད་པའི་ས་ཆ་ལ་ཁྱེར་ཏེ་ཁོང་ལ། ༡༨ ལྟོས་ཨ། (ལྟ་དོང་།) ད་འོ་རང་ཡ་རུ་ཤ་ལེམ་ལ་འགྲོ་འོ་ཡོད་པ། འོ་ལ་སླེབས་ཏེ་འགབ་ལས་(འོ་ལ་སླེབས་སླེབས་པ་ལ་)མིའི་བུ་ལ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་གི་ལག་པ་ལ་རྩིས་རྒྱབ་ཅེས་ཡོད། (གཏོད་ཅེས་ཡོད།) དེ་ནས་ཁོང་གིས་ཁོ་ལ་གསོད་དགོས་ཅེས་ལ་ (དེ་ནས་ཁོང་གིས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་གཅོད་པ་དང་) ༡༩ བརྒྱུད་པ་གཞན་པའི་མི་ཡ་གི་ལག་པ་ལ་རྩིས་རྒྱབ་ཅེས་ཡོད། (གཏོད་ཅེས་ཡོད།) འོ་མི་ཡ་གིས་ཁོ་ལ་ཞབས་འདྲེན་བསྐོན་ཏེ་ལྕག་གིས་བརྡུངས་ཏེ་རྒྱངས་ཤིང་ལ་འཕྱངས་ཏེ་གསོད་ཅེས་ཡོད། ཡིན་ནས་ཉི་མ་གསུམ་ལ་ཨལ་ལོ་ཧིམ་གྱིས་ཁོ་ལ་གསོན་པོར་ལང་འཇུག་ཅེས་ཡོད། སྨྲས་ཏེ།།
ཨ་མ་གཅིག་གི་སེམས་ལ་སྐྱེས་པའི་སྐད་ཆ། (ཨ་མ་གཅིག་གིས་སྐྱེས་པའི་སྐད་ཆ།)
༢༠ འོའི་འགབ་ལས་(འོའི་རྗེས་ལ་)ཟེ་བད་ཡྰའི་བུད་མེད་ཀྱིས་རང་གི་བུ་གཉིས་ལ་ཁྱོང་སྟེ་འོངས་ཏེ་ཡེ་ཤུའི་མདུན་ལ་པུས་མོ་བཙུགས་ཏེ། དགེ་རྒན་ལ་ངས་གཏམ་ཚིག་གཅིག་ཞུ་ན་འགྲིག་མཁན་ནམ། སྨྲས་ཏེ། ༢༡ ཡེ་ཤུས་ཀྱིས་མོ་ལ། ངས་ཅི་བྱེད་དགོས་མཁན། སྨྲས་ཏེ། དེ་ནས་མོས་ཀྱིས། ཁྱོད་ཀྱིས་རང་གི་རྒྱལ་སྲིད་ལ་རྒྱལ་པོ་བྱས་ཏེ་འགབ་ལས་(རྒྱལ་པོ་བྱས་བྱས་པ་ལ་)ངའི་འདི་བུ་གཉིས། གཅིག་དེ་རང་གི་གཡས་ངོས་ལ། (རང་གི་གཡས་ཕྱོགས་ལ།) གཅིག་དེ་རང་གི་གཡོན་ངོས་ལ་(རང་གི་གཡོན་ཕྱོགས་ལ་)སྡོད་མྱོང་འཇུག སྨྲས་ཏེ། ༢༢ ཡེ་ཤུས་ཀྱིས་ཁོང་ལ། ཁྱེད་གཉིས་ཀྱིས་ཅི་བསླངས་པ་སྨྲས་ཏེ་ཁྱེད་རང་ལ་རང་རྒྱུས་མི་འདུག (ཁྱེད་གཉིས་ཀྱིས་ཅི་སློང་མཁན་རང་ཡོད་པ། འོ་ཁྱེད་ལ་རྒྱུས་རང་མེད།) ངས་འཁུར་དགོས་མཁན་ཅོག་འདྲའི་སྡུག་པོ་ཁྱེད་ཀྱིས་ཀྱང་འཁུར་ཁུག་མཁན་ནམ། སྨྲས་ཏེ། ཁོང་གཉིས་ཀྱིས་ཁུག་མཁན་སྨྲས་ཏེ་ལན་རྒྱབ་ཟིན། ༢༣ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། ཡིན་པ། ངས་འཁུར་དགོས་མཁན་ཅོག་འདྲའི་སྡུག་པོ་ཁྱེད་ཀྱིས་ཀྱང་འཁུར་ཅེས་ཡོད། ཡིན་ནས་ངའི་གཡས་གཡོན་ངོས་ལ་སུ་སུ་སྡོད་མྱོང་མཁན་སྨྲ་མཁན་དེ་ནི་ངས་སྨྲ་མི་མྱོང་མཁན། ངའི་ཨ་ཕས་གང་དྲའི་མི་ལ་གྲ་སྒྲིག་བཟོས་ཏེ་བཞག་པ། འོ་དེ་རང་སྡོད་མྱོང་ཅེས་ཡོད། སྨྲས་ཏེ།།
༢༤ འདི་སྐད་ཆ་ཐོས་ཏེ་ཉེ་གནས་གཞན་བཅུ་པོས་ཁོང་གཉིས་མཉམ་པོ་ཞེ་སྡང་བྱེད་ཟིན། ༢༥ དེ་ནས་ཡེ་ཤུས་ཉེ་གནས་གང་པོ་ལ་འཛོམ་བཅུག་སྟེ། འདི་འཛམ་བུ་གླིང་ལ་རྒྱལ་པོ་བྱེད་མཁན་ཡ་གིས་རང་གི་ལུང་པ་ཡ་གི་ཐོག་ལ་དབང་བཅས་ཏེ་སྡོད་མཁན། དེ་ནས་ཁོང་གི་བཞག་པའི་མི་ཆེན་པོ་ཡ་གིས་ལུང་པ་ཡ་ལ་གཉའ་གནོན་བྱེད་མཁན། འོ་དེ་ཁྱེད་ལ་རྒྱུས་རང་ཡོད། ༢༦ ཁྱེད་ཀྱི་ནང་ལ་ནི་འདི་ཅོག་འདྲ་འོང་ཅེས་མི་འོང་མཁན། ཁྱེད་ཀྱི་བར་དཀྱིལ་ལ་ཆེན་པོ་འོང་ཅེས་སེམས་བྱེད་མཁན་དེ་གིས་(ཁྱེད་ཀྱི་བར་དཀྱིལ་ལ་ཆེན་པོ་འོང་ཅེས་ཀྱི་སེམས་པ་ཡོད་མཁན་དེ་གིས་)ཨ་པོ་འོག་མ་གང་པོ་ལ་ཞབས་ཕྱི་ཞུ་དགོས་མཁན། ༢༧ གང་དྲ་ཁྱེད་ཀྱི་ནང་ལ་གང་པོ་སྨྲས་ཏེ་གདོང་ལ་འོང་ཅེས་སེམས་བྱེད་མཁན། (གང་དྲ་ཁྱེད་ཀྱི་ནང་ལ་གང་པོའི་གདོང་ལ་འོང་ཅེས་ཀྱི་སེམས་པ་ཡོད་མཁན།) ཁོ་ཁྱེད་ཀྱི་གཡོག་པོ་འོང་དགོས་མཁན། ༢༨ མིའི་བུ་ཡང་། མིས་རང་ལ་ཞབས་ཕྱི་ཞུ་འཇུག་སྨྲས་ཏེ་མིན་པ། (མིས་རང་ལ་ཞབས་ཕྱི་ཞུ་འཇུག་ཅེས་ལ་མིན་པ།) ཕར་ཀན་ཞབས་ཕྱི་ཞུ་ཅེས་ལ་འོངས་པ་ཡིན་པ། མི་མང་པོའི་སྲོག་ཚབ་ལ་རང་གི་སྲོག་རང་སྟེར་ཅེས་ལ་འོངས་པ་ཡིན་པ། (མི་མང་པོ་ལ་ཐར་པ་ཐོབ་འཇུག་ཅེས་སྨྲས་ཏེ་རང་གི་གཟུགས་པོ་སྦྱིན་པ་གཏོང་འོངས་པ་ཡིན་པ། ། མི་མང་པོ་ལ་ཐར་པ་སྟེར་ཅེས་དང་རང་གི་གཟུགས་པོ་སྟེར་ཅེས་ལ་འོངས་པ་ཡིན་པ།) སྨྲས་ཏེ།།
ཡེ་ཤུས་མིག་མི་མཐོང་མཁན་གྱི་མི་གཉིས་ལ་དྲག་བཅུག་པ། (འདྲུབས་པ།)
༢༩ ཡེ་ཤུ་དང་རང་གི་ཉེ་གནས་ཡ་ཡེ་རི་ཀོ་ཡུལ་ཆེན་པོ་ལས་ཐོན་ཏེ་འགྲོ་མཁན་གང་ལ་(འགྲོ་བ་དང་)མི་བུངས་ཆེན་པོ་ཞིག་(མི་མང་)ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན། ༣༠ ལམ་གྱི་ཟུར་ལ་མིག་མི་མཐོང་མཁན་གྱི་མི་གཉིས་བསྡད་དེ་ཡོད་མཁན། (བསྡད་ཡོད་མཁན།) ཡེ་ཤུ་འོ་ལམ་ལས་འོང་གོ་ནུ་སྨྲས་ཏེ་ཐོས་ཏེ་འགབ་ལས་(སྨྲས་ཏེ་ཐོས་ཐོས་པ་ལ་)ཁོང་གཉིས་ཀྱིས་སྐད་བཏོན་ཏེ། (ཡེ་ཤུ་འོ་ལམ་ལས་བྱས་ཏེ་འོངས་པ་རྒྱུས་འབྱོར་ཏེ་ཁོང་གཉིས་ཀྱིས་སྐད་བཏོན་ཏེ།) ཨོ་དཔོན་པོ། ཨོ་ད་བིད་བརྒྱུད་པའི་སྲས་པོ། ངེད་ལ་སྙིང་རྗེ་བྱེད་ཏོང་། སྨྲས་ཏེ། ༣༡ མི་ཡ་གིས་ཁོང་གཉིས་ལ་བཀའ་སྒྱུར་བཏང་སྟེ། ཁ་བཙུམ་སྡོད། སྨྲས་ཏེ། ཡིན་ནས་ཁོང་གཉིས་ཀྱིས་ད་རུང་སྐད་ཆེན་པོ་བཏོན་ཏེ། ཨོ་དཔོན་པོ། ཨོ་ད་བིད་བརྒྱུད་པའི་སྲས་པོ། ངེད་ལ་སྙིང་རྗེ་བྱེད་ཏོང་། སྨྲས་ཏེ། ༣༢ ཡེ་ཤུ་འཐེན་བྱས་ཏེ་ཁོང་གཉིས་ལ་སྐད་བརྒྱབ་སྟེ། སྨྲ་དོང་། ངས་ཁྱེད་གཉིས་ལ་ཅི་རོགས་བྱེད་དགོས་མཁན། སྨྲས་ཏེ། ༣༣ དཔོན་པོ། ངེད་ཀྱི་མིག་གིས་མཐོང་ཁུག་འཇུག སྨྲས་ཏེ། ༣༤ ཡེ་ཤུའི་སེམས་ལ་སྙིང་བརྩེ་སྐྱེས་ཏེ་ཁོང་གཉིས་ཀྱི་མིག་ལ་རེག་ཟིན། རེག་ལོང་མེད་པ་རང་ཁོང་གཉིས་ཀའི་མིག་གིས་མཐོང་ཁུག་མཁན་འགྲོ་ཟིན། དེ་ནས་ཡེ་ཤུའི་རྗེས་བསྙེགས་ཏེ་འགྲོ་ཟིན།། །།