༡ ཉེ་གནས་བཅུ་གཉིས་ལ་སྐད་པ་བཏོན་ཚར་ཏེ་འགབ་ལས་ཡེ་ཤུ་བ་ག་ལིལ་ལུང་པའི་གྲོང་དང་ཡུལ་ཡ་ལ་ཕྱིན་ཏེ་མི་ཡ་ལ་ཁྲིད་འདེབས་ཟིན་དང་། ལོན་བཟང་ཤོད་ཟིན།།
ཡུ་ཧ་ནན་གྱིས་ཡེ་ཤུ་བའི་དོན་དག་ལ་སྐད་ཆ་འདྲི་ཅེས་ལ་བཏང་བ།
༢ ཡུ་ཧ་ནན་གྱིས་ནི་བཙོན་ཁང་ལ་ཡོད་མཁན་གང་ལ་དབང་སྐུར་ཐོབ་པས་བྱས་པའི་ལས་ཀ་ཡ་གི་དོན་དག་ལ་ཐོས་ཟིན། འོ་ལས་རང་གི་ཉེ་གནས་ཡ་ལ་འདི་སྐད་ཆ་འདྲི་ཅེས་ལ་ཡེ་ཤུ་བའི་རྩར་ལ་གཏོང་རྫོང་ཟིན། ༣ ངེད་ཀྱིས་བསྒུགས་ཏེ་བསྡད་པའི་འོང་མཁན་དེ་རང་རང་ཡིན་པ་ནི་ངེད་ཀྱིས་མི་གཞན་པ་ལ་བསྒུགས་ཏེ་སྡོད་དགོས་མཁན། སྨྲས་ཏེ་ཡུ་ཧ་ནན་གྱིས་འདྲི་ཅེས་ལ་གཏོང་རྫོང་ཟིན། ༤ འོ་ལས་ཡེ་ཤུ་བས་ཁོང་ལ་སྒྲ་གསལ་ཟིན། ཁྱེད་ཀྱིས་འདི་ལ་ཅི་ཅི་ཐོས་པ། མཐོང་བ། འོ་དེ་ཡུ་ཧ་ནན་གྱི་རྩར་ལ་ལོག་ཕྱིན་ཏེ་ཤོད་ཏོང་། ༥ མིག་མི་མཐོང་མཁན་ཡ་གིས་མིག་མཐོང་གོ་ནུ། རྐང་པ་ལག་པ་ཤོར་བའི་མི་ལངས་ཏེ་འགྲོ་འོ་ནུ། མཛེ་ཐོན་པ་ཡ་ལ་དྲག་འོ་ནུ། རྣ་མཆོག་མི་ཐོས་མཁན་ཡ་ཐོས་འོ་ནུ། ཤི་བའི་མི་ཡ་གསོན་པོར་ལང་གོ་ནུ། འོ་ལས་སྤྲང་པོ་ཡ་གིས་ལོན་བཟང་ལ་ཉན་མྱོང་གོ་ནུ། ༦ ང་ལ་དད་པ་མི་ལོག་མཁན་གྱི་མི་སེམས་བདེ་པོ་ཡིན་པ། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
༧ ཡུ་ཧ་ནན་གྱི་ཉེ་གནས་ཡ་ཕྱིན་ཏེ་འགབ་ལས་ཡེ་ཤུ་བས་མི་ཡ་ལ་ཡུ་ཧ་ནན་གྱི་དོན་དག་ལ་སྐད་ཆ་སྒྲ་གསལ་ཟིན། ཁྱེད་རི་སྐམ་པོ་ལ་ཅི་ལྟ་ཕྱིན་པ། ལྷག་པས་གཡོ་མཁན་གྱི་སྙུག་མ་ཡ་ལ། ༨ འདི་མིན་ན་ཅི་གཞན་པ་ལྟ་ཕྱིན་པ། ཡག་པོ་ཡག་པོའི་བཀབ་ཆ་གྱོན་པའི་མི་ལ་ལྟ་ཕྱིན་པ། མིན་པ། གོས་ཆེན་གྱི་བཀབ་ཆ་གྱོན་མཁན་གྱི་མི་ཡ་ནི་རྒྱལ་ཁང་ལ་ག་སྡོད་མཁན། ༩ བདེན་པར་རང་སྨྲ་དོང་། ཁྱེད་ཅི་ལྟ་ཕྱིན་པ། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ལ་ལྟ་ཕྱིན་པ་ཡིན་པས། ༼ཡིན་ནམ།༽ སྨྲ་ཅེས་རང་སྨྲ་ན་ནི་ཁྱེད་ཀྱིས་སྐད་ཆ་ཤོད་མཁན་སྨྲས་ཏེ་ཡང་མི་ཆེན་པོ་ཞིག་(ལས་ཀྱང་མི་ཆེ་བ་ཞིག་)མཐོང་བ། ༡༠ ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་པའི་འདི་སྐད་ཆ་ཧ་གོ་དོང་།
ལྟོས་ཨ། ཁྱོད་ཀྱི་གདོང་ལ་ངའི་ལོན་སྐྱེལ་མཁན་གྱི་མི་སྣ་གཅིག་གཏོང་ཅེས་ཡོད།།
འོ་ལས་ཁོས་ཁྱོད་ཀྱི་འགྲོ་དགོས་མཁན་གྱི་ལམ་སེལ་ཅེས་ཡོད། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ།།
སྨྲས་ཏེ་བྲིས་བཞག་པའི་སྐད་ཆ་ཧ་གོ་དོང་།།
༡༡ ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །འཛམ་བུ་གླིང་ལ་གང་ཡོད་མཁན་གྱི་མི་གང་པོའི་ནང་ལ་ཡུ་ཧ་ནན་སྨྲས་ཏེ་མི་ཆེན་པོ་(ལས་མི་ཆེ་བ་)སུ་ཡང་མེད་པ། ཡིན་ནས། ནམ་མཁའི་རྒྱལ་སྲིད་དེ་ལ་གང་པོ་རང་སྨྲས་ཏེ་(ལས་)མི་ཆད་མ་དེ་ཡང་ཡུ་ཧ་ནན་སྨྲས་ཏེ་ཆེན་པོ་(ལས་ཆེ་བ་)འོང་མཁན། ༡༢ ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་དུས་ཚོད་ཡིན་འཇུག་ད་ལྟ་ཐུག་ནམ་མཁའི་རྒྱལ་སྲིད་འབྱིང་བཅས་ཏེ་འོང་ཟིན། འོ་ལས་འདི་ཁྲིམས་ལ་དགྲ་བྱེད་མཁན་གྱི་མི་ཡ་གིས་འཕྲོག་བྱས་ཏེ་རྒྱལ་ཅེས་འཚོལ་མཁན་རང་ཡོད། ༡༣ ཡུ་ཧ་ནན་གྱིས་ཁྲུས་གསོལ་སྟེར་མཁན་གྱི་དུས་ཚོད་ཐུག་བཀའ་ཁྲིམས་ལ་མོ་ཤེས། འོ་ལས་ཨལ་གྱི་སྐད་ཆ་ཤོད་མཁན་གཞན་པ་གང་པོས་རང་འདི་སྐད་ཆ་ཡ་གི་དོན་དག་ལ་རང་སྐད་ཆ་སྔོན་ནས་ཤེས་ཏེ་བྲིས་བཞག་སྟེ་ཡོད་མཁན། ༡༤ འོ་ལས་ཁྱེད་ཀྱིས་ཡིད་ཆེས་ན་ཡང་། མི་ཆེས་ན་ཡང་། ཨལ་ལ་ཡ་ཅོག་འདྲ་ཨལ་གྱི་སྐད་ཆ་ཤོད་མཁན་ཆེན་པོ་ཞིག་འཐོན་འོང་ཅེས་ཡོད་སྨྲས་ཏེ་ཁོང་ཡ་གིས་སྔོན་ནས་ཤེས་ཏེ་སྨྲས་བཞག་པའི་སྐད་ཆ་ཡུ་ཧ་ནན་ལ་འགྲིག་མཁན། འོ་སྐད་ཆ་ཤོད་མཁན་ཆེན་པོ་དེ་ཡུ་ཧ་ནན་རང་ཡིན་པ། ༡༥ ཨེ་མི་གང་པོ། ངའི་འདེབས་མཁན་གྱི་ཁྲིད་ཡ་ལ་ཉན་གོ་ཞོག །
༡༦ འདིའི་བར་དཀྱིལ་གྱི་མི་ཡ་ལ་ངས་ཅི་དཔེ་ལ་འཇོག་ཅེས། ཁོང་ཁྲོམ་གྱི་གནས་ས་ཡ་ལ་བསྡད་དེ་རང་གི་རོགས་ཡ་མཉམ་པོ་སྐད་ཆ་སྨྲས་སྡོད་མཁན་གྱི་བུ་ཚ་ཡ་ཅོག་འདྲ་ནུ།
༡༧ ངེད་ཀྱིས་ཁྱེད་ལ་གླིང་བུ་ཕུས་སྟེར་ཟིན།།
ཁྱེད་ནི་འཆམ་ཡང་མི་འཆམ་པས།།
ངེད་ཀྱི་སྡུག་བསྔལ་ཆེན་པོ་ཞིག་བྱས་པ་ཅོག་འདྲ་བྱས་ཏེ་ངུ་ཟིན།།
ཁྱེད་ནི་མི་ངུ་བས།།
༼སྨྲས་ཏེ་བུ་ཚ་ཡ་གིས་རྩེད་མོ་རྩེ་མཁན་མི་འདུག །འདིའི་བར་དཀྱིལ་གྱི་མི་ཡ་ཡང་འོ་བུ་ཚ་ཡ་ཅོག་འདྲ་རང་ནུ།༽ ༡༨ ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་ནི་སྨྱུང་གནས་ཀྱང་སྡོད་ཟིན། རྒུན་ཆང་ཡང་མ་འཐུངས་བར་བྱས་ཏེ་སྡོད་ཟིན། འོ་ལས་མི་ཡ་གིས་ཁོ་ལ་འདྲེ་ཞུགས་པའི་མི་སྨྲ་ཟིན། ༡༩ འོ་ལས་མིའི་བུ་འོངས་ཏེ་ཟ་མཁན། འཐུང་མཁན། འོ་ལས་མི་ཡ་གིས། འདི་ནི་ཆང་བཟི་བ་དང་མར་ཧབ་བྱས་ཏེ་ཟ་མཁན་དེ་ཡིན་པ་ནུ། ཤོ་གམ་སྡུད་མཁན་དང་ངོ་ལོག་པ་གཞན་པ་མཉམ་པོ་ཡང་འཆམ་གོ་ནུ། སྨྲས་ཏེ་སྨྲ་འོ་ནུ། ཡིན་ནས། ཨལ་ལོ་ཧིམ་ལས་རིག་ཤེས་འབྱོར་མཁན་གྱི་མིས་བྱས་པའི་ལས་ཀ་ཡ་གིས་རང་། ཨལ་ལོ་ཧིམ་གྱི་རིག་ཤེས་རྩིས་ཆེན་ཡིན་སྨྲས་ཏེ་སྒྲ་གསལ་མཁན་ཡིན་པ། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
ཡིད་མི་ཆེས་མཁན་གྱི་མི་ཡ་གི་གནས་སྐབས།
༢༠ ཡེ་ཤུ་བས་གྲོང་གཞན་པ་ཡ་ལ་སྨྲས་ཏེ་(ལས་)ག་ལིལ་ལུང་པ་ལ་ཡོད་མཁན་གྱི་ཀོ་ར་ཟིན་དང་བེད་ཙ་ཡི་དྰ་དང་ཀ་ཕར་ན་ཧུམ་གྲོང་གསུམ་ལ་ལས་ཀ་ཡ་མཚན་པ་མང་པོ་རང་བྱས་ཏེ་ཡོད་མཁན། འོ་ལས་འོ་གྲོང་གསུམ་གྱི་མི་ཡ་གིས་བཤགས་པ་མ་བྱས་པ། ངོ་ལོག་གི་ལས་ཀ་ཡ་མ་སྤངས་པ་སོང་བས་ཡེ་ཤུ་བས་འོ་གྲོང་གསུམ་གྱི་མི་ཡ་ལ་འཇིགས་དངང་ངོས་དེ་འདི་ཅོག་འདྲ་སྨྲས་ཏེ་ཁྲིད་འདེབས་ཟིན།།
༢༡ ཨེ་ཀོ་ར་ཟིན་དང་བེད་ཙ་ཡི་དྰ་གྲོང་གི་མི་ཡ། ཁྱེད་ཀྱིས་འཇིགས་པོ་རང་སྡུག་པོ་འཁུར་དགོས་ཅེས་ཡོད། ཁྱེད་ཀྱིས་མཐོང་བའི་ལས་ཀ་ཡ་མཚན་པ་ཡ་དེ་༼བརྒྱུད་པ་གཞན་པའི་ལུང་པ་ལ་བློ་འགེལ་མཁན་གྱི་༽ ཚོར་དང་ཚི་དོན་གྲོང་ལ་བྱས་པ་ཡིན་ན་ནི། འོ་གྲོང་གི་མི་ཡ་གིས་བཤགས་པ་བྱས་ཏེ་ངོ་ལོག་སྤོང་ཅེས་ཡོད་མཁན། འོ་ལས་༼བཤགས་པ་བྱས་པ་ཡིན་སྨྲས་ཏེ་སྟོན་ཅེས་ལ་༽ཕད་ཙི་གྱོན་ཏེ་མགོ་ལ་ཐལ་བ་སྐུད་ཅེས་ཡོད་མཁན། ༢༢ ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །ཁྲིམས་གཏོང་མཁན་གྱི་ཉི་མ་ནི་ཁྱེད་ཡ་ལ་སྨྲས་ཏེ་(ལས་)ཨལ་ལོ་ཧིམ་གྱིས་ཚོར་དང་ཚི་དོན་གྲོང་གི་མི་ཡ་ལ་ག་སྙིང་རྗེ་མཐོང་ཅེས་ཡོད། ༢༣ ཨེ་ཀ་ཕར་ན་ཧུམ་གྲོང་གི་མི་ཡ། ཁྱེད་རང་གི་རང་ནམ་མཁའ་ལ་སླེབ་ཁུག་མཁན་སྨྲས་ཏེ་སེམས་ལ་གནས་འོ་ནུ་བས། ༼ནུ་འམ།༽ ད་རུང་ཁྱེད་ནི་དམྱལ་བ་ལ་ག་ཆུད་ཅེས་ཡོད། ཁྱེད་ཀྱི་མདུན་ལ་བསྟན་པའི་ལས་ཀ་ཡ་མཚན་པ་ཡ་༼མི་ངན་པ་གང་བའི་༽ས་དོམ་གྲོང་གི་མི་ཡ་གི་མདུན་ལ་བསྟན་པ་ཡིན་ན་ནི་འོ་གྲོང་ད་ལྟ་ཐུག་ལུས་ཅེས་ཡོད་མཁན། ༢༤ ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །ཁྲིམས་གཏོང་མཁན་གྱི་ཉི་མ་ནི་ཁྱེད་ཡ་ལ་སྨྲས་ཏེ་(ལས་)ཨལ་ལོ་ཧིམ་གྱིས་ས་དོམ་གྲོང་གི་མི་ཡ་ལ་ག་སྙིང་རྗེ་མཐོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
ཡེ་ཤུ་བས་ཨ་ཕ་ལ་གསོལ་བ་བཏབ་པ། འོ་ལས་ངལ་ཆད་པ་ཡ་ལ་ངའི་རྩར་ལ་ཤོག་སྨྲས་པ།
༢༥ འོ་ལས་ཡེ་ཤུ་བས་གཉིས་པར་སྨྲ་ཟིན། ཨོ་ཨ་ཕ། ནམ་མཁའ་དང་འཛམ་བུ་གླིང་གི་བདག་པོ་ཡིན་པ། ཆོས་མང་པོ་རང་དྲག་པ་དང་རིག་ཤེས་ཆེན་པོ་ཡོད་མཁན་གྱི་མི་ཡ་གིས་ངོ་ཤེས་མི་ཁུག་མཁན་གྱི་སྐད་ཆ་ཁྱོད་ཀྱིས་ཅི་ཡང་མི་ཤེས་མཁན་གྱི་མི་ཡ་ལ་ངོ་ཤེས་བཅུག་པ་སོང་བས་ངས་ཨ་ཕ་ལ་འུར་ཆེ་སྟེར་མཁན། ༢༦ ཨ་ཕའི་སེམས་ལ་འདི་ཅོག་འདྲ་རང་བྱེད་མཁན་སྨྲས་ཏེ་སྐྱེ་ཟིན་ནུ། ༢༧ ཨ་ཕས་ང་ལ་གང་པོ་རང་གི་དོན་དག་ལ་དབང་ཆ་བསྟེར་ཏེ་ཡོད་པ། འོ་ལས་ཨ་ཕ་གཅིག་གིས་མིན་པ། སུ་གཞན་པས་ཀྱང་བུ་ལ་ངོ་མི་ཤེས་མཁན། འོ་ཅོག་འདྲ་རང་། བུས་མིན་པ། སུ་གཞན་པས་ཀྱང་ཨ་ཕ་ལ་ངོ་མི་ཤེས་མཁན། ཡིན་ནས་བུས་ངོ་ཤེས་གཏོང་བཅུག་པ་ཡ་གིས་དེ་ཨ་ཕ་ལ་ངོ་ཤེས་མཁན། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
༢༨ ཨེ་ཁུར་པོ་ལྕི་པོ་ཁུར་ཏེ་ངལ་ཆད་པའི་མི་ཡ། ངའི་རྩར་ལ་ཤོག །ངས་ཁྱེད་ལ་ཁུར་པོ་ཕབ་སྟེ་ངལ་གསོ་འཇུག་མཁན། ༢༩ རྨོ་མཁན་གྱི་གླང་གོག་གི་གཉའ་ཤིང་གི་འོག་ལ་ཆུམ་སྟེ་སྡོད་མཁན་(གཉའ་ཤིང་གི་ཁུར་པོའི་འོག་ལ་སྡོད་མཁན་)ཅོག་འདྲ་རང་ཁྱེད་ངའི་དབང་ལ་ཆུམ་སྟེ་སྡོད་ཏོང་། (ངའི་ཁུར་པོའི་འོག་ལ་སྡོད་ཏོང་།) ང་ལ་དཔེ་བལྟས་ཏེ་སློབ་ཏོང་། ངས་ཁྱེད་ལ་ཞི་བ་བྱས་ཏེ་བསླབས་སྟེར་མཁན། ངས་ཁྱེད་ལ་མི་ནོན་མཁན། ངས་ཁྱེད་ལ་བློ་བདེ་པོ་འོང་འཇུག་མཁན། ༣༠ ངའི་འགེལ་མཁན་གྱི་གཉའ་ཤིང་ལྷོད་བདེ་པོ་འོང་མཁན། ངའི་འགེལ་མཁན་གྱི་ཁུར་པོ་ཡང་པོ་རང་འོང་མཁན། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།། །།