ས་ཏན་གྱིས་ཡེ་ཤུ་ལ་ཉམས་དཔྱད་པ།
༡ འོའི་འགབ་ལས་(འོའི་རྗེས་ལ་)བདུད་ཀྱིས་ཡེ་ཤུ་ལ་ཉམས་དཔྱོད་འཇུག་སྨྲས་ཏེ་(ཉམས་དཔྱོད་ཅེས་ལ་ ། ཉམས་དཔྱོད་པ་ལ་)རྣམ་པར་དག་པའི་ཐུགས་ཀྱིས་ཡེ་ཤུ་ལ་རི་སྐམ་པོ་ལ་(དབེན་སྟོང་ལ་)ཁྱེར་ཟིན། ༢ རི་སྐམ་པོ་ལ་ཡེ་ཤུ་ཉི་མ་བཞི་བཅུ་དང་དགོང་མོ་བཞི་བཅུ་༼ཉི་མ་ཁལ་གཉིས་དང་དགོང་མོ་ཁལ་གཉིས་༽ཅི་ཡང་མ་བཟས་པ་བྱས་ཏེ་སྡོད་མཁན་གང་ལ་འཇིགས་པོར་ལྟོགས་ཟིན། ༣ འོ་ཙམ་ལ་ཉམས་དཔྱོད་མཁན་དེ་ཡེ་ཤུའི་རྩར་ལ་འོངས་ཏེ་སྨྲ་ཟིན། བདེན་པར་ཁྱོད་ཨལ་ལོ་ཧིམ་གྱི་བུ་ཡིན་ན་འདི་རྡོ་ཡ་ལ་འཁུར་བ་འགྲོ་འཇུག་སྨྲས་ཏེ་(འགྲོ་བ་ལ་)སྨྲ་དོང་། སྨྲས་ཏེ་བདུད་ཀྱིས་སྨྲ་ཟིན། ༤ ཡིན་ནས་ཡེ་ཤུས་སྨྲ་ཟིན། ལྟོ་ཆས་གཅིག་གིས་རང་མི་ཐར་མཁན་མིན་པ། ཡ་ཝྰེས་ཁ་ནས་སྨྲས་པའི་བཀའ་རེ་རེས་རང་ཐར་མཁན། སྨྲས་ཏེ་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་ཏེ་ཡོད་པ། སྨྲས་ཏེ་སྨྲ་ཟིན།། (སྨྲས་ཏེ།།)
༥ འོ་ལས་བདུད་ཀྱིས་ཡེ་ཤུ་ལ་རྣམ་པར་དག་པའི་ཡ་རུ་ཤ་ལེམ་སྨྲ་མཁན་གྱི་རྒྱལ་ས་ལ་ཁྱེར་ཏེ་ཡ་ཧུ་དྰ་པའི་མཆོད་ཁང་གི་ཐོག་ཤོས་ཀྱི་ས་ཆ་ལ་སྡོད་བཅུག་སྟེ་སྨྲ་ཟིན། ༦ བདེན་པར་ཁྱོད་ཨལ་ལོ་ཧིམ་གྱི་བུ་ཡིན་ན་འདི་ལས་མར་མཆོང་དོང་། ཅི་ལས་སྨྲ་ན། ཨལ་ལོ་ཧིམ་གྱིས་ཁྱོད་ཀྱི་དོན་དག་ལ་ཁོའི་ལོན་སྐྱེལ་མཁན་ཡ་ལ་གཏོང་ཅེས་ཡོད། དེ་ནས་ཁྱོད་ཀྱི་རྐང་པ་རྡོ་ལ་མ་འཕོག་འཇུག་སྨྲས་ཏེ་(མ་འཕོག་པ་ལ་)ཁོང་གིས་ཁྱོད་ལ་ལག་པ་ལག་པ་ལ་འཛིན་ཅེས་ཡོད། སྨྲས་ཏེ་གསུང་རབ་ལ་བྲིས་ཏེ་ཡོད་པ། སྨྲས་ཏེ་བདུད་ཀྱིས་སྨྲ་ཟིན། ༧ ཡེ་ཤུས་ཁོ་ལ་སྨྲ་ཟིན། ཡ་ཧུ་དྰ་པའི་གསུང་རབ་ལ་འདི་ཅོག་འདྲ་ཡང་བྲིས་ཏེ་ཡོད་པ། ཁྱོད་ཀྱིས་ཡ་ཝྰེ་རང་གི་ཨལ་ལོ་ཧིམ་ལ་ཉམས་དཔྱོད་མ་བྱེད། སྨྲས་ཏེ་ཡེ་ཤུས་ལན་རྒྱབ་ཟིན།།
༨ དེ་ནས་གཉིས་པར་བདུད་ཀྱིས་ཡེ་ཤུ་ལ་རི་མཐོན་པོ་གཅིག་ལ་ཁྱེར་ཏེ་འཛམ་བུ་གླིང་གི་རྒྱལ་སྲིད་རྒྱལ་སྲིད་ཀྱི་དཔལ་གང་པོ་བསྟན་ཏེ་སྨྲ་ཟིན། ༩ ཁྱོད་ཀྱིས་པུས་མོ་བཙུགས་ཏེ་ང་ལ་མཇལ་ན་འདི་གང་པོ་ངས་ཁྱོད་རང་ལ་སྟེར་མཁན། སྨྲས་ཏེ་ཁོས་སྨྲ་ཟིན། ༡༠ འོ་ཙམ་ལ་ཡེ་ཤུས་སྨྲ་ཟིན། ཨེ་ས་ཏན། འདི་ལས་སོང་། ཅི་ལས་སྨྲ་ན་ཡ་ཧུ་དྰ་པའི་གསུང་རབ་ལ་འདི་ཅོག་འདྲ་བྲིས་ཏེ་ཡོད་པ། ཁྱོད་ཀྱིས་ཡ་ཝྰེ་རང་གི་ཨལ་ལོ་ཧིམ་གཅིག་ལ་མཇལ་དོང་། ཡ་ཝྰེ་གཅིག་ལ་ཞབས་ཕྱི་ཞུ་དོང་། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།
༡༡ འོ་ཙམ་བྱེད་ཟིན་ཏེ་འགབ་ལས་བདུད་ཀྱིས་ཡེ་ཤུ་ལ་དབྱུགས་བཞག་སྟེ་འགྲོ་ཟིན། དེ་ནས་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་ཡ་འོངས་ཏེ་ཡེ་ཤུ་ལ་ཞབས་ཕྱི་ཞུ་ཟིན།།
ཡེ་ཤུས་རང་གི་ལས་ཀ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགོ་བཙུགས་པ།
༡༢ ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་བཙོན་ཁང་ལ་ཆུད་ནུ་སྨྲས་ཏེ་ཐོས་ཏེ་འགབ་ལས་ཡེ་ཤུ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགྲོ་ཟིན། (ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་བཙོན་ཁང་ལ་ཆུད་ཟིན་ནུ་སྨྲ་མཁན་གྱི་སྐད་ཆ་ཐོས་ཏེ་ཡེ་ཤུ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགྲོ་ཟིན།) ༡༣ ཡིན་ནས་༼རང་ཚར་བའི་༽ན་ཟ་རེ་ཡུལ་ཆད་མ་ལ་མིན་པ། ཀ་ཕར་ན་ཧུམ་ཡུལ་ཆེན་པོ་ལ་སྡོད་ཅེས་ལ་འགྲོ་ཟིན། ཀ་ཕར་ན་ཧུམ་ཡུལ་ཆེན་པོ་དེ་ཟ་བུ་ལོན་དང་ནབ་ཏ་ལི་ས་གནས་ཀྱི་མཚོའི་ཟུར་ལ་ཡོད་མཁན། ༡༤ འོ་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཨི་སི་ཡས་སྔོན་ལ་ཤེས་ཏེ་(གདོང་ལ་ཤེས་ཏེ་)སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོང་ཟིན།
༡༥ ཨེ་ཡོར་དན་གཙང་པོའི་ཕར་ཀན་མཚོའི་ཟུར་ལ་སྡོད་མཁན་གྱི་ཟ་བུ་ལོན་དང་ནབ་ཏ་ལི་ས་གནས་ཀྱི་མི་ཡ།།
ཁྱེད་ག་ལིལ་ས་གནས་ལ་སྡོད་མཁན་གྱི་བརྒྱུད་པ་གཞན་པའི་མི་ཡ།།
༡༦ ནག་ཁུང་ལ་སྡོད་མཁན་གྱི་མི་ཡ་གིས་འོད་ཆེན་པོ་ཞིག་ལ་མཐོང་ཅེས་ཡོད།།
འཆི་མཁན་གྱི་འཇིགས་པ་འཁྱེར་མཁན་དང་ནག་ཁུང་ལ་སྡོད་མཁན་གྱི་མི་ཡ་གི་ཐོག་ལ་འོད་ཆེན་པོ་ཞིག་འཐེབས་ཅེས་ཡོད།།
སྨྲས་ཏེ་སྔོན་ལ་ཤེས་ཏེ་(གདོང་ལ་ཤེས་ཏེ་)སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།།
༡༧ འོ་ཉི་མ་ཡིན་འཇུག་ཡེ་ཤུས་འདི་ཅོག་འདྲ་སྨྲས་ཏེ་ཤོད་ཅེས་འགོ་འཛུགས་ཟིན། སེམས་ཀྱིས་བཤགས་པ་བྱས་ཏེ་ངོ་ལོག་སྤོང་དོང་། ད་ནི་ཨལ་ལོ་ཧིམ་གྱིས་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན། ༼ད་ནི་ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན།༽ སྨྲས་ཏེ་ཤོད་ཅེས་འཛུགས་ཟིན།།
ཡེ་ཤུས་ཉ་འཛིན་མཁན་གྱི་མི་ཡ་ལ་སྐད་བརྒྱབ་སྟེ་རང་གི་ཉེ་གནས་བཟོས་པ།
༡༨ དེ་ནས་ག་ལིལ་སྨྲ་མཁན་གྱི་མཚོའི་ཟུར་ཟུར་ལ་འགྲོ་མཁན་གང་ལ་ཡེ་ཤུས་ཉ་འཛིན་མཁན་གྱི་མི་གཉིས་ཆུ་ལ་དྲ་བ་༼ཉ་འཛིན་མཁན་གྱི་བྱད་ལག་༽གཡུགས་སྡོད་མཁན་མཐོང་ཟིན། ཁོང་པེ་ཏྲོ་སྨྲ་མཁན་གྱི་སི་མོན་དང་ཁོའི་འོག་མ་(ནོ་)ཨན་དྲེ་ཡྰ་སྨྲ་མཁན་དེ་ཡིན་མཁན། ༡༩ དེ་ནས་ཡེ་ཤུས་ཁོང་གཉིས་ལ་སྨྲ་ཟིན། ངའི་རྗེས་བསྙེགས་ཏེ་ཤོག ངས་ཁྱེད་ལ་མི་ལ་འཛིན་མཁན་གྱི་ཉ་པ་བཟོ་ཅེས་ཡོད། ༢༠ འདི་ཐོས་ལོང་མེད་པ་ཁོང་གཉིས་ཀྱིས་རང་གི་དྲ་བ་ཡ་ལ་འོ་ལ་རང་དབྱུགས་བཞག་སྟེ་ཡེ་ཤུའི་རྗེས་བསྙེགས་ཏེ་འགྲོ་ཟིན།།
༢༡ འོ་ལས་འགྲོ་འགྲོ་མཁན་གང་ལ་ཡེ་ཤུས་ཟེ་བད་ཡྰ་སྨྲ་མཁན་གྱི་མིའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན་ལ་མཐོང་ཟིན། ཁོང་གཉིས་ཨ་ཕ་མཉམ་པོ་གྲུ་ལ་བསྡད་དེ་དྲ་བ་གླན་ཏེ་བསྡད་པ་མཐོང་ཟིན། དེ་ནས་ཡེ་ཤུས་ཁོང་སྤུན་གཉིས་ལ་ཡང་སྐད་རྒྱབ་ཟིན། ༢༢ ཡེ་ཤུས་སྐད་རྒྱབ་ལོང་མེད་པ་ཁོང་གཉིས་ཀྱི་ཨ་ཕ་ལ་གྲུ་ལ་རང་དབྱུགས་བཞག་སྟེ་ཡེ་ཤུའི་རྗེས་བསྙེགས་ཏེ་འགྲོ་ཟིན།།
ཡེ་ཤུས་ཁྲིད་བཏབ་སྟེ་(བསླབས་ཏེ་)ནད་པ་ཡ་ལ་དྲག་བཅུག་པ།
༢༣ འོ་ལས་ཡེ་ཤུས་ག་ལིལ་ས་གནས་ལ་ས་ཆ་ས་ཆ་ལ་སྐོར་བ་བརྒྱབ་སྟེ་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཕྱིན་ཏེ་ཁྲིད་བཏབ་སྟེ་(བསླབས་ཏེ་)ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་ལོན་བཟང་ཤོད་ཟིན། སྣ་མང་པོའི་ན་ཚ་བརྒྱབ་པའི་མི་ཡ་ལ་དྲག་འཇུག་ཟིན། ༢༤ ཡེ་ཤུའི་སྐད་ཆ་ག་ལིལ་ས་གནས་ཀྱི་འགྲམ་ལ་ཡོད་མཁན་གྱི་སིར་ཡྰ་ལུང་པ་ལ་ཡང་འགྲེམ་ཟིན། མི་ཡ་གིས་ཡིན་ཚད་མིན་ཚད་ན་ཚ་བརྒྱབ་པའི་མི་ཡ་ལ་ཡེ་ཤུའི་རྩར་ལ་འཁྱེར་ཟིན། འདྲེ་ཞུགས་པའི་མི་ཡ། མཛེ་ན་ཚ་བརྒྱབ་པའི་མི་ཡ། རྐང་པ་ལག་པ་ཤོར་བའི་མི་ཡ། དེ་ནས་ཡེ་ཤུས་ཁོང་ལ་དྲག་འཇུག་ཟིན། ༢༥ འོ་སོང་བས་མི་མང་པོ་ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན། ག་ལིལ་ས་གནས་ཀྱི་མི། ཡུལ་ཆེན་པོ་བཅུ་སྨྲ་མཁན་གྱི་སའི་མི། ཡ་རུ་ཤ་ལེམ་རྒྱལ་སའི་མི། ཡ་ཧུ་དྰའི་མངའ་སྡེའི་མི། ཡོར་དན་གཙང་པོའི་ཕར་ཀན་གྱི་མི་ཡ་ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན།། །།