མཛེ་ཐོན་པའི་མི་གཅིག་ལ་དྲག་བཅུག་པ།
༡ ཡེ་ཤུ་བ་རི་ལས་མར་འབབ་མཁན་གང་ལ་མི་བུངས་ཆེན་པོ་ཞིག་ཡེ་ཤུ་བའི་རྗེས་བསྙེགས་ཏེ་འོང་ཟིན། ༢ འོ་ལས་མཛེ་ཐོན་པའི་མི་གཅིག་འོངས་ཏེ་ཡེ་ཤུ་བའི་མདུན་ལ་པུས་མོ་བཙུགས་ཏེ། དཔོན་པོ་ལགས། ཁྱོད་ཀྱི་སེམས་ལ་སྐྱེས་ཏེ་ཡོད་ན་ང་ལ་དྲག་འཇུག་ཐུབ་མཁན། སྨྲས་ཏེ་ཞུ་ཟིན། ༣ འོ་ལས་ཡེ་ཤུ་བས་ཁོ་ལ་ལག་པས་རེག་སྟེ། ཁྱོད་དྲག་འཇུག་སྨྲས་ཏེ་ངའི་སེམས་ལ་སྐྱེས་ཏེ་ཡོད་པ། ཁྱོད་ཀྱི་སེམས་ལ་སྐྱེ་མཁན་དེ་རང་འོང་ཆུག །སྨྲས་ཏེ་སྨྲ་ལོང་མེད་པ་རང་འོ་མི་དྲག་ཟིན། ༤ འོ་ལས་ཡེ་ཤུ་བས་ཁོ་ལ་སྐུལ་ཟིན། འདི་སྐད་ཆ་སུ་ལ་ཡང་མ་ཤོད། ཡིན་ནས། མཆོད་ཁྲི་བྱེད་མཁན་གྱི་ལེ་ཝིའི་རྩར་ལ་ཕྱིན་ཏེ་ལྟ་འཇུག་དོང་། འོ་ལས་མོ་ཤེས་མཛེ་དྲག་སྟེ་འགབ་ལས་སྟེར་ཏོང་སྨྲས་ཏེ་སྨྲས་བཞག་པའི་རྫས་ཡ་སྟེར་ཏོང་། འོ་ལས་ཁྱོད་དྲག་ཟིན་ནུ་སྨྲ་མཁན་དེ་མི་ཡ་གིས་ངོ་ཤེས་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
ཀ་ཕར་ན་ཧུམ་ལ་སྡོད་མཁན་གྱི་རོ་མ་པ་དམག་མི་ཡ་གི་བརྒྱ་དཔོན་གྱིས་མོས་པ་ཆེན་པོ་བྱས་པ།
༥ ཡེ་ཤུ་བ་ཀ་ཕར་ན་ཧུམ་གྲོང་ལ་སླེབ་མཁན་གང་ལ་རོ་མ་པ་དམག་མི་ཡ་གི་བརྒྱ་དཔོན་གཅིག་འོངས་ཏེ་ཡེ་ཤུ་བ་ལ་ཞུ་བ་འཐེན་ཟིན། ༦ དཔོན་པོ་ལགས། ངའི་གཡོག་པོ་ཉལ་ས་ལ་ཆུད་དེ་ཡོད་པ། ཟུག་ཆེ་རག་ཁྱེར་ཏེ་གཟུགས་པོ་སྒུལ་མི་ཁུག་མཁན་ཕྱིན་ཏེ་ཡོད་པ། སྨྲས་ཏེ་སྨྲ་ཟིན། ༧ འོ་ལས་ཡེ་ཤུ་བས། ང་འོངས་ཏེ་ཁོ་ལ་དྲག་འཇུག་མཁན། སྨྲས་ཏེ་སྨྲ་ཟིན། ༨ འོ་ལས་རོ་མ་པ་དམག་མི་ཡ་གི་བརྒྱ་དཔོན་གྱིས་སྨྲ་ཟིན། ཁྱོད་ཀྱིས་ངའི་ཁང་པ་ལ་འོང་ཅེས་ལ་འོ་བརྒྱལ་བྱེད་མི་དགོས་མཁན། ང་ཁྱོད་ལ་མི་གཤའ་མཁན་གྱི་མི་ཡིན་པ། ཁྱོད་ཀྱིས་བཀའ་གཅིག་རང་གནང་ན་ཡང་ངའི་གཡོག་པོ་དྲག་མཁན། ༩ ང་རང་ཡང་མི་ཆེན་པོའི་དབང་གི་འོག་ལ་སྡོད་ཀོ་ཡོད་པ། ངའི་དབང་གི་འོག་ལ་ཡང་དམག་མི་ཡ་སྡོད་མཁན། ངས་འོག་གི་དམག་མི་ལ་སོང་སྨྲ་ན་འགྲོ་མཁན། ཤོག་སྨྲ་ན་འོང་མཁན། འོ་ལས་རང་གི་གཡོག་པོ་ལ་ཡང་འདི་ཅོག་འདྲ་བྱས་ཏེ་བྱེད་སྨྲ་ན་ཁོས་བྱེད་མཁན། སྨྲས་ཏེ་རོ་མ་པ་བརྒྱ་དཔོན་གྱིས་སྨྲ་ཟིན། ༡༠ འདི་སྐད་ཆ་ཐོས་ཏེ་ཡེ་ཤུ་བ་ཧ་ལས་ཟིན། འོ་ལས་རང་མཉམ་པོ་འོང་མཁན་གྱི་མི་ཡ་ལ་སྨྲ་ཟིན། ངའི་སྐད་ཆ་ལ་ཉན་ཏེ་འཇོག་དོང་། འདི་ཙམ་པ་མོས་པ་ཆེན་པོ་བྱེད་མཁན་གྱི་མི་ངས་ཡིས་ར་ཨལ་པ་ཡ་གི་བར་དཀྱིལ་ལ་ཡང་མཐོང་སྟེ་མེད། ༡༡ ད་ལྟ་ངས་ཁྱེད་ལ་སྨྲ་མཁན། ཤར་དང་ནུབ་ལས་མི་མང་པོ་རང་འོངས་ཏེ་ནམ་མཁའི་རྒྱལ་སྲིད་ལ་ཞུགས་ཏེ་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་མཉམ་པོ་བསྡད་དེ་མགྲོན་པོ་ཟ་ཅེས་ཡོད། ༡༢ ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་འདམས་པའི་ཡིས་ར་ཨལ་གྱི་མི་ཡ་ལ་ནི་ཨལ་ལོ་ཧིམ་གྱིས་ཕྱི་ལ་ནག་ཚུབ་པེའི་ས་ཆ་ལ་སྐྱུར་ཅེས་ཡོད། འོ་ལ་ཁོང་སོ་མུར་ཏེ་མུར་ཏེ་ངུ་སྒྲ་གཏིང་སྒྲ་བྱས་ཏེ་སྡོད་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
༡༣ འོ་ལས་ཚུར་ལོག་སྟེ་རོ་མ་པ་དམག་མི་ཡ་གི་བརྒྱ་དཔོན་ལ་སྨྲ་ཟིན། ད་ཁྱོད་ཀྱི་ཁང་པ་ལ་ལོག་འགྲོ་ན་འོང་མཁན། ཁྱོད་ཀྱིས་སེམས་ལ་གནས་ཏེ་(སེམས་ལ་བསམ་ཏེ་)མོས་པ་བྱས་པ་ཅོག་འདྲ་རང་འོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་ཁོ་ལ་གཏོང་ཟིན། འོ་ལས་འོ་ཙམ་ལ་རང་རོ་མ་པ་བརྒྱ་དཔོན་གྱི་གཡོག་པོ་དྲག་ཟིན་ནུ་བ།།
ཡེ་ཤུ་བས་ནད་པ་ཡ་ལ་དྲག་བཅུག་པ།
༡༤ འོ་ལས་ཡེ་ཤུ་བ་པེ་ཏྲོའི་ཁང་པ་ལ་འོང་མཁན་གང་ལ་པེ་ཏྲོའི་སྒྱུག་མོ་ཚ་བ་སྐྱེས་ཏེ་ཉལ་ས་ལ་ཆུད་དེ་ཡོད་མཁན། ༡༥ འོ་ལས་ཡེ་ཤུ་བས་མོའི་ལག་པ་ལ་བཟུང་སྟེ་འགབ་ལས་མོ་ལ་ཚ་བས་གཏོང་ཟིན། འོ་ལས་མོ་ལངས་ཏེ་ཁོང་ཡ་ལ་མགྲོན་པོ་སྐྱོང་ཟིན།།
༡༦ ནམ་སྲོད་ཅེས་བྱེད་མཁན་གང་ལ་མི་ཡ་གིས་འདྲེ་ཞུགས་པའི་མི་ཡ་ཡེ་ཤུ་བའི་རྩར་ལ་འཁྱོང་ཟིན། འོ་ལས་ཡེ་ཤུ་བས་རང་གི་གནང་བའི་བཀས་བྱས་ཏེ་རང་འདྲེ་ཡ་ལ་བཏོན་ཏེ་གཏོང་ཟིན། འོ་ལས་ནད་པ་གང་པོ་ལ་རང་དྲག་འཇུག་ཟིན། ༡༧ འདི་ཅོག་འདྲ་བྱས་ཏེ་ཨལ་གྱི་སྐད་ཆ་ཤོད་མཁན་ཨི་སི་ཡས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།
མི་རོགས་ཀྱིས་འོ་རང་གི་སྡུག་པོ་དང་ན་ཚ་ཡ་ལ་བླངས་ཏེ་རང་གི་རང་འཁུར་ཟིན།།
སྨྲས་ཏེ་སྨྲས་བཞག་པ་ནུ་བ།།
ཡེ་ཤུ་བས་ཉེ་གནས་ཡ་ལ་ཁོག་པ་མཐོང་བ།
༡༨ འོ་ལས་མི་བུངས་རང་གི་རྩར་ཟུར་ལ་བཅེར་ཏེ་འོང་མཁན་མཐོང་སྟེ་ཡེ་ཤུ་བས་རང་གི་ཉེ་གནས་ཡ་ལ། འགྲོ། ད་ནི་འོ་རང་མཚོའི་ཕར་ཀན་ལྡེབས་ལ་འགྲོ་མཁན། སྨྲས་ཏེ་སྨྲ་ཟིན། ༡༩ འོ་ཙམ་ལ་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་གཅིག་འོངས་ཏེ་ཡེ་ཤུ་བ་ལ། དགེ་རྒན་ལགས། ཁྱོད་ག་ག་ན་འགྲོ་མཁན་ང་ཡང་ཁྱོད་ཀྱི་རྗེས་བསྙེགས་ཏེ་འོང་མཁན། སྨྲས་ཏེ་སྨྲ་ཟིན། ༢༠ འོ་ལས་ཡེ་ཤུ་བས། ཝ་དེ་སྡོད་ཅེས་ལ་ཕུག་པ་ཡོད་པ། བྱ་བྱིའུ་ཡ་དེ་ཚང་ཡོད་པ། མིའི་བུ་ནི་མགོ་འཇོག་ས་ཞིག་ཀྱང་རང་དེ་མེད། སྨྲས་ཏེ་སྨྲ་ཟིན།།
༢༡ འོ་ལས་ཉེ་གནས་གཞན་པ་གཅིག་གིས་ཀྱང་། དཔོན་པོ་ལགས། གདོང་ལ་ང་ལ་རང་གི་ཨ་ཕའི་སྤུར་བདོག་ལོང་སྟེར་ཏོང་། སྨྲས་ཏེ་ཞུ་ཟིན། ༢༢ འོ་ལས་ཡེ་ཤུ་བས། གཤིན་པོ་ཡ་ལ་ཤི་བའི་མི་ཡ་གིས་རང་བདོག་ཆུག །ཁྱོད་ནི་ངའི་རྗེས་བསྙེགས་ཏེ་ཤོག །སྨྲས་ཏེ་སྨྲ་ཟིན།།
ཡེ་ཤུ་བས་ལྷགས་པ་རླུང་བསེབ་ལ་ཙོག་གེ་སྡོད་སྨྲས་ཏེ་བཀའ་གནང་བ།
༢༣ འོ་ལས་ཡེ་ཤུ་བ་གྲུ་ལ་ཞུགས་ཏེ་འགབ་ལས་ཉེ་གནས་ཡ་ཡང་གྲུ་ལ་འཇུག་ཟིན། ༢༤ གྲུ་ལ་འགྲོ་འགྲོ་བ་གང་ལ་ཏོག་ཙམ་ཞིག་ལ་ལྷགས་པ་རླུང་བསེབ་འོངས་ཏེ་ཆུ་ཡ་ཕར་ཚུར་གཡོབས་ཏེ་ཆུ་གྲུའི་ནང་ལ་ཞུགས་ཏེ་ཁོང་ཐིམ་ཅེས་བྱེད་ཟིན། ཡིན་ནས་ཡེ་ཤུ་བ་གཉིད་ལོག་སྟེ་ཡོད་མཁན། ༢༥ འོ་ལས་ཉེ་གནས་ཡ་ཡེ་ཤུ་བའི་འགྲམ་ལ་ཕྱིན་ཏེ་ཡེ་ཤུ་བ་ལ་གཉིད་སད་བཅུག་སྟེ། དཔོན་པོ། ངེད་ལ་ཐར་འཇུག་དོང་། ངེད་ཡ་ནི་འཆི་ཅེས་བྱེད་ཟིན། སྨྲས་ཏེ་ཞུ་ཟིན། ༢༦ འོ་ལས་ཡེ་ཤུ་བས་ཁོང་ཡ་ལ་སྨྲ་ཟིན། ཁྱེད་ཅི་ལས་འདི་ཅོག་འདྲ་བྱས་ཏེ་འཇིགས་མཁན། ག་རེ། ཁྱོད་ཀྱི་དད་པ། འདི་ཙམ་སྨྲས་ཏེ་ཡེ་ཤུ་བ་ལངས་ཏེ་ལྷགས་པ་རླུང་བསེབ་ལ། ཙོག་གེ་སྡོད། སྨྲས་ཏེ་བཀའ་གནང་ཟིན། བཀའ་གནང་ལོང་མེད་པ་ལྷགས་པ་རླུང་བསེབ་ཙོག་གེ་བསྡད་དེ་ཆུ་ཡང་སྙོམ་འགྲོ་ཟིན།
༢༧ འདི་མི་ནི་ག་འདྲ་ཡིན་པ་ནི། ལྷགས་པ་རླུང་བསེབ་དང་ཆུ་ཡིན་འཇུག་གིས་མི་རོགས་ཀྱི་སྨྲས་པའི་བཀའ་ལ་ཉན་གོ་ནུ། སྨྲས་ཏེ་འོ་མི་ཡ་ཧ་ལས་ཟིན།།
མི་གཉིས་ལ་འདྲེ་མང་པོ་ཞུགས་པའི་སྐད་ཆ།
༢༨ ཁོང་ཡ་ཕར་ཀན་ལྡེབས་ཀྱི་ག་ད་ར་ནི་སྨྲ་མཁན་གྱི་མི་ཡ་གི་ཡུལ་ཡ་ལ་སླེབ་མཁན་གྱི་དུས་ལས་འདྲེ་ཞུགས་པའི་མི་གཉིས་རོ་བདོག་མཁན་གྱི་ཕུག་པ་ཡ་ལས་ཐོན་ཏེ་ཡེ་ཤུ་བ་ངོས་ལས་མཆོངས་ཏེ་འོང་ཟིན། ཁོང་གཉིས་ཀྱི་འཇིགས་པས་འོ་ལམ་ལས་སུ་ཡང་མི་འགྲོ་ཡོད་མཁན། ༢༩ འོ་ལས་ཁོང་གཉིས་ཀྱིས་སྐད་བཏོན་ཏེ་སྨྲ་ཟིན། ཡེ་ཤུ་བ་ཨལ་ལོ་ཧིམ་གྱི་སྲས་པོ། ཁྱོད་ཀྱིས་ངེད་ལ་ཅི་བྱེད་ཅེས་བྱས་པ། ཁྲིམས་ལྟ་མཁན་གྱི་ཉི་མ་མ་བསླེབས་པ་ལ་རང་ངེད་ལ་སྡུག་པོ་སྟེར་ཅེས་ལ་འོངས་པ་ཡིན་པས། ༼ཡིན་ནམ།༽ སྨྲས་ཏེ་སྐད་བཏོན་ཏེ་སྨྲ་ཟིན།།
༣༠ འོའི་ཕར་ཙམ་ལ་ཕག་ཁྱུ་གཅིག་སོས་བསྡད་དེ་ཡོད་མཁན། ༣༡ འོ་ལས། ངེད་ལ་འདོན་རང་འདོན་ན་འོ་ཕག་གི་ནང་ལ་འཇུག་འཇུག་དོང་། སྨྲས་ཏེ་འོ་འདྲེ་ཡ་གིས་ཡེ་ཤུ་བ་ལ་རེ་སྟེ་སྨྲ་ཟིན། ༣༢ འོ་ལས་ཡེ་ཤུ་བས། སོང་འོ་ན། སྨྲས་ཏེ་སྨྲ་མཁན་གང་ལ་ནི་འོ་འདྲེ་ཡ་མི་གཉིས་ལས་ཐོན་ཏེ་ཕག་གི་ནང་ལ་ཞུགས་ཏེ། འོ་ལས་ཕག་ཁྱུ་བྲག་ལས་མར་མཆོངས་ཏེ་མཚོ་ལ་ནུབ་སྟེ་འཆི་ཟིན།།
༣༣ འདི་ཅོག་འདྲ་མཐོང་སྟེ་ཕག་རྫི་ཡ་མཆོངས་ཏེ་གྲོང་ལ་ཕྱིན་ཏེ་འདྲེ་ཞུགས་པའི་མི་གཉིས་ཀྱི་སྐད་ཆ་གང་པོ་རང་ཤོད་ཟིན། ༣༤ འོ་ལས་ཡུལ་པ་རང་ལངས་ཏེ་ཡེ་ཤུ་བ་ལ་ཐུག་འོང་ཟིན། ཐུག་སྟེ་ཡུལ་པ་ཡ་གིས་ཡེ་ཤུ་བ་ལ། འདི་ངེད་ཀྱི་ལུང་པ་ལས་ཐོན་ཏེ་འགྲོ་དོང་། སྨྲས་ཏེ་ཞུ་ཟིན།། །།