མད་ཐྰ་ལེའུ་ལྔ་པ།

ཡེ་ཤུས་རི་གཅིག་ལ་བསྡད་དེ་ཁྲིད་བཏབ་པ། (བསླབས་པ།)

༡ མི་བུངས་མང་པོ་འོང་མཁན་མཐོང་སྟེ་འགབ་ལས་ཡེ་ཤུས་རི་གཅིག་ལ་འཛེགས་ཏེ་ས་ལ་སྡོད་ཟིན། ཡེ་ཤུའི་ཉེ་གནས་ཡ་ཡང་རྩར་ཟུར་ལ་སྡོད་འོང་ཟིན། ༢ དེ་ནས་ཡེ་ཤུས་འདི་ཅོག་འདྲ་སྨྲས་ཏེ་ཁྲིད་འདེབས་ཟིན། (སློབ་ཟིན།) 

༣ ཨལ་ལོ་ཧིམ་ལ་རེ་བ་གང་པོ་འཆོལ་མཁན་གྱི་བསམ་བློ་འཁོར་མཁན་ཡ་སེམས་བདེ་པོ་ཡིན་པ།

ཁོང་ནམ་མཁའི་རྒྱལ་སྲིད་ལ་སྡོད་མྱོང་ཅེས་ཡོད།། 

༤ སེམས་ཁྲལ་བྱེད་མཁན་ཡ་སེམས་བདེ་པོ་ཡིན་པ། 

ཨལ་ལོ་ཧིམ་གྱིས་ཁོང་གི་སེམས་ཁྲལ་གྱི་ཁུར་པོ་ཡ་འཁྱེར་ཅེས་ཡོད།།

༥ སྙེམས་ཆུང་བྱེད་མཁན་ཡ་སེམས་བདེ་པོ་ཡིན་པ། 

འཛམ་བུ་གླིང་ཁོང་དེ་འོང་ཅེས་ཡོད།། 

༦ རྩིས་བྱས་ཏེ་དྲང་པོ་འགྲོ་ཅེས་འཚོལ་མཁན་ཡ་སེམས་བདེ་པོ་ཡིན་པ། 

ཁོང་གིས་རྩིས་བྱས་པ་ཅོག་འདྲ་འབྱོར་ཅེས་ཡོད།། 

༧ མི་ལ་སྙིང་རྗེ་བྱེད་མཁན་ཡ་སེམས་བདེ་པོ་ཡིན་པ། 

ཨལ་ལོ་ཧིམ་གྱིས་ཁོང་ལ་ཡང་སྙིང་རྗེ་བྱེད་ཅེས་ཡོད།། 

༨ སེམས་དྲང་པོ་ཡོད་མཁན་ཡ་སེམས་བདེ་པོ་ཡིན་པ། 

ཁོང་གིས་ཨལ་ལོ་ཧིམ་ལ་མཐོང་མྱོང་ཅེས་ཡོད།། 

༩ མི་ཡ་ལ་མཐུན་འཇུག་མཁན་ཡ་སེམས་བདེ་པོ་ཡིན་པ། 

ཁོང་ཨལ་ལོ་ཧིམ་གྱི་བུ་བུ་མོ་སྨྲ་མཁན་དེ་འོང་ཅེས་ཡོད།།

༡༠ རྣམ་པར་དག་པར་བྱས་པ་(ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་པ་)སོང་བས་མིས་སྟེར་མཁན་གྱི་སྡུག་པོ་རྣོག་མཁན་ཡ་སེམས་བདེ་པོ་ཡིན་པ།

ཁོང་ནམ་མཁའི་རྒྱལ་སྲིད་ལ་སྡོད་མྱོང་ཅེས་ཡོད།། 

སྨྲས་ཏེ་ཡེ་ཤུས་ཁོང་ལ་ཁྲིད་འདེབས་ཟིན།། (སློབ་ཟིན།།) 

༡༡ ༼དེ་ནས་གཉིས་པར་(ཡོད་པར་)ཡེ་ཤུས་སྨྲ་ཟིན།༽ ང་ལ་ཡིད་ཆེས་བྱས་པ་(ང་ལ་བློ་འགེལ་བ་)སོང་བས་མི་ཡ་གིས་ཁྱེད་ལ་གཤེ་ཁྲེལ་བྱེད་ཅེས་ཡོད། སྡུག་པོ་སྟེར་ཅེས་ཡོད། ངའི་དོན་དག་གིས་བྱས་ཏེ་ཡིན་ཚད་རང་སྐད་ཆ་བཙོག་པ་ཡ་ཁྱེད་ཀྱི་ཐོག་ལ་འགེལ་ཅེས་ཡོད། ༡༢ འདི་ཅོག་འདྲ་བྱས་ཏེ་སྡུག་པོ་འཁུར་མཁན་ཡ་ག་ཚོད་སེམས་བདེ་པོ། ཁྱེད་དགའ་བ་བྱེད་ཏོང་། ཅི་ལས་སྨྲ་ན་ནམ་མཁའ་ལ་ཁྱེད་ལ་རྔན་པ་ཆེན་པོ་ཞིག་བཞག་སྟེ་ཡོད་པ། ཁྱེད་སྨྲས་ཏེ་གདོང་ལ་(ཁྱེད་ཀྱི་གདོང་ལ་)ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་ལ་ཡང་མི་ཡ་གིས་འདི་ཅོག་འདྲ་བྱས་ཏེ་སྡུག་པོ་བསྟེར་ཏེ་ཡོད་མཁན། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

ཚྭ་དང་འོད་ཀྱི་དཔེ།

༡༣ ༼དེ་ནས་གཉིས་པར་ཡེ་ཤུས་རང་གི་ཉེ་གནས་ཡ་ལ་སྨྲ་ཟིན།༽ ཁྱེད་ནི་འཛམ་བུ་གླིང་གི་མི་ཡ་གི་བར་དཀྱིལ་ལ་ཚྭ་ཅོག་འདྲ་ཡིན། ཡིན་ནས་ཚྭའི་བྲོ་བ་ཡལ་ན་འོ་ཚྭ་ལས་གཉིས་པར་བྲོ་བ་འོང་མི་ཁུག་མཁན་ཨ་ལེ། འོ་ཚྭ་ནི་ཕན་མི་ཐོགས་མཁན་འགྲོ་མཁན། དེ་ནས་བསྐྱུར་ཏེ་མི་ཡ་གི་རྐང་པས་ནོན་མཁན།། 

༡༤ དེ་ནས་གཉིས་པར། ཁྱེད་ནི་འཛམ་བུ་གླིང་གི་མི་ཡ་གི་བར་དཀྱིལ་ལ་འོད་(འོད་ཟེར་)ཅོག་འདྲ་ཡིན། རི་ལ་བཟོས་པའི་ཡུལ་ཆེན་པོ་ལ་མི་གང་པོས་མཐོང་ཁུག་མཁན་ཨ་ལེ། ༡༥ གཉིས་པར། སྒྲོན་མ་སྦར་ཏེ་ཇ་ཕོར་གྱིས་བཀབ་སྟེ་མི་འཇོག་མཁན་ཨ་ལེ། ཁང་པའི་ནང་གི་མི་ཡ་གིས་མིག་མཐོང་འཇུག་སྨྲས་ཏེ་(མིག་མཐོང་ཅེས་ལ་)སྒྲོན་མ་ས་ཆ་མཐོན་པོ་ལ་སྦར་ཏེ་འཇོག་མཁན་ཨ་ལེ། ༡༦ འོ་ཅོག་འདྲ་བྱས་ཏེ་ཁྱེད་ཀྱི་འོད་(འོད་ཟེར་)མི་ཡ་གི་བར་དཀྱིལ་ལ་རྒྱབ་ཆུག  མི་ཡ་གིས་ཁྱེད་ཀྱི་ལས་ཀ་ཡག་པོ་ཡ་ལ་མཐོང་སྟེ་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕ་ལ་བསྟོད་སྒྲ་འབུལ་འཇུག  སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

བཀའ་ཁྲིམས་རྙིང་པའི་དོན་དག་ལ།

༡༧ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ མོ་ཤེས་བསྟེར་བའི་བཀའ་ཁྲིམས་དང་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་བཏབ་པའི་ཁྲིད་(སྐད་ཆ་ཤོད་མཁན་ཡ་གིས་སྨྲས་པའི་སྐད་ཆ་)གཅོད་ཅེས་ལ་ང་འོངས་པ་ཡིན་སྨྲས་ཏེ་ཁྱེད་ཀྱིས་མ་གནས། (ཁྱེད་ཀྱིས་བསམ་བློ་མ་གཏོང་།) གཅོད་ཅེས་ལ་མིན་པ། དོན་དག་འགྲུབ་འཇུག་ཅེས་ལ་ག་འོངས་པ་ཡིན་པ། (ཡིན་ནས་དོན་དག་འགྲུབ་འཇུག་ཅེས་ལ་འོངས་པ་ཡིན་པ།) ༡༨ ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  གནམ་དང་འཛམ་བུ་གླིང་མ་བསྟངས་ཐུག་བཀའ་ཁྲིམས་ལ་བྲིས་པའི་སྐད་ཆ་ཆད་མ་ཞིག་ཀྱང་ཁྱད་པར་འགྲོ་ཅེས་མེད། འོ་སྐད་ཆ་གང་པོ་དོན་དག་མ་གྲུབ་ཐུག་སྐད་ཆ་ཆད་མ་ཞིག་ཀྱང་བསྟངས་ཏེ་འགྲོ་ཅེས་མེད། ༡༩ བཀའ་ཁྲིམས་ཀྱི་བཀའ་ཆད་མ་ཞིག་ཀྱང་(བཀའ་ཁྲིམས་ཀྱི་ཆད་མ་ལས་ཆད་མའི་བཀའ་ཞིག་ཀྱང་)གནོད་མཁན་དང་མི་གཞན་པ་ལ་གནོད་འཇུག་མཁན་གྱི་མི་ནི་ནམ་མཁའི་རྒྱལ་སྲིད་ལ་གང་པོ་སྨྲས་ཏེ་ཆད་མ་(གང་པོ་ལས་ཆད་མ་)འོང་ཅེས་ཡོད། འདི་བཀའ་ཡ་ལ་ཉན་མཁན་དང་མི་གཞན་པ་ཡ་ལ་བསླབས་སྟེར་མཁན་གྱི་མི་ནི་ནམ་མཁའི་རྒྱལ་སྲིད་ལ་ཆེན་པོ་འོང་ཅེས་ཡོད། ༢༠ འོ་སོང་བས་ངས་ཁྱེད་ལ་སྨྲ་མཁན། བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དྲང་པོར་བྱེད་མཁན་དེ་སྨྲས་ཏེ་ཁྱེད་ཀྱི་དྲང་པོར་བྱེད་མཁན་དེ་ཡག་པོ་འོང་ན་མིན་པ་(བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དྲང་པོར་བྱེད་མཁན་དེ་ལས་ཁྱེད་ཀྱི་དྲང་པོར་བྱེད་མཁན་དེ་ཡག་བ་འོང་ན་མིན་པ་)ཁྱེད་ནམ་མཁའི་རྒྱལ་སྲིད་ལ་འཇུག་མྱོང་ཅེས་མེད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

རྐྱེན་མེད་པའི་(དོན་དག་མེད་པའི་)ཞེ་སྡང་བྱེད་མཁན་གྱི་དོན་དག་ལ།

༢༡ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ དང་པོའི་མི་ཡ་ལ། (གདོང་ལ་གདོང་ལའི་མི་ཡ་ལ།) མི་མ་གསོད། མི་གསོད་ན་ཆད་པ་སྟེར་དགོས་མཁན། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ནི་ཁྱེད་ཀྱིས་ཧ་གོ་སྟེ་ཡོད། ༢༢ ད་ལྟ་ངས་ནི་སྨྲ་མཁན། ཨ་པོ་འོག་མ་(ཨ་ད་ནོ་)མཉམ་པོ་རྐྱེན་མེད་པའི་(དོན་དག་མེད་པའི་)ཞེ་སྡང་བྱས་ཏེ་སྡོད་མཁན་དེ་ལ་ཡང་ཆད་པ་སྟེར་དགོས་མཁན། རང་གི་ཨ་པོ་འོག་མ་ལ། སྨྱོན་པ། སྨྲས་ཏེ་སྨྲ་མཁན་དེ་ལ་གྲོས་མི་གང་པོའི་མདུན་ལ་འཁྱོང་དགོས་མཁན། དེ་ནས་རང་གི་ཨ་པོ་འོག་མ་ལ་དམོད་མོ་རྒྱབ་མཁན་དེ་ལ་ནི་ད་རུང་དམྱལ་བའི་མེ་ལ་ཆུད་མཁན་གྱི་འཇིགས་པ་འོང་ཅེས་ཡོད། ༢༣ འོ་སོང་བས་ཁྱོད་ཀྱིས་མཆོད་ཁྲིའི་མདུན་ལ་ཨལ་ལོ་ཧིམ་ལ་མཆོད་པ་འབུལ་མཁན་གྱི་དུས་ཚོད་ལ་སུ་ཡང་ཨ་པོ་འོག་མས་ཁྱོད་མཉམ་པོ་ཞེ་སྡང་བྱས་ཏེ་ཡོད་སྨྲས་ཏེ་ཁྱོད་ཀྱིས་དྲན་པ་གསོ་ན་ (ཁྱོད་མཉམ་པོ་ཞེ་སྡང་ལངས་པ་རྒྱུས་འབྱོར་ན་) ༢༤ མཆོད་པ་ལ་འོ་ལ་དབྱུགས་བཞག་སྟེ་གདོང་ལ་ཨ་པོ་འོག་མ་མཉམ་པོ་མཐུན་དོང་། དེ་ནས་འོའི་འགབ་ལས་(དེ་ནས་འོའི་རྗེས་ལ་)ཨལ་ལོ་ཧིམ་ལ་མཆོད་པ་འབུལ་དོང་།། 

༢༥ ཁྲིམས་ས་ལ་སླེབ་མཁན་སྨྲས་ཏེ་གདོང་ལ་(ཁྲིམས་ས་ལ་སླེབ་མཁན་གྱི་གདོང་ལ་)ཁྱོད་ལ་བུ་ལོན་སྟེར་མཁན་གྱི་མི་མཉམ་པོ་ལམ་ལ་མཐུན་དོང་། མིན་ན་ཁོས་ཁྱོད་ལ་ཁྲིམས་ས་ལ་བཀུག་ཁྱེར་ཏེ་ཁ་མཆུ་རྩོད་མཁན། དེ་ནས་ཁྲིམས་ལྟ་མཁན་གྱི་མིས་ཁྱོད་ལ་དམག་མི་ལ་རྩིས་བརྒྱབ་སྟེ་བཙོན་ཁང་ལ་བླུག་འཇུག་མཁན། ༢༦ ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  ཁྱོད་ཀྱིས་འཇལ་དགོས་མཁན་གྱི་ཊང་ཀ་གང་པོ་མ་བཅལ་ཐུག་ཁྱོད་འོ་ལས་འཐོན་མྱོང་ཅེས་མེད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

བག་མའི་དོན་དག་ལ།

༢༧ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ བྱི་བོ་བྱེད་ཅེས་མི་འོང་མཁན་སྨྲ་མཁན་གྱི་སྐད་ཆ་ནི་ཁྱེད་ཀྱིས་ཐོས་ཏེ་ཡོད་པ། ༢༨ ད་ལྟ་ངས་སྨྲ་མཁན། གང་དྲས་ཀྱང་སུ་ཞིག་བུད་མེད་བུ་ཚ་ལ་སེམས་བཙོག་པས་ལྟ་མཁན། ཁོས་གདོང་ལ་རང་གི་སེམས་ལ་འོ་བུད་མེད་མཉམ་པོ་བྱི་བོ་བྱེད་ཟིན་པ་འོང་མཁན། ༢༩ གལ་སྲིད་ཁྱོད་ཀྱི་མིག་གཡས་པས་རང་ལ་ངོ་ལོག་བྱེད་འཇུག་ན་འོ་མིག་བཏོན་ཏེ་སྐྱུར་གཏོང་། ༼གཏམ་དཔེ་༡༽ གཟུགས་པོ་གང་པོ་དམྱལ་བ་ལ་ཆུད་མཁན་སྨྲས་ཏེ་ནི་(ལས་ནི་)མིག་གཅིག་མེད་པ་ཡག་པོ། ༣༠ འོ་ཅོག་འདྲ། ཁྱོད་རང་གི་ལག་པ་གཡས་པས་རང་ལ་ངོ་ལོག་བྱེད་འཇུག་ན་འོ་ལག་པ་གཏུབས་ཏེ་སྐྱུར་གཏོང་། ༼གཏམ་དཔེ་༡༽ གཟུགས་པོ་གང་པོ་དམྱལ་བ་ལ་ཆུད་མཁན་སྨྲས་ཏེ་ནི་(ལས་ནི་)ལག་པ་གཅིག་མེད་པ་ཡག་པོ།། 

༣༡ འདི་ཅོག་འདྲ་ཡང་སྨྲས་ཏེ་ཡོད། གང་དྲས་རང་གི་བུད་མེད་ལ་ཐག་པ་གཅོད་མཁན། ཁོས་མོ་ལ་ཐག་པ་བཅད་པའི་ཡི་གེ་བྲིས་ཏེ་སྟེར་ཆུག ༣༢ ད་ལྟ་ངས་ནི་སྨྲ་མཁན། བུད་མེད་སྐྱེས་པ་ཁྱོ་ག་གཞན་པ་(མི་གཞན་པ་)མཉམ་པོ་བསྡད་པ་མིན་ན་ཐག་པ་གཅོད་ཅེས་མི་འོང་མཁན། ཁྱོ་གས་རང་གི་བུད་མེད་ལ་འོ་འདྲ་སྐྱུར་ན། ཁོས་མོ་ལ་བྱི་མོ་བྱེད་བཅུག་མཁན། དེ་ནས་མིས་བསྐྱུར་བའི་བུད་མེད་མཉམ་པོ་བག་མ་བྱེད་མཁན་དེ་གིས་བྱི་བོ་བྱས་པ་འོང་མཁན། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།

མནའ་སྐྱེལ་མཁན་གྱི་དོན་དག་ལ།

༣༣ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ དང་པོའི་མི་ཡ་ལ། རྫུན་བརྒྱབ་སྟེ་མནའ་མ་སྐྱེལ། དེ་ནས་ཡ་ཝྰེ་ལ་མནའ་བསྐྱེལ་ཏེ་བཞག་པའི་དམ་བཅའ་དོན་དག་འགྲུབ་འཇུག་དོང་། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ཁྱེད་ལ་རྒྱུས་ཡོད། ༣༤ ད་ལྟ་ངས་ནི་སྨྲ་མཁན། ཁྱེད་ཀྱིས་ཅིའི་དོན་དག་ལ་ཡང་མནའ་མ་སྐྱེལ། ནམ་མཁའི་མིང་ལ་མནའ་མ་སྐྱེལ། འདི་ནི་ཨལ་ལོ་ཧིམ་གྱི་གསེར་ཁྲི་ཡིན་པ། ༣༥ འཛམ་བུ་གླིང་གི་མིང་བཏོན་ཏེ་ཡང་མནའ་མ་སྐྱེལ། འདི་ནི་ཨལ་ལོ་ཧིམ་གྱི་རྐང་པ་འཛུགས་མཁན་གྱི་ས་ཆ་ཡིན་པ། ཡ་རུ་ཤ་ལེམ་སྨྲ་མཁན་གྱི་རྒྱལ་སའི་མིང་བཏོན་ཏེ་ཡང་མནའ་མ་སྐྱེལ། འདི་ནི་དབང་ཆ་ཆེན་པོ་གོན་མཁན་གྱི་རྒྱལ་པོའི་རྒྱལ་ས་ཡིན་པ། ༣༦ དེ་ནས་རང་གི་མགོ་བཟུང་སྟེ་ཡང་མནའ་སྐྱེལ་ཅེས་མི་འོང་མཁན། (མནའ་མ་སྐྱེལ།) ཅི་ལས་སྨྲ་ན་ཁྱེད་ཀྱིས་རང་གི་མགོའི་སྐྲའི་རྐྱང་པ་ཅི་ཡང་ན་དཀར་པོ་འགྲོ་འཇུག་ཁུག་མཁན། ན་ནག་པོ་འགྲོ་འཇུག་ཁུག་མཁན། ༣༧ འོ་སོང་བས་སྐད་ཆ་སྨྲ་དགོས་མཁན་གྱི་དུས་ཚོད་ལ་ཡིན་པ་སྨྲ་ན་ཡིན་པ། མིན་པ་སྨྲ་ན་མིན་པ་སྨྲ་དོང་། འདི་སྨྲས་ཏེ་ལྷག་པ་(འདི་ལས་ལྷག་པ་)སྨྲས་པའི་སྐད་ཆ་ལས་ཀ་བཙོག་པ་ངོས་ལས་འོང་མཁན། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

སྐྱིན་པ་འཇལ་མཁན་གྱི་དོན་དག་ལ།

༣༨ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ མིག་གཅར་མཁན་གྱི་སྐྱིན་པ་མིག་རང་གཅར་མཁན། སོ་གཅོག་མཁན་གྱི་སྐྱིན་པ་སོ་རང་གཅོག་མཁན་སྨྲས་ཏེ་སྨྲ་མཁན་དེ་ཁྱེད་ལ་རྒྱུས་ཡོད། ༣༩ ད་ལྟ་ངས་ནི་སྨྲ་མཁན། ཁྱེད་ཀྱིས་སུ་ལ་ཡང་སྐྱིན་པ་འཇལ་ཅེས་མ་འཚོལ། མིས་ཁྱོད་ཀྱི་གཡས་པའི་འགྲམ་པ་ལ་རྒྱབ་ན་གཡོན་མའི་འགྲམ་པ་ཡང་འཛེད་ཏོང་། ༤༠ གལ་སྲིད་སུ་ཞིག་གིས་ཁྲིམས་ལ་བསྐྱལ་ཏེ་ཁྱོད་ཀྱི་གོས་འཁྱེར་ཅེས་འཚོལ་ན་ཁོ་ལ་ཁྱོད་ཀྱི་ལྷག་གོས་ཀྱང་སྟེར་དོང་། ༤༡ སུ་ཞིག་གིས་ཁྱོད་ལ་གནས་ས་ཕྱེད་ཐུག་འགྲོ་སྨྲས་ཏེ་ཨུ་ཚུགས་བྱེད་ན་ཁོ་མཉམ་པོ་གནས་ས་གཅིག་ཐུག་འགྲུལ་སྟེར། ༤༢ སུ་ཞིག་གིས་ཅི་ཡང་སློང་སྨྲ་ན་སྟེར་དོང་། བུ་ལོན་སློང་མཁན་དེ་ལ་བུ་ལོན་སྟེར་དོང་། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

དགྲ་ལ་བྱམས་པ་བྱེད་མཁན་གྱི་དོན་དག་ལ།

༤༣ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ རང་མཉམ་པོ་མཐུན་མཁན་གྱི་མི་ཡ་ལ་སྙིང་བརྩེ་བྱེད་ཏོང་། རང་གི་དགྲ་ལ་རྔན་ཆེན་བྱེད་ཏོང་སྨྲ་མཁན་དེ་ཁྱེད་ཀྱིས་ཐོས་ཏེ་ཡོད་པ། ༤༤ ད་ལྟ་ངས་ནི་སྨྲ་མཁན། དགྲ་ལ་ཡང་སྙིང་བརྩེ་བྱེད་ཏོང་། དམོད་མོ་རྒྱབ་མཁན་ཡ་ལ་བྱིན་གྱིས་རློབ་ཏོང་། རྔན་ཆེན་བྱེད་མཁན་ཡ་ལ་ཡག་པོ་བྱེད་ཏོང་། རང་ལ་སྡུག་པོ་སྟེར་མཁན་ཡ་གི་དོན་དག་ལ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཏོང་། ༤༥ འོ་འདྲ་བྱེད་ན་ཁྱེད་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་བུ་བུ་མོ་འོང་ཅེས་ཡོད། ཅི་ལས་སྨྲ་ན་ཨལ་ལོ་ཧིམ་གྱིས་མི་བཙོག་པ་དང་མི་ཡག་པོ་གཉིས་ཀ་ལ་ཉི་མ་འཆར་འཇུག་མཁན། མི་དྲང་པོ་དང་མི་དྲང་པོ་མིན་པ་གཉིས་ཀའི་དོན་དག་ལ་ཆར་པ་རྒྱབ་འཇུག་མཁན། ༤༦ རང་ལ་སྙིང་བརྩེ་བྱེད་མཁན་གྱི་མི་གཅིག་ལ་སྙིང་བརྩེ་བྱེད་ན་ཁྱེད་ལ་རྔན་པ་ཅི་འབྱོར་མཁན། འདི་ཅོག་འདྲ་ནི་ཁོག་པ་ནག་པོ་ཡ་གིས་ཀྱང་བྱེད་མཁན། ༤༧ རང་གི་གཉེན་ཚན་ཉེ་བ་ཡ་(རང་གི་སྤུན་ཀྱག་ཡ་)གཅིག་ལ་ཡག་པོ་བྱེད་ན་ཁྱེད་ཀྱིས་ཅི་ཆེན་པོའི་ལས་ཀ་བྱས་པ། འདི་ཅོག་འདྲ་ནི་ཨལ་ལོ་ཧིམ་ལ་ངོ་མི་ཤེས་མཁན་གྱི་མི་ཡ་གིས་ཀྱང་བྱེད་མཁན། ༤༨ འོ་སོང་བས་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕ་ཅི་ཡང་སྐྱོན་མེད་པ་བྱས་ཏེ་སྡོད་མཁན་ཅོག་འདྲ་རང་ཁྱེད་ཀྱང་འོ་ཅོག་འདྲ་རང་བྱས་ཏེ་སྡོད་དགོས་མཁན། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.