སྐུ་ཚབ་ཡ་གི་བྱ་བ་ལེའུ་དྲུག་པ།

ཉེ་གནས་བདུན་ལ་འདམས་པ།

 འདི་ཅོག་འདྲ་བྱས་ཏེ་ཡེ་ཤུ་ལ་བློ་འགེལ་མཁན་གྱི་ཉེ་གནས་མང་འགྲོ་མང་འགྲོ་ཕྱིན་ཏེ་འོང་ཟིན། དེ་ནས་ཧེལ་ལེན་གྱི་སྐད་སྨྲ་མཁན་དང་ཨིབ་རི་པའི་སྐད་སྨྲ་མཁན་གྱི་མི་ཡ་ཟ་ཅེས་གྱོན་ཅེས་བགོད་མཁན་གྱི་སྐད་ཆས་བྱས་ཏེ་འཁྲུག་ཟིན། ཉི་མ་གྲངས་མ་ཟ་ཅེས་གྱོན་ཅེས་བགོད་འོང་མཁན་གྱི་མི་ཡ་གིས་ཧེལ་ལེན་གྱི་སྐད་སྨྲ་མཁན་གྱི་ཁྱོ་ག་ཤི་བའི་བུད་མེད་ཡ་ལ་ཉུང་ངུ་སྟེར་ཀོ་ནུ་སྨྲས་ཏེ་ཧེལ་ལེན་གྱི་སྐད་སྨྲ་མཁན་གྱི་མི་ཡ་གིས་སྨྲ་ཟིན།  དེ་ནས་བཅུ་གཉིས་དེ་གིས་ཉེ་གནས་གང་པོ་ལ་སྐད་བརྒྱབ་སྟེ་སྨྲ་ཟིན། ཉན་དོང་ཨ་པོ་འོག་མ་ཡ། ཨལ་ལོ་ཧིམ་གྱི་བཀའ་སྟེར་ཅེས་བཤོལ་ཏེ་ཟ་ཅེས་གྱོན་ཅེས་བསྐྱངས་ཏེ་སྡོད་ཅེས་ངེད་ལ་ཡག་པོ་མི་འོང་མཁན།  འོ་སོང་བས་ཁྱེད་ཀྱི་བར་དཀྱིལ་ལས་རྣམ་པར་དག་པའི་ཐུགས་ཀྱིས་གང་སྟེ་རིག་པ་ཡོད་མཁན་གྱི་མི་སྣ་བདུན་ལ་འདམ་དོང་། དེ་ནས་ཟ་ཅེས་གྱོན་ཅེས་བགོད་མཁན་གྱི་ཁྲལ་འོ་རང་གིས་ཁོང་ལ་འགེལ་མཁན།  དེ་ནས་ངེད་ཡ་དེ་རྟག་པར་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་མཁན། དེ་ནས་མི་ཡ་ལ་ཨལ་ལོ་ཧིམ་གྱི་བཀའ་བཤད་དེ་འགྲོ་མཁན། སྨྲས་ཏེ་སྐུ་ཚབ་ཡ་གིས་སྨྲ་ཟིན།

 སྐུ་ཚབ་ཡ་གི་སྨྲས་པའི་སྐད་ཆ་གང་པོ་ལ་སེམས་འཐད་ཟིན། འོ་སོང་བས་ཁོང་གིས་ཡིད་ཆེས་དང་རྣམ་པར་དག་པའི་ཐུགས་ཀྱིས་གང་བའི་སེ་ཏེ་ཕན། ཕི་ལིབ། པྲོ་ཀོ་རུ། ནི་ཀ་ནོར། ཏི་མོན། པར་མེ་ནྰ་དང་ཡ་ཧུ་དྰ་པའི་གསུང་རབ་ལ་ཞུགས་པའི་ཨན་ཏི་ཡོག་ཡྰ་རྒྱལ་སའི་ནི་ཀོ་ལྰ་ལ་འདམ་ཟིན།  དེ་ནས་ཚོགས་ཀྱིས་འདམས་པའི་མི་བདུན་ལ་སྐུ་ཚབ་ཡ་གི་མདུན་ལ་འཁྱོང་ཟིན། དེ་ནས་སྐུ་ཚབ་ཡ་གིས་ཨལ་ལོ་ཧིམ་ལ་གསོལ་བ་བཏབ་སྟེ་རང་གི་ལག་པ་འོ་མི་སྣ་བདུན་གྱི་ཐོག་ལ་འཇོག་ཟིན།།

 འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་བཀའ་བཀྲམས་ཏེ་བཀྲམས་ཏེ་འགྲོ་ཟིན། ཡ་རུ་ཤ་ལེམ་ལ་ཡེ་ཤུ་ལ་བློ་འགེལ་མཁན་གྱི་ཉེ་གནས་ཡ་གཉིས་པར་མང་འགྲོ་མང་འགྲོ་འགྲོ་ཟིན། དེ་ནས་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཡ་ཡང་མང་པོས་བཀའ་ལ་ཉན་ཏེ་བློ་འགེལ་ཟིན།།

སེ་ཏེ་ཕན་ལ་བཟུང་བ།

 སེ་ཏེ་ཕན་གྱིས་ཨལ་ལོ་ཧིམ་ལས་དབང་དང་དད་པ་མང་པོ་འབྱོར་ཏེ་ཡོད་མཁན། དེ་ནས་ཁོས་མི་ཡ་གི་བར་དཀྱིལ་ལ་ལས་ཀ་ཡ་མཚན་ཆེ་བ་མང་པོ་སྟོན་ཟིན།  ཡིན་ནས། མི་རེ་འགའས་ཁོ་ལ་དགྲ་བྱེད་ཟིན། སུ་སུས་སྨྲ་ན། གཡོག་པོ་བྱས་བསྡད་དེ་ཐོན་ཏེ་འོངས་པའི་མི་ཁྱུ། དེ་ནས་ཨ་ལེག་སན་དྲི་ཡྰ་རྒྱལ་ས་དང་ཀི་རེ་ནེ། དེ་ནས་ཀི་ལིག་ཡྰ་དང་ཨ་སི་ཨྰ་ལུང་པ་ཡ་ལས་འོངས་པའི་ཡ་ཧུ་དྰ་པ་ཡ་ཡིན་མཁན། ཁོང་གང་པོ་འགྲིགས་ཏེ་སེ་ཏེ་ཕན་མཉམ་པོ་ཤོད་པར་སྡུར་ཟིན། ༡༠ ཤོད་པར་སྡུར་མཁན་གང་ལ་ནི་སེ་ཏེ་ཕན་གྱིས་རྣམ་པར་དག་པའི་ཐུགས་ལས་རིག་པ་ཆེན་པོ་འབྱོར་མཁན་སོང་བས་ཁོང་གིས་ལན་རྒྱབ་མ་ཁུགས།

༡༡ འོ་སོང་བས་ཁོང་གིས་མི་སྣ་གཉིས་གསུམ་ལ་ཊང་ཀ་བསྟེར་ཏེ། འོ་མིས་མོ་ཤེས་དང་ཨལ་ལོ་ཧིམ་ལ་སྐུར་པ་འདེབས་མཁན་ངེད་ཀྱིས་ཐོས་ཟིན་སྨྲ་དོང་། སྨྲས་ཏེ་འོམ་སྟེ་སྐུལ་ཟིན། ༡༢ འདི་ཅོག་འདྲ་བྱས་ཏེ་ཁོང་གིས་འགོ་པ། བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་དང་མི་གཞན་པ་ཡ་ལ་ཞེ་སྡང་ལང་འཇུག་ཟིན། ཁོང་གིས་སེ་ཏེ་ཕན་ལ་བཟུང་སྟེ་གྲོས་མི་གང་པོའི་མདུན་ལ་འཁྱེར་ཟིན། ༡༣ དེ་ནས་སེ་ཏེ་ཕན་གྱིས་སྐུར་པ་འདེབས་མཁན་ཐོས་ཟིན་སྨྲས་ཏེ་དཔང་པོ་སྡོད་མཁན་གྱི་མི་ཡ་ལ་ཡང་འཁྱོང་ཟིན། དེ་ནས་དཔང་པོ་སྡོད་མཁན་གྱི་མི་ཡ་གིས་སྨྲ་ཟིན། འདི་མིས་ནི་ནམ་བྱེད་ན་ཡང་འོ་རང་གི་དྲང་པོའི་མཆོད་ཁང་དང་མོ་ཤེའི་བསྟེར་བའི་བཀའ་ཁྲིམས་ལ་སྐུར་པ་འདེབས་ཀོ་ནུ། ༡༤ ན་ཙ་རེད་ཀྱི་ཡེ་ཤུས་མཆོད་ཁང་ཧྲུམ་མཁན་ལོ། མོ་ཤེའི་བསྟེར་བའི་བཀའ་ཁྲིམས་ལ་དབྱུགས་བཞག་སྟེ་ཁྲིམས་གཞན་པ་བཟོ་མཁན་ལོ། འདི་མིས་འདི་ཅོག་འདྲའི་སྐད་ཆ་ཡ་སྨྲ་མཁན་ངེད་ཀྱིས་ཐོས་ཟིན། སྨྲས་ཏེ་འོ་ཤོབ་བརྒྱབ་སྟེ་དཔང་པོ་བསྡད་པ་ཡ་གིས་སྨྲ་ཟིན།

༡༥ དེ་ནས་གྲོས་མི་གང་པོས་སེ་ཏེ་ཕན་ལ་ཤར་རེ་བལྟས་སྡོད་ཟིན། འོ་ཙམ་ལ་ཁོང་གིས་སེ་ཏེ་ཕན་གྱི་གདོང་པ་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱི་གདོང་པ་ཅོག་འདྲ་འོད་ཟེར་རྒྱབ་མཁན་མཐོང་ཟིན།། །།

Your encouragement is valuable to us

Your stories help make websites like this possible.