མགོ་མ་ལེའུ་གཉིས་པ།

༡ འོ་འདྲ་བྱས་ཏེ་ནམ་མཁའ་དང་འཛམ་བུ་གླིང་ལ་ཡོད་མཁན་གང་པོ་ཆགས་ཟིན། ༢ ཉི་མ་བདུན་པ་ལ་ཨལ་ལོ་ཧིམ་གྱིས་རང་གི་ལས་ཀ་གང་བྱས་པ་གང་པོ་ཟིན་ཟིན། ཉི་མ་བདུན་པ་ལ་ཨལ་ལོ་ཧིམ་ལས་ཀ་གང་པོ་ཟིན་ཏེ་ངལ་གསོ་རྒྱབ་ཟིན། ༣ ཨལ་ལོ་ཧིམ་གྱིས་འདི་ཉི་མ་བདུན་པ་ལ་བྱིན་གྱིས་རློབ་ཟིན་དང་། རྣམ་པར་དག་པར་བྱེད་ཟིན། ཅི་ལས་སྨྲ་ན་རང་གི་ལས་ཀ་གང་བཀོད་པ་དང་བྱས་པ་གང་པོ་ཟིན་ཏེ་ངལ་གསོ་རྒྱབ་ཟིན།། 
༤ ནམ་མཁའ་དང་འཛམ་བུ་གླིང་གི་འབྱུང་ཚུལ་ནི་འདི་ཅོག་འདྲ་ཡིན་པ། ཉི་མ་དེ་ལ་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་དང་ནམ་མཁན་བཀོད་དེ་བྱས་པའི་དུས་ལ། ༥ ཞིང་གི་ཤིང་ལྡུམ་ས་ལ་ད་རུང་མ་སྐྱེས། ཞིང་གི་སྔོ་ཚོད་ད་རུང་མ་སྐྱེས། ཅི་སྨྲ་ན་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ས་ལ་ཆར་པ་རྒྱབ་མ་བཅུག  ཞིང་བཟོ་མཁན་གྱི་མི་སུ་ཡང་མེད་པ། ༦ ཡིན་ནས་རླངས་པ་ཞིག་ས་ལས་ལངས་པས། སའི་ངོས་གང་པོ་འབང་ཟིན། ༧ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་འོ་མི་སའི་ཐལ་བ་ལས་འགོད་ཟིན། སྣ་ཀུ་ལ་སྲོག་གི་དབུགས་འབུད་ཟིན། མི་དེ་སྲོག་ཡོད་པ་ཆགས་ཟིན།། 
༨ ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ལྡུམ་ར་ཞིག་ཤར་ཕྱོགས་ལ་ཨེ་དེན་སྨྲ་སའི་ས་ཆ་ལ་འདེབས་ཟིན། དེ་ནས་ཁོས་འདི་བཀོད་པའི་མི་ལྡུམ་རའི་ནང་ལ་འཇོག་ཟིན། ༩ ཡ་ཝྰེ་ཨལ་ལོ་ཧིམ་གྱིས་སྡོང་པོ་སྣ་མང་པོ་ས་ལས་སྐྱེ་འཇུག་ཟིན། འདི་སྡོང་པོ་ཡ་མིག་ལ་ཁམས་བཟང་པོར་མཐོང་གོ་ནུ། ལྟོའི་ཆེད་དུ་ཡག་པོ་ནུ། ལྡུམ་རའི་དཀྱིལ་ལ་སྡོང་པོ་གཉིས་ནུ། འཚོ་བའི་སྡོང་པོ་དང་བཟང་ངན་གྱི་རིག་པ་ཡོད་པའི་(ཡོད་མཁན་གྱི་)སྡོང་པོ་ནུ། ༡༠ ཨེ་དེན་ལས་གཙང་པོ་ཞིག་ལྡུམ་ར་ལ་འཆུ་ཅེས་ལ་བབས་ཏེ་སོང་། དེ་ནས་འོ་ལྡུམ་ར་ལས་གཙང་པོ་བཞི་ལ་གྱེས་ཏེ་སོང་། ༡༡ འོ་གཙང་པོ་དང་པོའི་མིང་པི་ཤོན་ཡིན་པ། འོ་དེ་ནི་གསེར་ཡོད་པའི་ཧ་བེ་ལྰའི་ཡུལ་གང་པོ་ལ་བསྐོར་ཏེ་ཡོད། ༡༢ ཡུལ་དེ་གི་གསེར་ཡག་པོ་ཡིན་པ། འོ་དེ་ལ་བེ་དེལ་ཡོན་དང་གཟི་ཡང་ཡོད་མཁན། ༡༣ གཙང་པོ་གཉིས་པའི་མིང་གི་ཧོན་ཡིན་པ། འོ་དེ་ནི་ཀུས་ཀྱི་ཡུལ་གང་པོ་ལ་བསྐོར་ཏེ་ཡོད། ༡༤ གཙང་པོ་གསུམ་པའི་མིང་ཧི་དི་ཀེལ་ཡིན་པ། འོ་དེ་ནི་ཨ་སུར་ཡུལ་གྱི་ཤར་ཕྱོགས་ལ་བབས་ཏེ་ཡོད། གཙང་པོ་བཞི་པའི་མིང་ཡུབ་རད་ཡིན་པ། ༡༥ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་འོ་མི་ཨེ་དེན་གྱི་ལྡུམ་རའི་ནང་ལ་སྐྱོང་ཅེས་དང་ལྡུམ་ར་ལྟ་ཅེས་ལ་འཇོག་ཟིན། ༡༦ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་འོ་མི་ལ་བཀའ་གནང་ཟིན། ཁྱོད་ཀྱིས་སྡོང་པོ་གང་པོ་ལས་ཟ་ན་འགྲིག་མཁན། ༡༧ ཡིན་ནས་ཁྱོད་ཀྱིས་བཟང་ངན་གྱི་རིག་པ་ཡོད་པའི་སྡོང་པོ་ལས་ཟ་མི་ཁུག་མཁན། ཟ་ན་ཉི་མ་དེ་ལ་ཁྱོད་འཆི་མཁན།། 
༡༨ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་སྨྲ་ཟིན། མི་དེ་གཅིག་པོ་གཅིག་འཇོག་ན་ཡག་པོ་མི་འོང་མཁན། ངས་ཁོ་ལ་རོགས་པ་ཡག་པོ་གཅིག་བཟོས་སྟེར་ཅེས། ༡༩ ད་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་རི་དྭགས་གང་པོ་དང་། གནམ་གྱི་བྱ་གང་པོ་ས་ལས་བཟོ་ཟིན་ནུ། ཁོས་འོ་གང་པོ་ཨ་དམ་གྱི་འགྲམ་ལ་མིང་ཅི་འཇོག་ཅེས་སྨྲས་ཏེ་འཁྱེར་འོང་ཟིན་ནུ། དེ་ནས་ཨ་དམ་གྱིས་ཅི་སྨྲས་པ་འདི་རང་ལུས་ཅན་རེ་རེའི་མིང་ཕྱིན་ཟིན་ནུ། ༢༠ དེ་ནས་ཨ་དམ་གྱིས་ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་གང་པོ་གནམ་གྱི་བྱ་ཡ་དང་། རི་དྭགས་གང་པོ་ལ་མིང་འཇོག་ཟིན། ཡིན་ནས་ཨ་དམ་ལ་རོགས་པ་མ་འབྱོར་ཟིན། ༢༡ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ཨ་དམ་ལ་སྐྱིད་པོ་ཉལ་འཇུག་ཅེས་བཟོ་ཟིན། ཁོ་ཉལ་སྡོད་པ་གང་ལ་ཨལ་ལོ་ཧིམ་གྱིས་ཁོའི་རྩིབ་མ་གཅིག་འདོན་ཟིན་དང་། འོ་ཚབ་ལ་ཤ་འཇོག་ཟིན། ༢༢ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་མིའི་རྩིབ་མ་ལས་མོ་ཞིག་བཟོ་ཟིན་དང་། ཁོས་འདི་བུ་མོ་མིའི་འགྲམ་ལ་འཁྲིད་འོང་ཟིན། ༢༣ ཨ་དམ་གྱིས་སྨྲ་ཟིན། ད་འདི་ངའི་རུས་ཁོག་གི་རུས་ཁོག་དང་ངའི་ཤའི་ཤ་ཡིན་པ། མོ་ལ་ཁྱོ་མོ་འཇོག་མཁན། ཅི་ལས་སྨྲ་ན་མོ་ཁྱོ་བོ་ལས་བཏོན་པ་ཡིན་མཁན། ༢༤ འདི་ལ་བརྟེན་ནས་མི་ཞིག་གིས་རང་གི་ཨ་ཕ་དང་ཨ་མ་འབོར་མཁན་དང་། ཆུང་མ་མཉམ་པོ་སྡོད་མཁན་དང་། ཁོང་ཤ་གཅིག་ལ་ཆགས་མཁན། ༢༥ མི་དེ་དང་རང་གི་བུད་མེད་གཉིས་ཀ་རྗེན་པ་འཐོན་ཟིན་དང་། ཁོང་ལ་ངོ་ཚ་ཅེས་མེད་པ།། །།
 

Your encouragement is valuable to us

Your stories help make websites like this possible.