ཉེ་གནས་བཅུ་གཉིས་ལ་༼སྐུ་ཚབ་བཅུ་གཉིས་ལ་༽འདམས་པ།
༡ འོ་ལས་ཡེ་ཤུ་བས་རང་གི་ཉེ་གནས་བཅུ་གཉིས་ལ་འཛོམ་བཅུག་སྟེ་ཁོང་ལ་འདྲེ་ཡ་ལ་འདོན་མཁན་དང་མིའི་ན་བ་ཚ་བ་ཡ་ལ་དྲག་འཇུག་མཁན་གྱི་དབང་སྟེར་ཟིན། ༢ འོ་སྐུ་ཚབ་བཅུ་གཉིས་ཀྱི་མིང་འདི་ཡ་རང་ཡིན་པ། གདོང་ཤོས་དེ་པེ་ཏྲོ་མིང་བཞག་པའི་སི་མོན། འོ་ལས་སི་མོན་གྱི་འོག་མ་ཨན་དྲེ་ཡྰ། ཟེ་བད་ཡྰའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན། ༣ ཕི་ལིབ་དང་བར་ཐོལ་མྰ། ཐོ་མྰ་དང་ཤོ་གམ་སྡུད་མཁན་གྱི་མད་ཐྰ། ཨལ་ཕྰའི་བུ་ཡ་ཀོ་བོས་དང་ཐད་དྰ། མི་གང་པོའི་མིང་ལད་པྰ་ཐད་དྰ་སྨྲ་མཁན་དེ། ༤ བརྩོན་འགྲུས་པ་སྨྲ་མཁན་གྱི་སི་མོན། འོ་ལས་ཡེ་ཤུ་བ་ལ་འཛིན་འཇུག་མཁན་གྱི་ཀར་ཡོད་པ་ཡུ་དྰ།།
༥ འོ་ལས་ཡེ་ཤུ་བས་འདི་བཅུ་གཉིས་ལ་འདི་ཅོག་འདྲའི་སྐད་པ་འདོན་ཟིན། བརྒྱུད་པ་གཞན་པའི་མི་ཡ་གི་རྩར་ལ། འོ་ལས་ས་མར་ཡྰ་ལུང་པའི་གྲོང་ཡ་ལ་མ་འགྲོ། ༦ སྟོར་བའི་ལུག་ཅོག་འདྲ་ཡོད་མཁན་གྱི་ཡིས་ར་ཨལ་པ་ཡ་གི་རྩར་ལ་ཤར་རྒྱག་འགྲོ་ཟིན་པ་དང་། ༧ མི་ཡ་ལ། ཨལ་ལོ་ཧིམ་གྱིས་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན། ༼ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན།༽ སྨྲས་ཏེ་ཁོང་ཡ་ལ་ཤོད་ཏོང་། ༨ ནད་པ་ཡ་ལ་དྲག་འཇུག་དོང་། ཤི་བའི་མི་ཡ་ལ་གསོན་པོར་ལང་འཇུག་དོང་། མཛེ་ཐོན་པ་ཡ་ལ་དྲག་འཇུག་དོང་། འོ་ལས་འདྲེ་ཡ་ལ་འདོན་དོང་། ཁྱེད་ཀྱིས་འོ་འདྲ་རང་འབྱོར་ཟིན། འོ་འདྲ་རང་སྟེར་ཏོང་། ༩ སྐོར་བ་རྒྱབ་འགྲོ་མཁན་གང་ལ་སྐ་རགས་གི་ནང་ལ་གསེར། དངུལ། ཟངས་མའི་ཊང་ཀ་ཅི་ཡང་མ་འཁུར། ༡༠ འབོག །གྱོན་གོས་གཉིས་དང་ལྷམ་ཡང་མ་འཁུར། འོ་ལས་བེར་ཀ་ཡང་མ་འཐོགས། ལས་ཀ་བྱེད་མཁན་གྱི་མི་ལ་དགོས་མཁན་གྱི་རྫས་འོ་འདྲ་རང་སྟེར་དགོས་མཁན།།
༡༡ གྲོང་དང་ཡུལ་ཡ་ལ་སླེབ་མཁན་གང་ལ་ངའི་ཁྲིད་ལ་ཉན་ཅེས་ཀྱི་སེམས་བྱེད་མཁན་གྱི་མི་ལ་འཚོལ་དོང་། འོ་ལས་འོ་ཡུལ་ལས་ཐོན་ཏེ་མ་ཕྱིན་པའི་བར་དུ་ཁོའི་ཁང་པ་ལ་རང་སྡོད་ཏོང་། ༡༢ འོ་ཁང་པ་ལ་འཇུག་མཁན་གང་ལ། ཁྱེད་མེ་མེ་ཡ་ལ་སེམས་བློ་བདེ་པོ་འོང་ཆུག །སྨྲས་ཏེ་སྨྲ་དོང་། ༡༣ འོ་ཁང་པའི་མེ་མེ་ཡ་ཞི་བདེ་ཐོབ་ཅེས་གཤའ་མཁན་གྱི་མི་ཡིན་ན་འོ་ཞི་བདེ་ཁོང་ལ་ཐོབ་ཅེས་ཡོད། མི་གཤའ་མཁན་གྱི་མི་ཡིན་ན་ནི་འོ་ཞི་བདེ་ཁོང་ལ་ཐོབ་ཅེས་མེད། ༡༤ འོ་ལས་ཁྱེད་སླེབ་མཁན་གྱི་ས་ཆའི་མི་གང་དྲས་ཀྱང་ཁྱེད་ལ་རྩིས་མི་བྱེད་ན། འོ་ལས་སུ་ཞིག་གིས་ཀྱང་ཁྱེད་ཀྱི་སྐད་ཆ་ལ་མི་ཉན་ན་ནི་ཁྱེད་ཀྱི་རྐང་པ་ལ་བསྒོས་པའི་ཐལ་བ་ཡང་སྤྲུགས་བཞག་སྟེ་འོ་ས་ཆ་ལས་ཐོན་ཏེ་སོང་། ༡༥ ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །ཁྲིམས་གཏོང་མཁན་གྱི་ཉི་མ་ལ་འོ་ས་ཆའི་མི་ཡ་གི་སྡུག་པོ་སྨྲས་ཏེ་ནི་(ལས་ནི་)ས་དོམ་དང་ག་མོ་རྰ་གྲོང་ཁྱེར་གྱི་མི་ཡ་གི་སྡུག་པོ་ག་རྣོག་ཁུག་ཙམ་པ་འོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
ཁྲལ་ལ་འབབ་མཁན་གྱི་སྡུག་པོ་ཡ་གི་དོན་དག་ལ།
༡༦ ༼འོ་ལས་གཉིས་པར་ཡེ་ཤུ་བས་སྨྲ་ཟིན།༽ ལྟོས་ཨ། ལུག་ཡ་ལ་སྤྱང་ཀུ་ཡ་གི་བར་དཀྱིལ་ལ་གཏོང་མཁན་ཅོག་འདྲ་རང་ངས་ཁྱེད་ལ་༼འདི་ལུང་པའི་མི་ཡ་གི་བར་དཀྱིལ་ལ་༽གཏོང་མཁན། འོ་སོང་བས་ཁྱེད་སྦྲུལ་ཅོག་འདྲ་རང་སྒྲིན་པོ་དང་འང་གུ་ཅོག་འདྲ་རང་སེམས་དྲང་པོ་འོང་དགོས་མཁན། ༡༧ མི་ཡ་གི་ཁོག་པ་ཧ་གོ་སྟེ་འཛེམ་པར་བྱེད་ཏོང་། ཁོང་གིས་ཁྱེད་ལ་བཟུང་སྟེ་གྲོས་མི་གང་པོའི་ས་ལ་འཁྱེར་ཅེས་ཡོད། ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཁྱེར་ཏེ་རྡུང་གཏག་སྟེར་ཅེས་ཡོད། ༡༨ ངའི་དོན་དག་གིས་བྱས་ཏེ་ཁྱེད་ལ་བཀའ་བློན་དང་རྒྱལ་པོ་ཡ་གི་མདུན་ལ་ལང་འཇུག་ཅེས་ཡོད། འོ་ཙམ་དུས་ལ་ཁྱེད་ཀྱིས་ཁོང་དང་བརྒྱུད་པ་གཞན་པའི་མི་ཡ་ལ་ངའི་དོན་དག་ལ་ཤོད་དགོས་མཁན། ༡༩ བཟུང་སྟེ་འཁྱེར་མཁན་གྱི་དུས་ཚོད་ལ་ཅི་སྐད་ཆ་སྨྲ་ཅེས། འོ་ལས་སྐད་ཆ་ག་འདྲ་བྱས་ཏེ་སྨྲ་ཅེས་སྨྲས་ཏེ་སེམས་ཁྲལ་མ་བྱེད། སྨྲ་དགོས་མཁན་གྱི་སྐད་ཆ་ཁྱེད་ལ་འོ་ཙམ་ལ་རང་འབྱོར་ཅེས་ཡོད། ༢༠ ཁྱེད་ཀྱི་སྨྲ་མཁན་གྱི་སྐད་ཆ་ཁྱེད་རང་དེ་རང་མིན་པ་ནམ་མཁའི་ཨ་ཕའི་སེམས་ཉིད་རང་ཁྱེད་མཉམ་པོ་བསྡད་དེ་ཁྱེད་ལ་སྐད་ཆ་སྨྲ་འཇུག་ཅེས་ཡོད།།
༢༡ མི་ཡ་གིས་རང་གི་ཨ་པོ་འོག་མ་ཡ་ལ་ཡང་གསོད་འཇུག་ཅེས་ཡོད། ཨ་ཕས་རང་གི་བུ་བུ་མོ་ཡ་ལ། འོ་ལས་བུ་བུ་མོ་ཡ་གིས་རང་གི་ཨ་ཕ་ཨ་མ་ལ་ཡང་གསོད་འཇུག་ཅེས་ཡོད། ༢༢ ཁྱེད་ངའི་མིང་གི་དོན་དག་ལ་མི་གང་པོས་ཁྱེད་ལ་རྔན་ཆེན་བྱེད་ཅེས་ཡོད། ཡིན་ནས། མཐའ་མ་ཐུག་ངའི་ཐོག་ལ་སེམས་བློ་བཀལ་ཏེ་སྡོད་མཁན་དེ་ཐར་ཅེས་ཡོད། ༢༣ ཁོང་གིས་ཁྱེད་ལ་ཡུལ་གཅིག་ལ་སྡུག་པོ་སྟེར་ན་ཡུལ་གཞན་པ་ལ་བྲོས་ཏེ་སོང་། ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །མིའི་བུ་འོང་མཁན་སྨྲས་ཏེ་གདོང་ལས་(ལས་གདོང་ལས་)ཁྱེད་ཀྱིས་ཡིས་ར་ཨལ་རྒྱལ་ཁབ་ཀྱི་ཡུལ་གང་པོ་ལ་རང་ལས་ཀ་བྱེད་ཟིན་པ་འོང་ཅེས་མེད།།
༢༤ ཉེ་གནས་དགེ་རྒན་ལས་ཆེ་བ་མི་འོང་མཁན། འོ་ལས་གཡོག་པོ་བདག་པོ་ལས་ཀྱང་ཆེ་བ་མི་འགྲོ་མཁན་ཨ་ལེ། ༢༥ ཉེ་གནས་དགེ་རྒན་ཚད་པ་རང་། འོ་ལས་གཡོག་པོ་བདག་པོ་ཚད་པ་རང་འགྲོ་ཁུག་ན་ཁོང་གིས་བློ་བདེ་པོ་བྱེད་འཇུག །མི་ཡ་གི་ཁང་པའི་བདག་པོ་ལ་ཡང་བ་འལ་ཟེ་བུལ་སྨྲས་ཏེ་འགབ་ལས་ནི་(ལས་འགབ་ལས་ནི་)ཁོའི་མེ་མེ་ཡ་ལ་ད་རུང་ཅི་སྨྲ་འགྲོ། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།།
མི་ཡ་ལ་སྨྲས་ཏེ་(ལས་)ཨལ་ལོ་ཧིམ་ལ་འཇིགས་དགོས་མཁན།
༢༦ ༼འོ་ལས་གཉིས་པར་ཡེ་ཤུ་བས་སྨྲ་ཟིན།༽ མི་ལ་མ་འཇིགས། ད་ལྟ་ངོ་མ་ཤེས་པ་དང་ཧ་མ་གོ་བའི་སྐད་ཆ་གང་པོ་རང་ཉི་མ་གཅིག་ཕྱི་གསལ་ནང་གསལ་བྱས་ཏེ་མཐོང་ཅེས་ཡོད། ༢༧ ངས་ཁྱེད་ལ་ནག་ཚུབ་པེ་ལ་བཤད་པའི་སྐད་ཆ་ཡ་སྐྱ་སང་ངེ་ལ་གང་པོ་ལ་རང་བཤད་སྟེར། ཁྱེད་ལ་འོ་རང་གི་ནང་ནས་བཤད་པའི་སྐད་ཆ་ཡ་ཕྱི་ལ་ཐོན་ཏེ་མི་གང་པོས་རང་ཐོས་མཁན་བྱས་ཏེ་སྒྲ་གསལ་དོང་། ༢༨ ཁྱེད་ཀྱི་སེམས་མིན་པ། གཟུགས་པོ་གཅིག་ལ་རང་གསོད་ཁུག་མཁན་ཡ་ལ་མ་འཇིགས། སེམས་དང་གཟུགས་པོ་གཉིས་ཀ་ལ་རང་དམྱལ་བ་ལ་ཆུད་འཇུག་ཐུབ་མཁན་དེ་ལ་རང་འཇིགས་དོང་། ༢༩ ༼ཡིན་ནས། འདི་སྐད་ཆ་ཡ་དྲན་པ་གསོ་དོང་།༽ བྱིའུ་གཉིས་ཊང་ཀ་གཅིག་ལ་འཚོང་མཁན་མིན་པས། ༼མིན་ནམ།༽ ཡིན་ནས་ཨལ་ལོ་ཧིམ་གྱི་སེམས་ལ་མི་སྐྱེ་ན་བྱིའུ་གཅིག་ཀྱང་ས་ལ་མི་རྡེབ་མཁན། ༣༠ ཁྱེད་ཀྱི་མགོའི་སྐྲ་རྐྱང་པ་རེ་རེ་ཡང་ཨལ་ལོ་ཧིམ་གྱིས་གྲངས་རྩིས་བརྒྱབ་སྟེ་ཡོད་པ། ༣༡ འོ་སོང་བས་ཁྱེད་མ་འཇིགས། བྱིའུ་ལ་ལས་ནི་ཨལ་ལོ་ཧིམ་གྱིས་ཁྱེད་ལ་རང་མང་པོ་མཐོང་མཁན་ཡིན་པ།།
༣༢ མི་ཡ་གི་མདུན་ལ། ང་ཡེ་ཤུ་བའི་ཉེ་གནས་ཡིན། སྨྲ་མཁན་དེ་ལ་ངས་ཀྱང་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་མདུན་ལ། ཁོ་ང་དེ་ཡིན། སྨྲས་ཏེ་སྨྲ་ཅེས་ཡོད། ༣༣ འོ་ལས་མིའི་མདུན་ལ། ངས་ཡེ་ཤུ་བ་ལ་ངོ་མི་ཤེས། སྨྲ་མཁན་དེ་ལ་ངས་ཀྱང་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་མདུན་ལ། ཁོ་ལ་ངོ་མི་ཤེས་མཁན། སྨྲས་ཏེ་སྨྲ་ཅེས་ཡོད།།
རང་གི་མི་ཡ་ལ་སྨྲས་ཏེ་(ལས)དཔོན་པོ་ལ་རྩིས་བྱེད་དགོས་མཁན།
༣༤ ༼འོ་ལས་གཉིས་པར་ཡེ་ཤུ་བས་སྨྲ་ཟིན།༽ ང་འཛམ་བུ་གླིང་ལ་ཞི་བདེ་གཏོང་ཅེས་ལ་འོངས་པ་ཡིན་སྨྲས་ཏེ་མ་གནས། མིན་པ། ང་ཞི་བདེ་གཏོང་ཅེས་ལ་འོངས་པ་མིན་པ། འཛིང་འཇུག་ཅེས་ལ་རང་འོངས་པ་ཡིན་པ། ༣༥ བུ་ཨ་ཕ་མཉམ་པོ་འཁྲུག་འཇུག་ཅེས་ལ། བུ་མོ་ཨ་མ་མཉམ་པོ་འཁྲུག་འཇུག་ཅེས་ལ། འོ་ལས་མནའ་མ་སྒྱུག་མོ་མཉམ་པོ་འཁྲུག་འཇུག་ཅེས་ལ་འོངས་པ་ཡིན་པ། ༣༦ མིའི་དགྲ་ནི་ཁོ་རང་གི་ཁང་པའི་ནང་ལས་འཐོན་ཅེས་ཡོད། ༣༧ ང་ལ་སྨྲས་ཏེ་(ལས་)རང་གི་ཨ་ཕ་ཨ་མ་ལ་རྩིས་བྱེད་མཁན། འོ་ལས་ང་ལ་སྨྲས་ཏེ་(ལས་)རང་གི་བུ་བུ་མོ་ལ་སྙིང་བརྩེ་བྱེད་མཁན་དེ་ནི་ངའི་ཉེ་གནས་འོང་ཅེས་ལ་མི་གཤའ། ༣༨ ག་འདྲ་སྡུག་པོ་རྣོག་དགོས་ན་ཡང་རྣོག་མཁན། འཆི་དགོས་ན་ཡང་འཆི་མཁན་སྨྲས་ཏེ་ངའི་རྗེས་བསྙེགས་ཏེ་འོངས་ཏེ་སྡོད་མཁན་གྱི་མི་མིན་པ། མི་གཞན་པ་ནི་ངའི་ཉེ་གནས་འོང་ཅེས་ལ་མི་གཤའ། ༣༩ རང་གི་ཚེ་སྲི་ཅེས་འཚོལ་མཁན་དེ་གིས་ཚེ་རང་སྟོར་འཇུག་ཅེས་ཡོད། རང་གི་ཚེ་ངའི་དོན་དག་ལ་སྟོར་འཇུག་མཁན་དེ་གིས་ནི་ཚེ་མཐའ་མེད་པ་འབྱོར་ཅེས་ཡོད།།
ཁྲིད་བཤད་དེ་འགྲོ་མཁན་གྱི་ཉེ་གནས་ལ་རོགས་བྱས་ཏེ་འགབ་ལས་རྔན་པ་འབྱོར་མཁན།
༤༠ ༼འོ་ལས་གཉིས་པར་ཡེ་ཤུ་བས་སྨྲ་ཟིན།༽ ཁྱེད་ལ་རྩིས་བྱེད་མཁན་དེ་གིས་ང་ལ་རང་རྩིས་བྱེད་མཁན། འོ་ལས་ང་ལ་རྩིས་བྱེད་མཁན་དེ་གིས་ནི་ང་ལ་གཏོང་མཁན་དེ་ལ་རང་རྩིས་བྱེད་མཁན། ༤༡ འོ་ལས་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གཅིག་ལ། ཁོ་ཨལ་གྱི་སྐད་ཆ་ཤོད་མཁན་ཡིན་སྨྲས་ཏེ་རྩིས་བྱེད་མཁན་དེ་ལ་ཨལ་གྱི་སྐད་ཆ་ཤོད་མཁན་ལ་ཅོག་འདྲ་རང་རྔན་པ་འབྱོར་ཅེས་ཡོད། འོ་ལས་ཨལ་ལོ་ཧིམ་གྱི་མདུན་ལ་དྲང་པོར་བྱེད་མཁན་དེ་ལ་རྩིས་བྱེད་མཁན་གྱི་མི་ལ་ཡང་དྲང་པོར་བྱེད་མཁན་དེ་ལ་ཅོག་འདྲ་རང་རྔན་པ་འབྱོར་ཅེས་ཡོད། ༤༢ ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །ཁོ་ངའི་ཉེ་གནས་ཡིན་སྨྲ་ཟིན་པ་དང་མི་ཆད་མ་ཞིག་ལ་ཆུ་གྲང་མོ་ཞིག་འཐུང་ཅེས་སྟེར་མཁན་དེ་ལ་ཡང་རྔན་པ་འབྱོར་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་སྨྲ་ཟིན།། །།