མད་ཐྰ་ལེའུ་བཅུ་གཉིས་པ།

ངལ་གསོ་མཁན་གྱི་ཉི་མའི་དོན་དག་ལ། (སྐོར་ལ།)
1 འོའི་དུས་ཚོད་ལ་ཡེ་ཤུ་ངལ་གསོ་མཁན་གྱི་ཉི་མ་གཅིག་རང་གི་ཉེ་གནས་ཅག་མཉམ་པོ་(སློབ་མ་ཅག་མཉམ་པོ་)ནས་ཞིང་ལས་ཀྱི་བྱས་ཏེ་ (ནས་ཞིང་བརྒྱུད་ནས་)འགྲོ་ཟིན། དེ་ནས་ཉེ་གནས་ཅག་(སློབ་མ་ཅག་)ལྟོགས་པ་སོང་བས་ནས་སྲུས་བསྒྲུགས་ཏེ་ཕུར་ཏེ་ཟ་ཟིན། 2 འདི་མཐོང་སྟེ་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རུ་ཤི་པ་རེ་འགའ་ཡིས། ལྟ་དོང་། རང་གི་ཉེ་གནས་ཅག་གིས་ནི་བཀའ་ཁྲིམས་ལ་བལྟས་ཏེ་ངལ་གསོ་མཁན་གྱི་ཉི་མ་ལ་བྱེད་ཅེས་མི་འོང་མཁན་གྱི་ལས་ཀ་ཡང་བྱེད་ཀོ་ནུག  སྨྲས་ཏེ།
3 དེ་ནས་ཡེ་ཤུས། རྒྱལ་པོ་དྰ་བིད་དང་ཁོའི་རོགས་ཅག་ལྟོགས་མཁན་གྱི་དུས་ཚོད་ལ་དྰ་བིད་ཀྱིས་ཅི་བྱས་པ། ཁྱེད་ཀྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་མ་བཀླགས་པས། 4 ཁོས་ཀྱིས་ཨལ་ལོ་ཧིམ་གྱི་ཕོ་བྲང་ལ་ཞུགས་ཏེ་ཨལ་ལོ་ཧིམ་ལ་བསྟེར་བའི་འཁུར་བ་ཅག་བླངས་ཏེ་རོགས་ཅག་མཉམ་པོ་བགོས་ཏེ་ཟ་ཟིན། དེ་ནས་བཀའ་ཁྲིམས་ལ་ལྟ་འགྲོ་ན་ནི་མཆོད་པ་འབུལ་མཁན་གྱི་ལེ་ཝིས་ ༼མཆོད་དཔོན་གྱིས་༽མིན་པ་སུ་གཞན་པས་ཀྱང་འོ་འཁུར་བ་ཟ་ཅེས་མི་འོང་མཁན། 5 གཉིས་པར། མཆོད་པ་འབུལ་མཁན་གྱི་ལེ་ཝི་ཅག་གིས་ ༼མཆོད་དཔོན་ཅག་གིས་༽ངལ་གསོ་མཁན་གྱི་ཉི་མ་ལ་ཡ་ཧུ་དྰ་པའི་མཆོད་ཁང་ལ་ཞབས་ཕྱི་ཞུ་ན་ཡང་ཁོང་གིས་ཅི་ཡང་འཛོལ་བ་མིན་པ་སྨྲས་ཏེ་བཀའ་ཁྲིམས་ལ་བྲིས་པའི་སྐད་ཆ་ཁྱེད་ཀྱིས་མ་བཀླགས་པས། (གཉིས་པར་ཅི་ཁྱེད་ཀྱིས་བཀའ་ཁྲིམས་ལ་མ་བཀླགས་པས། ངལ་གསོ་མཁན་གྱི་ཉི་མ་ལ་ཡང་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཅག་གིས་ ༼མཆོད་དཔོན་ཅག་གིས་༽མཆོད་ཁང་ལ་ཉི་མ་གྲངས་མ་(ཉི་མ་རེ་རེ་)ལས་ཀ་བྱེད་མཁན། ཡིན་ནས་ཁྲིམས་ལ་བགོམས་པ་དེ་ཁོང་ལ་ཅི་ཡང་ཉེས་པ་མི་ཕོགས་མཁན།) 6 ངས་ཀྱིས་ཁྱེད་ལ་སྨྲ་མཁན། མཆོད་ཁང་སྨྲས་ཏེ་ཡང་འདི་ལ་རྩིས་ཆེན་མོའི་སྐད་ཆ་གཅིག་ཡོད་པ། (མཆོད་ཁང་ལས་ཀྱང་ཆེ་བ་ཞིག་འདི་ལ་ཡོད་པ།) 7 ཤ། ཁྲག་དང་རུས་པ་ང་ལ་མི་དགོས། ཁྱེད་ཀྱིས་མི་ལ་སྙིང་རྗེ་བྱས་པ་དེ་ངས་ཀྱིས་མཐོང་མྱོང་དགོས་མཁན། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲས་པའི་སྐད་ཆ་ཤེས་པ་ཡིན་ན་ནི་(ཧ་གོ་བ་ཡིན་ན་ནི་)ཁྱེད་ཀྱིས་ཉེས་པ་འཇིག་པ་མེད་པའི་མི་ལ་སྐྱོན་འགེལ་ཅེས་མེད་པ་ཡོད་མཁན། 8 མིའི་བུ་ནི་ངལ་གསོ་མཁན་གྱི་ཉི་མ་དེ་ཡང་བདག་པོ་ཡིན་པ། སྨྲས་ཏེ། ཡེ་ཤུས།།
ངལ་གསོ་མཁན་གྱི་ཉི་མ་ལ་ལག་པ་བསྐམས་པའི་མི་ལ་དྲག་བཅུག་པ།
9 དེ་ནས་ཡེ་ཤུ་ཡ་ཧུ་དྰ་པའི་ཚོགས་ཁང་ལ་འགྲོ་ཟིན། 10 འོ་ལ་ལག་པ་གཅིག་བསྐམས་པའི་མི་གཅིག་ཡོད་མཁན་ནུག་པ། དེ་ནས་ཕ་རུ་ཤི་པ་རེ་འགའ་ཡིས་ཡེ་ཤུ་ལ་ཉེས་པ་འགེལ་ཅེས་སྨྲས་ཏེ་བསམ་བློ་གཏོང་ཟིན། དེ་ནས་ཁོང་གིས་ཡེ་ཤུ་ལ་འདྲི་ཟིན། ངལ་གསོ་མཁན་གྱི་ཉི་མ་ལ་མི་ལ་དྲག་འཇུག་ཅེས་འོང་མཁན་ནི་མི་འོང་མཁན། 11 ཡེ་ཤུས་ཁོང་ལ། ངལ་གསོ་མཁན་གྱི་ཉི་མ་ལ་ཁྱེད་དེ་ལུག་གཅིག་ཧབ་ཏྲ་ཧོབ་ཏྲའི་ནང་ལ་(ཁུང་དོང་ལ་)ཆུད་ན་ཁྱེད་ཀྱིས་མི་འདོན་མཁན་ནམ། 12 ལུག་སྨྲས་ཏེ་མི་ག་ཚོད་ཆེན་མོ་ཡིན་པ། (ལུག་ལས་མི་ག་ཚོད་ཆེ་བ་ཡིན་པ། ། མི་ནི་ལུག་ལས་ཀྱང་ག་ཚོད་ཆེ་བ་ཡིན་པ།) འོ་སོང་བས་ངལ་གསོ་མཁན་གྱི་ཉི་མ་ལ་ནད་པ་ལ་དྲག་འཇུག་ཅེས་འོང་མཁན། སྨྲས་ཏེ། ཡེ་ཤུས། 13 དེ་ནས་འོ་ལག་པ་བསྐམས་པའི་མི་ལ། ཁྱོད་ཀྱི་ལག་པ་རྐྱོང་དོང་། སྨྲས་ཏེ། དེ་ནས་འོ་མིས་ལག་པ་བརྐྱང་བརྐྱང་བ་ལ་(རྐྱོང་ཟིན་ཏེ་)ལག་པ་དྲག་སྟེ་ལག་པ་གཞན་པ་ཅོག་འདྲ་རང་ཡག་པོ་འགྲོ་ཟིན། 14 ཡ་ཧུ་དྰ་པའི་ཚོགས་ཁང་ལས་ཐོན་ཐོན་པ་ལ་(འཐོན་ཟིན་ཏེ་)ཕ་རུ་ཤི་པ་ཅག་གིས། ཡེ་ཤུ་ལ་ག་འདྲ་བྱས་ཏེ་གསོད་ཅེས་སྨྲས་ཏེ་གྲོས་རྒྱབ་ཟིན།།
ཨལ་ལོ་ཧིམ་གྱིས་འདམས་པའི་ཞབས་ཕྱིའི་སྐོར་ལ།
15 ཕ་རུ་ཤི་པ་ཅག་གིས་གྲོས་བརྒྱབ་པའི་སྐད་ཆ་རྒྱུས་ཡོད་མཁན་སོང་བས་ཡེ་ཤུ་འོ་ས་ཆ་ལས་འགྲོ་ཟིན། དེ་ནས་མི་མང་མོ་ཡེ་ཤུའི་རྗེས་ལ་འབྲངས་ཏེ་འོང་ཟིན། ཡེ་ཤུས་ཁོང་གི་ནང་ལ་ཡོད་མཁན་གྱི་ནད་པ་གང་པོ་ལ་དྲག་འཇུག་ཟིན། 16 དེ་ནས་མི་ཅག་ལ། ང་སུ་ཡིན་པ་སྨྲས་ཏེ་སུ་ལ་ཡང་མ་ཤོད། སྨྲས་ཏེ་བཀའ་སྟེར་ཟིན། 17 འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་ཤ་ཡས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ། (དེ་ནས་འདི་ཅོག་འདྲ་བྱས་ཏེ་ཡེ་ཤ་ཡས་སྨྲས་པའི་སྐད་ཆ་དོན་དག་འགྲུབ་ཟིན།)
18 ལྟ་དོང་། ངས་ཀྱིས་འདམས་པ་ང་ལ་ཞབས་ཕྱི་ཞུ་མཁན་གྱི་མི་ཁོ་རང་ཡིན་པ།།
ཁོ་ལ་ངས་ཀྱིས་བྱམས་པ་བྱེད་མཁན།།
ཁོ་ལ་མཐོང་སྟེ་ང་ལ་འཇིགས་པོར་དགེ་བ་ལང་མཁན།།
ཁོ་ལ་ང་རང་གི་རྣམ་པར་དག་པའི་ཐུགས་སྟེར་མཁན།།
དེ་ནས་ཁོས་ཀྱིས་བརྒྱུད་པ་གང་པོ་རང་གི་མི་ཅག་ལ་ཁྲིམས་དྲང་པོའི་སྐོར་ལ་སྒྲ་གསལ་ཅེས་ནུག །
19 ཁོས་ཀྱིས་སུ་མཉམ་པོ་ཡང་འཛིང་ཅེས་མི་འདུག  སྐད་ཆེན་མོ་ཡང་འདོན་ཅེས་མི་འདུག །
ཁོའི་སྐད་ལམ་ཅག་ལ་སུ་ཞིག་གིས་ཀྱང་ཐོས་ཅེས་མི་འདུག །
20 སྙུག་མ་གུག་གུག་ཅོག་འདྲ་ཡོད་མཁན་གྱི་མི་ལ་ཁོས་ཀྱིས་གཅོད་ཅེས་མི་འདུག །
དུ་བ་འཐུལ་བའི་སྡོང་རས་ཅོག་འདྲ་ཡོད་མཁན་གྱི་མི་ལ་ཁོས་ཀྱིས་གསོད་ཅེས་མི་འདུག །
འོ་ཅོག་འདྲའི་ལས་ཀ་ཅག་བྱེད་པ་དང་(བྱེད་བྱེད་པ་སྒང་ལ་)ཁོས་ཀྱིས་ཁྲིམས་ལ་བསྟན་པ་འདར་འཇུག་ཅེས་ནུག །
21 བརྒྱུད་པ་བརྒྱུད་པའི་མི་ཅག་གིས་རང་གི་རེ་བ་ཁོའི་མིང་ལ་འཇོག་ཅེས་ནུག །
སྨྲས་ཏེ་ཡེ་ཤ་ཡས་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།། (སྨྲས་ཏེ་ཡེ་ཤ་ཡས་སྨྲས་པའི་སྐད་ཆ་དོན་དག་འགྲུབ་ཟིན།།)
བདུད་ཀྱི་དབང་གིས་བྱས་ཏེ་གདོན་འདྲེ་ཅག་ལ་འདོན་མཁན་སྨྲས་ཏེ་ཡེ་ཤུ་ལ་ཉེས་པ་བཀལ་བ།
22 དེ་ནས་མི་ཅག་གིས་གདོན་འདྲེ་ཞུགས་པའི་མི་གཅིག་ལ་ཡེ་ཤུ་ས་ལ་(ཡེ་ཤུའི་རྩར་ལ་)འཁྲིད་ཟིན། ཁོས་ཀྱིས་མིག་མི་མཐོང་མཁན་དང་སྐད་ཆ་ཡང་སྨྲ་མི་ཁུག་མཁན། ཡེ་ཤུས་ཁོ་ལ་དྲག་བཅུག་བཅུག་པ་ལ་(དྲག་འཇུག་ཟིན་ཏེ་)ཁོས་ཀྱིས་མིག་མཐོང་མཁན་དང་སྐད་ཆ་སྨྲ་ཁུག་མཁན་འགྲོ་ཟིན། 23 མི་གང་པོ་ཧ་ལས་ཏེ་(ཧང་སངས་ཏེ་)སྨྲ་ཟིན། དྰ་བིད་ཀྱི་བརྒྱུད་པའི་སྲས་པོ་འདི་རང་ཡིན་པ་ནི། ༼དྰ་བིད་བརྒྱུད་པའི་སྲས་པོ་སུ་ཡིན་པ། དབང་སྐུར་ཐོབ་པ་ཡིན་པ།༽ སྨྲས་ཏེ། 24 མི་ཅག་གིས་སྨྲ་མཁན་གྱི་སྐད་ཆ་ཐོས་ཏེ་ཕ་ར་ཤི་པ་ཅག་གིས། འདི་མིས་ནི་གདོན་འདྲེ་འགོ་ཆེ་བ་པེ་ཨལ་བཟི་པད་ཀྱི་དབང་གིས་བྱས་ཏེ་གདོན་འདྲེ་ཅག་ལ་འདོན་གོ་ནུག  སྨྲས་ཏེ། 25 ཡེ་ཤུས་ཁོང་གི་བསམ་བློ་ཅག་ངོ་ཤེས་ཏེ་ཁོང་ལ། རྒྱལ་ཁམས་གཅིག་གི་མི་ཅག་གིས་ཁོང་གི་ནང་ལ་དམག་རྒྱབ་ན་འོ་རྒྱལ་ཁམས་རྫོགས་མཁན། གྲོང་ཁྱེར་(རྒྱལ་ས་)གཅིག་གི་མི་ཅག་གིས་ཁོང་གི་ནང་ལ་གསོད་གསོད་གཏུབ་གཏུབ་རྩོད་ན་ཡང་འོ་གྲོང་ཁྱེར་རྦད་འཐོར་ཁ་འཐོར་འགྲོ་མཁན། ཁྱིམ་གཅིག་གི་མེ་མེ་ཅག་ཁོང་གི་ནང་ལ་འཛིང་སྟེ་སྡོད་ན་ཡང་འོ་ཁྱིམ་ནོངས་ཏེ་འགྲོ་མཁན། 26 ད་སྰ་ཏན་དང་ཁོའི་རྗེས་འབྲང་ཅག་རང་གི་ནང་ལ་གཅིག་གིས་གཅིག་ལ་བསྙེགས་ཏེ་གཏོང་ན་ནི་སྰ་ཏན་གྱི་རྒྱལ་ཁམས་ཐར་ཁུག་མཁན་ནམ། 27 ཁྱེད་ཀྱིས་ང་ལ་པེ་ཨལ་བཟི་པད་ཀྱི་དབང་གིས་བྱས་ཏེ་(པེ་ཨལ་བཟི་པད་ཀྱི་དབང་འཐོགས་ཏེ་)གདོན་འདྲེ་ཅག་ལ་འདོན་གོ་ནུག་སྨྲས་ཏེ་སྨྲ་མཁན། འོ་འདྲ་ཡིན་ན་ཁྱེད་རང་གི་མི་ཅག་གིས་སུའི་དབང་གིས་བྱས་ཏེ་(སུའི་དབང་འཐོགས་ཏེ་)གདོན་འདྲེ་ཅག་ལ་འདོན་མཁན། ༼པེ་ཨལ་བཟི་པད་ཀྱི་དབང་གིས་བྱས་ཏེ་འདོན་མཁན་ཡིན་པས། མིན་པ། ཨལ་ལོ་ཧིམ་གྱི་དབང་གིས་བྱས་ཏེ་འདོན་མཁན།༽ འོ་སོང་བས་ཁྱེད་རང་གི་མི་ཅག་གིས་ཁྱེད་ལ་ཉེས་པ་འགེལ་ཅེས་ནུག (ཁྱེད་ལ་ཉེས་འགེལ་ཅེས་ནུག) 28 མིན་པ། ངས་ཀྱིས་ཨལ་ལོ་ཧིམ་གྱི་རྣམ་པར་དག་པའི་ཐུགས་ཀྱི་དབང་གིས་བྱས་ཏེ་གདོན་འདྲེ་ཅག་ལ་བཏོན་པ་ཡིན་པ། དེ་ནས་འདི་ལས་ཀ་ཅག་གིས་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་དཀྱིལ་ལ་(ཁྱེད་ཀྱི་བར་དཀྱིལ་ལ་)རང་གི་རྒྱལ་པོ་བྱེད་མཁན་གྱི་ལས་ཀ་འགོ་འཛུགས་ཟིན་ཟིན་ནུག་སྨྲ་མཁན་དེ་ཁྱེད་ཀྱིས་ཤེས་ཏོང་། 29 གཉིས་པར་དཔེ་ཡིན་ན། ཤུགས་ཆེན་མོ་ཡོད་མཁན་གྱི་མི་ལ་མ་བསྡམས་ཐུག་ཁོའི་ཁྱིམ་ལ་ཞུགས་ཏེ་ཁོའི་བྱད་ལག་ག་འདྲ་བྱས་ཏེ་འཁྱེར་ཁུག་ཅེས། ཁོ་ལ་བསྡམས་བསྡམས་པ་ལ་ནི་(སྡོམ་ཟིན་ཏེ་ནི་ ། སྡོམ་ཟིན་ཏེ་རྗེས་ལ་ནི་)འཁྱེར་ཁུག་མཁན་ཨ་ལེ།།
30 ང་མཉམ་པོ་ཕྱོགས་མི་བྱེད་མཁན་དེ་གིས་ང་ལ་དགྲ་བྱེད་མཁན། ང་མཉམ་པོ་སྡུད་རོགས་མི་བྱེད་མཁན་དེ་གིས་ནི་ཡོད་མཁན་དེ་ཡང་འཕྲོ་(འཐོར་)འཇུག་མཁན། 31 འོ་སོང་བས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། མི་ཅག་གིས་བྱེད་མཁན་གྱི་ངོ་ལོག་ཅི་ཡོད་ན་ཡང་འདག་ཁུག་མཁན། ཨལ་ལོ་ཧིམ་ལ་སྐུར་པ་བཏབ་པ་དེ་ཡང་འདག་ཁུག་མཁན། ཡིན་ནས་རྣམ་པར་དག་པའི་ཐུགས་ལ་དགྲ་བྱས་ཏེ་སྐུར་པ་བཏབ་པ་དེ་ནི་འདག་ཁུག་ཅེས་མི་འདུག 32 མིའི་བུ་ལ་ཚིག་ངན་སྨྲས་པའི་མི་ལ་ཡང་གློད་གཏོང་ཁུག་མཁན། ཡིན་ནས་རྣམ་པར་དག་པའི་ཐུགས་ལ་དགྲ་བྱས་ཏེ་ཚིག་ངན་སྨྲ་མཁན་གྱི་མི་ལ་ནི་ན་འདི་དུས་རབས་ལ་ན་མ་འོངས་པའི་དུས་རབས་ལ་(འདི་དུས་རབས་དང་འོང་མཁན་གྱི་དུས་རབས་ལ་ཡང་)ནམ་ཡང་གློད་གཏོང་ཅེས་མི་འདུག  སྨྲས་ཏེ། ཡེ་ཤུས།། ༼ཅི་ལས་སྨྲ་ན། རྣམ་པར་དག་པའི་ཐུགས་ལ་དགྲ་བྱེད་མཁན་གྱི་མིས་ནི་འགྱོད་པ་མི་སྐྱེ། འོ་སོང་བས་ཁོའི་ངོ་ལོག་འདག་ཁུག་ཅེས་མི་འདུག༽
འོངས་པ་ཅག་བལྟས་ཏེ་སྡོང་པོ་ངོ་ཤེས་མཁན། (ཧ་གོ་མཁན།)
33 དེ་ནས་གཉིས་པར་ཡེ་ཤུས། རྩ་བ་ཡག་པོའི་སྡོང་པོ་ལས་ཤིང་ཐོག་ཡག་པོ་འོང་ཅེས་ནུག  རྩ་བ་བཙོག་པའི་སྡོང་པོ་ལས་ཕན་མི་ཐོགས་མཁན་གྱི་ཤིང་ཐོག་འོང་ཅེས་ནུག  ཤིང་ཐོག་ལ་བལྟས་ཏེ་སྡོང་པོ་ག་འདྲ་ཡོད་པ་སྨྲས་ཏེ་འོ་རང་གིས་ངོ་ཤེས་ཁུག་མཁན། 34 ཨེ་ཁོག་པ་ནག་པོའི་བརྒྱུད་པ་ཅག (ཨེ་སྤྲུལ་གྱི་བརྒྱུད་པ་ཅག) ཁྱེད་ཅག་རང་རང་མི་ངན་པ་ཡོད་དེ་རྗེས་ལ་སྐད་ཆ་ཡག་པོ་ག་འདྲ་བྱས་ཏེ་སྨྲ་ཁུག་ཅེས། མིའི་སེམས་ལ་གང་དྲའི་སྐད་ཆ་མང་འགྲོ་མང་འགྲོ་འགྲོ་མཁན། འོ་དེ་རང་ཁ་ལས་འཐོན་མཁན། 35 མི་ཡག་པོས་རང་གི་སེམས་ལ་ཡོད་མཁན་གྱི་(སེམས་ལ་དཔྱངས་པའི་)སྐད་ཆ་ཡག་པོ་འདོན་མཁན། མི་ངན་པས་ནི་རང་གི་སེམས་ལ་ཡོད་མཁན་གྱི་(སེམས་ལ་དཔྱངས་པའི་)སྐད་ཆ་ངན་པ་རང་འདོན་མཁན། 36 ངས་ཀྱིས་ཁྱེད་ལ་སྨྲ་མཁན། ཁྲིམས་གཏོང་མཁན་གྱི་ཉི་མ་ལ་མི་ཅག་གིས་སྨྲས་པའི་ཕན་མི་ཐོགས་མཁན་གྱི་སྐད་ཆ་རེ་རེ་བྱས་ཏེ་ཨལ་ལོ་ཧིམ་གྱི་གདོང་ལ་(མདུན་ལ་)སྨྲ་དགོས་ཅེས་ནུག 37 ཁྱེད་ཀྱིས་སྨྲས་པའི་སྐད་ཆ་ལ་བལྟས་ཏེ་ཨལ་ལོ་ཧིམ་གྱིས་ཁྱེད་དག་པ་དང་མ་དག་པ་ངོ་ཤེས་ཅེས་ནུག  དེ་ནས་དག་པ་ལ་གློད་གཏོང་ཅེས་ནུག  མ་དག་པ་དེ་ལ་ཉེས་པ་འགེལ་ཅེས་ནུག  སྨྲས་ཏེ། ཡེ་ཤུས།།
ཡེ་ཤུ་ལ་ནུས་པ་སྟོན་དོང་སྨྲས་ཏེ་སྨྲས་པ།
38 དེ་ནས་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རུ་ཤི་པ་རེ་འགའ་ཡེ་ཤུ་ས་ལ་(ཡེ་ཤུའི་རྩར་ལ་)འོངས་ཏེ་ཁོ་ལ། དགེ་རྒན། ཁྱོད་ཨལ་ལོ་ཧིམ་གྱིས་བཏང་བའི་མི་ཡིན་ན་ངེད་ལ་ནུས་པ་སྟོན་དོང་། སྨྲས་ཏེ། 39 ཡེ་ཤུས། མདང་དེ་རིང་གི་མི་ཅག་ག་ཚོད་ངན་པ་འོ་ལས་བྱི་བོ་བྱི་མོ་བ་ནུག  ཁོང་ནུས་པ་ལ་ལྟ་ཅེས་འཚོལ་མཁན། ༼ཡིན་ནས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཅེས་མི་འཚོལ་མཁན།༽ ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོ་ནྰའི་ནུས་པ་མིན་པ། ནུས་པ་གཞན་པ་ནི་ཁོང་གིས་མཐོང་མྱོང་ཅེས་མི་འདུག 40 ཡོ་ནྰ་ཉི་མ་གསུམ་དང་དགོང་མོ་གསུམ་ཐུག་ཉ་ཆེན་མོ་ཞིག་གི་གྲོད་པའི་ནང་ལ་སྡོད་མཁན་ཅོག་འདྲ་རང་མིའི་བུ་ཡང་ཉི་མ་གསུམ་དང་དགོང་མོ་གསུམ་ཐུག་ས་གཞིའི་གཏིང་ལ་སྡོད་དགོས་ཅེས་ནུག །
41 ཁྲིམས་གཏོང་མཁན་གྱི་ཉི་མ་ལ་ནིན་ཝེ་རྒྱལ་སའི་མི་ཅག་གིས་ལངས་ཏེ་མདང་དེ་རིང་གི་མི་ཅག་ལ་ཉེས་པ་འགེལ་ཅེས་ནུག (ཉེས་འགེལ་ཅེས་ནུག) ཅི་ལས་སྨྲ་ན། ཡོ་ནྰ་ཡིས་ཤོད་པ་དང་(ཤོད་མཁན་སྒང་ལ་)ཁོང་གིས་ཉན་ཏེ་འགྱོད་པ་སྐྱེས་ཏེ་ངོ་ལོག་གི་ལས་ཀ་ཅག་སྤོང་ཟིན། ལྟ་དོང། ད་ལྟ་འདི་ལ་ནི་ཡོ་ནྰ་སྨྲས་ཏེ་ཡང་ཆེན་མོ་ཞིག་ཡོད་པ། (ད་ལྟ་འདི་ལ་ནི་ཡོ་ནྰ་ལས་ཀྱང་ཆེ་བ་ཞིག་ཡོད་པ།) 42 གཉིས་པར། ཁྲིམས་གཏོང་མཁན་གྱི་ཉི་མ་ལ་ལྷོ་ཕྱོགས་ཀྱི་རྒྱལ་མོ་དེ་གིས་ལངས་ཏེ་མདང་དེ་རིང་གི་མི་ཅག་ལ་ཉེས་པ་འགེལ་ཅེས་ནུག (ཉེས་འགེལ་ཅེས་ནུག) ཅི་ལས་སྨྲ་ན། རིག་ཤེས་ཆེན་མོ་ཡོད་མཁན་གྱི་རྒྱལ་པོ་སོ་ལོ་མོན་གྱི་སྐད་ཆ་ལ་ཉན་ཅེས་སྨྲས་ཏེ་མོ་ཐག་རིང་པོ་ལས་འོངས་པ། ལྟ་དོང་། ད་ལྟ་འདི་ལ་ནི་སོ་ལོ་མོན་སྨྲས་ཏེ་ཡང་ཆེན་མོ་ཞིག་ཡོད་པ། (ད་ལྟ་འདི་ལ་ནི་སོ་ལོ་མོན་ལས་ཀྱང་ཆེ་བ་ཞིག་ཡོད་པ།) སྨྲས་ཏེ། ཡེ་ཤུས།།
ཨལ་ལོ་ཧིམ་ལ་དད་པ་ལོག་ན་གདོན་འདྲེ་ལོག་སྟེ་འོང་ཁུག་མཁན་གྱི་སྐོར་ལ།
43 ༼དེ་ནས་གཉིས་པར་ཡེ་ཤུས།༽ གདོན་འདྲེ་མི་ལས་ཐོན་ཏེ་ཕྱིན་ཕྱིན་པ་ལ་(ཐོན་ཏེ་འགྲོ་ཟིན་ཏེ་)ཁོ་ངལ་འཚོ་ཅེས་སྨྲས་ཏེ་སྐམ་པོའི་ས་ཆ་ཅག་ལ་བཙོལ་ཏེ་འགྲོ་མཁན། ཡིན་ནས་ག་ལ་ཡང་མི་འབྱོར་མཁན། 44 སྡོད་སའི་ས་ཆ་ག་ལ་ཡང་མཇལ་མ་ཟིན་ཟིན་པ་ལ། (མཇལ་མ་ཟིན་ཏེ་རྗེས་ལ།) གདོང་ལ་བསྡད་པའི་ས་ཆ་ལ་འགྲོ་དགོས་ཟིན། སྨྲས་ཏེ་ཁོ་ལོག་འོང་མཁན། ལོག་འོང་བ་དང་ནི་(ལོག་འོང་མཁན་སྒང་ལ་ནི་)ཁོས་ཀྱིས་སྡོད་སའི་ས་ཆ་འཕྱགས་ཏེ་སང་སེང་བྱས་ཏེ་སྟོང་པ་མཇལ་ཟིན་མཁན། 45 འདི་མཐོང་སྟེ་ཁོ་ཕྱིན་ཏེ་རང་སྨྲས་ཏེ་ཡང་(རང་ལས་ཀྱང་) ངན་པའི་གདོན་འདྲེ་བདུན་ཁྲིད་དེ་འོང་མཁན། དེ་ནས་ཁོང་འོ་ནང་ལ་ཞུགས་ཏེ་སྡོད་མཁན། འོ་སོང་བས་འོ་མིའི་གནས་སྟངས་(གནས་སྐབས་)གདོང་ལ་སྨྲས་ཏེ་ཡང་ (གདོང་ལ་ལས་ཀྱང་)ད་རུང་བཙོག་པ་འགྲོ་མཁན། མདང་དེ་རིང་གི་མི་ངན་པ་ཅག་ལ་འོ་ཅོག་འདྲ་རང་འབབ་ཅེས་ནུག  སྨྲས་ཏེ། ཡེ་ཤུས།།
ཡེ་ཤུའི་ཨ་མ་དང་སྤུན་ཅག
46 ཡེ་ཤུས་མི་མི་མང་ལ་འདི་སྐད་ཆ་སྨྲ་བ་དང་(སྨྲ་མཁན་སྨྲ་མཁན་སྒང་ལ་)ཡེ་ཤུའི་ཨ་མ་དང་འོག་མ་ཅག་ཐུག་འོང་ཟིན། ཁོང་ཕྱི་ལ་ལངས་ཏེ། ཡེ་ཤུ་མཉམ་པོ་སྐད་ཆ་གཅིག་གཉིས་སྨྲ་ཅེས་སྨྲས་ཏེ་(སྨྲ་བ་ལ་) བསྒུགས་ཏེ་བསྡད་དེ་ཡོད་མཁན། 47 མི་གཅིག་གིས་ཡེ་ཤུ་ལ། དགེ་རྒན། རང་གི་ཨ་མ་དང་འོག་མ་ཅག་རང་མཉམ་པོ་སྐད་ཆ་སྨྲ་ཅེས་སྨྲས་ཏེ་(སྨྲ་བ་ལ་)ཕྱི་ལ་བསྒུགས་ཏེ་སྡོད་ཀོ་ནུག  སྨྲས་ཏེ། 48 ཡེ་ཤུས་འདི་སྐད་ཆ་ཤོད་མཁན་གྱི་མི་ལ། ངའི་ཨ་མ་དང་ངའི་སྤུན་ནི་སུ་ཡིན་པ། སྨྲས་ཏེ། 49 དེ་ནས་ཡེ་ཤུས་རང་གི་ལག་པས་རྗེས་འབྲང་ཅག་ལ་(སློབ་མ་ཅག་ལ་)བསྟན་ཏེ། ལྟ་དོང་། ངའི་ཨ་མ་དང་ངའི་སྤུན་ནི་འདི་ཅག་རང་ཡིན་པ། 50 ཅི་ལས་སྨྲ་ན། ནམ་མཁའ་ལ་སྡོད་མཁན་གྱི་ངའི་ཨ་ཕའི་བཀའ་ལ་ཉན་མཁན་ཅག་རང་ངའི་ཨ་མ་དང་སྤུན་ཀྱག་ཅག་ཡིན་པ། སྨྲས་ཏེ། ཡེ་ཤུས།། །།