མགོ་མ་ལེའུ་བཞི་པ།

༡ ཨ་དམ་རང་གི་ཆུང་མ་འཚོ་བ་མཉམ་པོ་ལུས་འབྲེལ་བྱེད་ཟིན་པ་དང་འཚོ་བ་ལ་མངལ་ལྡན་ཆགས་ཟིན། (མངལ་སྡན་འགྲོ་ཟིན།) མོ་ལ་བུ་ཞིག་སྐྱེ་ཟིན། དེ་ནས་མོས་ཀྱིས། ཡ་ཝྰེས་ང་ལ་རོགས་བྱས་པས། བུ་ཞིག་སྐྱེ་ཟིན། སྨྲས་ཏེ། འོ་འདྲ་བྱས་ཏེ་མོས་ཀྱིས་འདི་བུའི་མིང་ཀྰ་ཡན་འདོགས་ཟིན། (འོ་འདྲ་བྱས་ཏེ་མོས་ཀྱིས་འདི་བུའི་མིང་ཀྰ་ཡན་སྨྲས་ཏེ་འདོགས་ཟིན།) ༼ཀྰ་ཡན་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་བཀོད་པ་སྨྲས་པ་ཡིན་པ།༽ ༢ དེ་ནས་ཀྱང་མོ་ལ་ཧ་བེལ་སྨྲ་མཁན་གྱི་བུ་ཞིག་སྐྱེ་ཟིན་ནུག  ཧ་བེལ་ལུག་རྫི་ཆགས་ཟིན། ཡིན་ནས་ཀྰ་ཡན་ཞིང་པ་ཆགས་ཟིན། ༣ དུས་ཚོད་ཨ་དོག་གི་རྗེས་ལ་ཀྰ་ཡན་གྱིས་ཞིང་ལས་སྟོན་ཏོག་སུད་པ་(སྐྱེས་པའི་འབྲས་བུ་)འཁྱེར་འོངས་ཏེ་ཡ་ཝྰེ་ལ་མཆོད་པ་འབུལ་ཟིན། ༤ དེ་ནས་ཧ་བེལ་གྱིས་རང་གི་ལུག་གི་ནང་ལས་སྔོན་སྐྱེས་དེ་(དང་པོའི་སྐྱེས་པའི་ལུག་གི་བེའུ་)དང་ཚིལ་འཁྱེར་འོངས་ཏེ་མཆོད་པ་འབུལ་ཟིན། ཡ་ཝྰེས་ཧ་བེལ་དང་ཁོའི་མཆོད་པ་ལ་རྩིས་འཇོག་ཟིན། ༥ ཡིན་ནས་ཀྰ་ཡན་དང་ཁོའི་མཆོད་པ་ལ་རྩིས་མ་བཞག་པ། དེ་ནས་ཀྰ་ཡན་ཚད་མེད་པ་གདོང་པ་ནག་པོ་འགྲོ་ཟིན། ༦ དེ་ནས་ཡ་ཝྰེས་ཀྰ་ཡན་ལ། ཁྱོད་ཅི་ལས་ཁྲོས་པས། ༼ཁྲོས་སམ།༽ ཅི་ལས་གདོང་པ་ནག་པོ་བཟོས་པས། ༼བཟོས་སམ།༽ ༧ ཁལ་སྲིད་ཁྱོད་ཀྱིས་བཟང་པོ་བྱས་པ་ཡིན་ན་ཁྱོད་ཀྱི་གདོང་པ་མི་འཕྱར་མཁན་ནམ། བཟང་པོ་མི་བྱེད་ན་ངོ་ལོག་ཁྱོད་ཀྱི་སྒོའི་འགྲམ་ལ་འོངས་ཏེ་བསྒུགས་ཏེ་སྡོད་མཁན། དེ་ནས་ཁྱོད་ལ་འོ་དེ་གི་དབང་གི་འོག་ལ་འཇོག་ཅེས་འཚོལ་མཁན། ཡིན་ནས་འོ་དེ་ལ་ཁྱོད་ཀྱི་དབང་གི་འོག་ལ་འཇོག་དགོས་མཁན། སྨྲས་ཏེ། ༨ དེ་ནས་ཀྰ་ཡན་གྱིས་རང་གི་སྤུན་ཧ་བེལ་ལ། འོ་རང་ཞིང་ལ་འགྲོ། སྨྲས་ཏེ། ཞིང་གི་དཀྱིལ་ལ་སླེབས་ཏེ་འགབ་ལས་(སླེབས་སླེབས་པ་ལ་ ། སླེབ་ཟིན་ཏེ་རྗེས་ལ་)ཀྰ་ཡན་གྱིས་རང་གི་སྤུན་ཧ་བེལ་ལ་འཁྲུག་པ་བརྒྱབ་སྟེ་(ཧ་བེལ་གྱི་ཐོག་ལ་འཛོམས་ཏེ་)ཁོ་ལ་གསོད་ཟིན།།

༩ ཡ་ཝྰེས་ཀྰ་ཡན་ལ། ཁྱོད་ཀྱི་སྤུན་ཧ་བེལ་ག་ན་ཡོད། སྨྲས་ཏེ། ཁོས་ཀྱིས། ངས་ཀྱིས་མི་ཤེས། ཅི་ང་ངའི་སྤུན་གྱི་ལྟ་མཁན་ཡིན་ནམ། སྨྲས་ཏེ། ༡༠ དེ་ནས་ཨལ་ལོ་ཧིམ་གྱིས་ཁོ་ལ། ཁྱོད་ཀྱིས་ཅི་བྱས་པས། ༼བྱས་སམ།༽ ཁྱོད་ཀྱི་སྤུན་གྱི་ཁྲག་གིས་ས་ལས་ང་ལ་སྐད་གཏོང་གོ་ནུག (ང་ལ་འབོད་སྒྲ་རྒྱབ་ཀོ་ནུག) ༡༡ ད་ཁྱོད་ཀྱི་ཐོག་ལ་དམོད་མོ་བཙུགས་ཏེ་ཡོད་མཁན། ཁྱོད་ཀྱིས་རང་གི་སྤུན་ལ་གསོད་པ་གང་ལ་(གསོད་པ་དང་)རང་གི་སྤུན་གྱི་ཁྲག་གིས་ས་ལ་སྦངས་ཏེ་ཡོད་མཁན། དེ་ནས་སས་ཀྱིས་ཁོའི་ཁྲག་འཐུང་ཟིན། ༡༢ གལ་སྲིད་ཁྱོད་ཀྱིས་རྨོན་པ་བརྒྱབ་སྟེ་ཐབས་ཤེས་བྱས་པ་ཡིན་ན་ཞིང་གིས་སྟོན་ཏོག་ཅི་ཡང་མི་སྟེར་མཁན། འཁྱམ་འགྲོ་མཁན་ཞིག་འགྲོ་མཁན་ཡིན། སྨྲས་ཏེ། ༡༣ དེ་ནས་ཀྰ་ཡན་གྱིས་ཡ་ཝྰེ་ལ། ང་ལ་བསྟེར་བའི་ཉེས་པ་དཀའ་ལས་ཁག་པོ་ནག  འདི་ངས་ཀྱིས་རྣོག་མི་ཁུག་མཁན། ༡༤ འདི་ཉི་མ་ལ་ཁྱོད་ཀྱིས་ང་ལ་ཞིང་དང་རང་གི་འགྲམ་ལས་བཏོན་ཡོད་མཁན། འཁྱམ་འགྲོ་མཁན་ཞིག་ང་འགྲོ་མཁན་ཡིན་པ། སུ་ཞིག་གིས་ང་ལ་ཐུག་ན་འོ་དེ་གིས་ང་ལ་གསོད་ཅེས་ཡོད། སྨྲས་ཏེ། ༡༥ ཡིན་ནས་ཡ་ཝྰེས་ཁོ་ལ། མིན་པ། སུ་ཞིག་གིས་ཀྰ་ཡན་ལ་གསོད་ན་འོ་དེ་ལ་ཉེས་པ་ལན་བདུན་འཕོག་ཅེས་ཡོད། (འོ་དེ་མཉམ་པོ་ལྡབ་བདུན་སྐྱིན་པ་ལེན་ཅེས་ཡོད།) སྨྲས་ཏེ། དེ་ནས་ཀྰ་ཡན་ལ་མ་གསོད་ཅེས་ཀྱི་ཆེད་དུ་(མ་གསོད་འཇུག་སྨྲས་ཏེ་)ཡ་ཝྰེས་ཀྰ་ཡན་ལ་རྟགས་གཅིག་བརྒྱབ་སྟེར་ཟིན།།

༡༦ དེ་ནས་ཀྰ་ཡན་ཡ་ཝྰེའི་གདོང་ལས་(མདུན་ལས་)ཕྱིན་ཏེ་ཨེ་དེན་གྱི་ཤར་ཕྱོགས་ལ་ཡོད་པའི་ནོད་སྨྲ་མཁན་གྱི་ཡུལ་ལ་སྡོད་ཅེས་འཛུགས་ཟིན། ༡༧ དེ་ནས་ཀ་ཡན་རང་གི་ཆུང་མ་མཉམ་པོ་ལུས་འབྲེལ་བྱེད་ཟིན་པ་དང་མོ་ལ་མངལ་ལྡན་ཆགས་ཟིན། (མངལ་ལྡན་འགྲོ་ཟིན།) དེ་ནས་ཧ་ནོག་སྐྱེ་ཟིན། ཀྰ་ཡན་གྱིས་ཡུལ་ཆེན་པོ་ཞིག་(རྒྱལ་ས་ཞིག་)བཟོས་ཏེ་རང་གི་བུ་ཧ་ནོག་གི་མིང་ཅོག་འདྲ་འོ་ཡུལ་ཆེན་པོ་ལ་མིང་འདོགས་ཟིན། (འཇོག་ཟིན།) ༡༨ ཧ་ནོག་གི་བུ་ཨི་རད། ཨི་རད་ཀྱི་བུ་མྰ་ཧུ་ཡ་ཨལ། མྰ་ཧུ་ཡ་ཨལ་གྱི་བུ་མྰ་ཐུ་ཤ་ཨལ། མྰ་ཐུ་ཤ་ཨལ་གྱི་བུ་ལྰ་མེག་ཡིན་མཁན།། 

༡༩ དེ་ནས་ལྰ་མེག་གིས་ཆུང་མ་གཉིས་བླངས་ཏེ། གཅིག་གི་མིང་ཨ་དྰ་དང་གཅིག་གི་མིང་ཚི་ལྰ་ཡིན་མཁན། ༢༠ ཨ་དྰ་ལ་སྐྱེས་པའི་བུ་ཡྰ་བལ་ནི་གུར་ལ་བསྡད་དེ་བ་གླང་འཚོ་མཁན། ཁོ་གུར་ལ་བསྡད་དེ་བ་གླང་འཚོ་མཁན་གང་པོའི་མགོ་པ་ཡིན་མཁན། ༢༡ ཁོའི་སྤུན་ཡུ་བལ་ནི་སྒྲ་སྙན་དང་གླིང་བུ་གཏོང་མཁན་ཡིན་པ། ཁོ་སྒྲ་སྙན་དང་གླིང་བུ་གཏོང་མཁན་གང་པོའི་མགོ་པ་ཡིན་མཁན། ༢༢ དེ་ནས་ཚི་ལྰ་ལ་ཐུ་བལ་ཀྰ་ཡན་སྐྱེ་ཟིན། ཁོ་གྲི་རིགས་ཀྱི་ཁ་ཅན་གྱི་ལག་ཆ་རག་དང་ལྕགས་ལས་བཟོ་མཁན་ཡིན་པ། ཁོ་གྲི་རིགས་ཀྱི་ཁ་ཅན་གྱི་ལག་ཆ་རག་དང་ལྕགས་ལས་བཟོ་མཁན་གྱི་དགེ་རྒན་ཡིན་མཁན། ཐུ་བལ་ཀྰ་ཡན་གྱི་སྲིང་མོ་ནི་ནྰ་ཨ་མྰ་ཡིན་མཁན། ༢༣ དེ་ནས་ལྰ་མེག་གིས་རང་གི་ཆུང་མ་གཉིས་ལ། ངའི་སྐད་ལ་ཉན་དོང་ཨ་དྰ་དང་ཚི་ལྰ། ང་ལ་རྨ་ཁ་བཟོ་མཁན་གྱི་མི་ཞིག་ལ་གསོད་ཟིན། ང་ལ་བརྒྱབ་སྟེ་སྐྲང་གི་ཆེད་དུ་ཤར་པ་ཞིག་ལ་གསོད་ཟིན། ༢༤ གལ་སྲིད་ཀྰ་ཡན་གྱི་ཉེས་པ་ལན་བདུན་འཕོག་ན། (གལ་སྲིད་ཀྰ་ཡན་མཉམ་པོ་ལྡབ་བདུན་སྐྱིན་པ་ལེན་ན།) ལྰ་མེག་གི་ཆེད་དུ་ཉེས་པ་ལན་བདུན་ཅུ་དང་བདུན་འཕོག་ཅེས་ཡོད། (ལྰ་མེག་གི་ཆེད་དུ་ལྡབ་བདུན་ཅུ་དང་བདུན་སྐྱིན་པ་ལེན་ཅེས་ཡོད།) སྨྲས་ཏེ། ༢༥ དེ་ནས་ཨ་དམ་རང་གི་ཆུང་མ་མཉམ་པོ་ཡང་ལུས་འབྲེལ་བྱེད་ཟིན། མོ་ལ་བུ་ཞིག་སྐྱེ་ཟིན། བུའི་མིང་ཤེད་འདོགས་ཟིན། (འཇོག་ཟིན།) ཅི་ལས་འདི་བུའི་མིང་ཤེད་ཡིན་མཁན། ཅི་ལས་སྨྲ་ན་འོ་འདྲ་སྨྲས་ཏེ་མོས་ཀྱིས། ཀྰ་ཡན་གྱིས་བསད་པའི་ཧ་བེལ་གྱི་ཚབ་ལ་ཨལ་ལོ་ཧིམ་གྱིས་ང་ལ་བརྒྱུད་པ་གཞན་པ་འོང་འཇུག (ཀྰ་ཡན་གྱིས་ཧ་བལ་བསད་པས། ཨལ་ལོ་ཧིམ་གྱིས་ང་ལ་ཧ་བལ་གྱི་ཚབ་ལ་འདི་བུ་སྟེར་ཟིན།) སྨྲས་ཏེ། ༼ཤེད་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་ཚབ་དང་བསྐོས་པ་སྨྲས་པ་ཡིན་པ།༽ ༢༦ ཤེད་ལ་ཡང་བུ་ཞིག་སྐྱེ་ཟིན། བུའི་མིང་ཨེ་ནོ་ཤྰ་འདོགས་ཟིན། (འཇོག་ཟིན།) འོའི་དུས་ཚོད་ལ་མི་ཡ་གིས་ཡ་ཝྰེའི་མིང་ལ་འབོད་སྒྲ་རྒྱབ་ཅེས་འགོ་འཛུགས་ཟིན།། །།

Your encouragement is valuable to us

Your stories help make websites like this possible.