མགོ་མ་ལེའུ་ལྔ་པ།

 ཨ་དམ་གྱི་རིགས་བརྒྱུད་ཀྱི་མདོ་ནི་འདི་ཅོག་འདྲ་ཡིན་པ། ཨལ་ལོ་ཧིམ་གྱིས་མི་བཀོད་པའི་ཉི་མ་ལ་ཁོས་ཨལ་ལོ་ཧིམ་གྱི་བཟོ་ལྟ་ཅོག་འདྲ་འགོད་ཟིན།  སྐྱེས་པ་དང་བུད་མེད་ཨལ་ལོ་ཧིམ་གྱིས་འགོད་ཟིན་དང་། བྱིན་རླབས་གནང་ཟིན། འོ་བཀོད་པའི་ཉི་མ་ལ་ཁོང་གི་མིང་ལ་ཨ་དམ་འདོགས་ཟིན།། 

 ཨ་དམ་ལོ་བརྒྱ་དང་སུམ་ཅུ་སླེབས་ཏེ་རང་གི་བཟོ་ལྟ་དང་གྲིབ་ནག་ཅོག་འདྲ་ཁོ་ལ་བུ་ཞིག་སྐྱེ་ཟིན། བུའི་མིང་ལ་ཤེད་འདོགས་ཟིན།  ཨ་དམ་ལས་ཤེད་སྐྱེས་ཏེ་ལས་ཁོ་ལོ་བརྒྱད་བརྒྱ་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན།  འོ་འདྲ་ཨ་དམ་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་སུམ་ཅུ་ལ་འཆི་ཟིན།  ཤེད་ལོ་བརྒྱ་དང་ལྔ་སླེབས་ཏེ་ཨེ་ནོ་ཤ་སྐྱེ་ཟིན།  ཤེད་ལས་ཨེ་ནོ་ཤ་སྐྱེས་ཏེ་ལས་ཁོ་ལོ་བརྒྱད་བརྒྱ་དང་བདུན་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན།  འོ་འདྲ་ཤེད་ལོ་དགུ་བརྒྱ་དང་བཅུ་གཉིས་བསྡད་དེ་འཆི་ཟིན།།

 ཨེ་ནོ་ཤ་ལོ་དགུ་བཅུ་སླེབས་ཏེ་ཀེ་ནན་སྐྱེ་ཟིན། ༡༠ ཨེ་ནོ་ཤ་ལས་ཀེ་ནན་སྐྱེས་ཏེ་ལས་ཁོ་ལོ་བརྒྱད་བརྒྱ་དང་བཅོ་ལྔ་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༡༡ འོ་འདྲ་ཨེ་ནོ་ཤ་ལོ་དགུ་བརྒྱ་དང་ལྔ་བསྡད་དེ་འཆི་ཟིན།།

༡༢ ཀེ་ནན་ལོ་བདུན་ཅུ་སླེབས་ཏེ་མ་ཧ་ལ་ལེ་ཨལ་སྐྱེ་ཟིན། ༡༣ ཀེ་ནན་ལས་མ་ཧ་ལ་ལེ་ཨལ་སྐྱེས་ཏེ་ལས་ཁོ་ལོ་བརྒྱད་བརྒྱ་དང་བཞི་བཅུ་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༡༤ འོ་འདྲ་ཀེ་ནན་ལོ་དགུ་བརྒྱ་དང་བཅུ་བསྡད་དེ་འཆི་ཟིན།།

༡༥ མ་ཧ་ལ་ལེ་ཨལ་ལོ་དྲུག་ཅུ་རེ་ལྔ་སླེབས་ཏེ་ཡེ་རེད་སྐྱེ་ཟིན། ༡༦ མ་ཧ་ལ་ལེ་ཨལ་ལས་ཡེ་རེད་སྐྱེས་ཏེ་ལས་ཁོ་ལོ་བརྒྱད་བརྒྱ་དང་སུམ་ཅུ་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༡༧ འོ་འདྲ་མ་ཧ་ལ་ལེ་ཨལ་ལོ་བརྒྱད་བརྒྱ་དང་དགུ་བཅུ་གོ་ལྔ་བསྡད་དེ་འཆི་ཟིན།།

༡༨ ཡེ་རེད་ལོ་བརྒྱ་དང་དྲུག་ཅུ་རེ་གཉིས་སླེབས་ཏེ་ཧ་ནོག་སྐྱེ་ཟིན། ༡༩ ཡེ་རེད་ལས་ཧ་ནོག་སྐྱེས་ཏེ་ལས་ཁོ་ལོ་བརྒྱད་བརྒྱ་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༢༠ འོ་འདྲ་ཡེ་རེད་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་གཉིས་བསྡད་དེ་འཆི་ཟིན།།

༢༡ ཧ་ནོག་ལོ་དྲུག་ཅུ་རེ་ལྔ་སླེབས་ཏེ་མ་ཐུ་ཤ་ལྰ་སྐྱེ་ཟིན། ༢༢ ཧ་ནོག་ལས་མ་ཐུ་ཤ་ལྰ་སྐྱེས་ཏེ་ལས་ཁོ་ལོ་སུམ་བརྒྱ་ཨལ་ལོ་ཧིམ་དང་འགྲོགས་ཏེ་སྤྱོད་པ་བྱས་ཏེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༢༣ འོ་འདྲ་ཧ་ནོག་ལོ་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་འགྲོ་ཟིན། ༢༤ ཧ་ནོག་གིས་ཨལ་ལོ་ཧིམ་དང་འགྲོགས་ཏེ་སྤྱོད་པ་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཁོ་ས་ལས་འཁྱེར་འོངས་ཏེ་ཁོ་མཐོང་ཅེས་མེད་པ་འགྲོ་ཟིན། ༢༥ མ་ཐུ་ཤ་ལྰ་ལོ་བརྒྱ་དང་བརྒྱད་ཅུ་གྱ་བདུན་སླེབས་ཏེ་ལ་མེག་སྐྱེ་ཟིན། ༢༦ མ་ཐུ་ཤ་ལྰ་ལས་ལ་མེག་སྐྱེས་ཏེ་ལས་ཁོ་ལོ་བདུན་བརྒྱ་དང་བརྒྱད་ཅུ་གྱ་གཉིས་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༢༧ འོ་འདྲ་མ་ཐུ་ཤ་ལྰ་ལོ་དགུ་བརྒྱ་དང་དྲུག་ཅུ་རེ་དགུ་བསྡད་དེ་འཆི་ཟིན།།

༢༨ ལ་མེག་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་སླེབས་ཏེ་བུ་ཞིག་སྐྱེ་ཟིན། ༢༩ བུའི་མིང་ལ་ནོ་ཨ་འདོགས་ཟིན། ༼ནོ་ཨ་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་ངལ་གསོ་སྨྲས་པ་ཡིན་པ།༽ ཅི་ལས་སྨྲ་ན་ཡ་ཝྰེས་དམོད་མོ་བརྒྱབ་པའི་སས་འོ་རང་གི་ལག་པ་ལ་ལས་ཀ་དང་སྡུག་བསྔལ་བྱུང་བས། འོ་དེ་ནི་འོ་རང་གི་སེམས་གསོ་བར་འགྱུར་མཁན་ཡིན། ༣༠ ལ་མེག་ལས་ནོ་ཨ་སྐྱེས་ཏེ་ལས་ཁོ་ལོ་ལྔ་བརྒྱ་དང་དགུ་ཅུ་གོ་ལྔ་བསྡད་དེ་ཁོ་ལ་བུ་དང་བུ་མོ་ཡ་སྐྱེ་ཟིན། ༣༡ འོ་འདྲ་ལ་མེག་ལོ་བདུན་བརྒྱ་དང་བདུན་བཅུ་རྩ་བདུན་བསྡད་དེ་འཆི་ཟིན། ༣༢ ནོ་ཨ་ལོ་ལྔ་བརྒྱ་སླེབས་ཏེ་འགབ་ལས་ཤེམ་ཧམ་དང་ཡ་ཕེད་གསུམ་སྐྱེ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.