མགོ་མ་ལེའུ་དྲུག་པ།

 མི་ཡ་འཛམ་བུ་གླིང་ལ་འཕེལ་ཅེས་ཚུགས་ཏེ་བུ་མོ་ཡ་ཁོང་ལ་སྐྱེ་ཟིན།  ཨལ་ལོ་ཧིམ་གྱི་བུ་ཡ་གིས་༼ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱི་རེ་རེ་ཞིག་ངོ་ལོག་པ་ཡིན་པ། ཁོང་གིས་༽མིའི་བུ་མོ་༼ཀ་ཡིན་གྱི་རྩ་བའི་བུ་མོ་༽མཛེས་པོ་དང་ལྟ་ན་སྡུག་པ་ཡ་ལ་བལྟས་ཏེ། ཁོང་གིས་འདོད་པ་དང་ཆུང་མ་ལེན་ཟིན།  དེ་ནས་ཡ་ཝྰེས་སྨྲ་ཟིན། མི་ནི་ཟུར་ཆག་ཡིན་པ། ཉེས་པ་བྱེད་པའི་ཆེད་ངའི་རྣམ་པར་དག་པའི་ཐུགས་ཀྱིས་མིའི་ནང་ལ་དུས་རྒྱུན་དུ་ཞལ་ཆེ་མི་གཅོད་མཁན། ཁོང་ལ་ད་རུང་ལོ་བརྒྱ་དང་ཉི་ཤུ་ཡོད་མཁན་སྨྲས་ཏེ།  འོ་ཙམ་གང་ལ་འཛམ་བུ་གླིང་ལ་སྟོབས་ཆེན་པོའི་མི་ཡ་ཡོད་མཁན། ཨལ་ལོ་ཧིམ་གྱི་བུ་ཡ་མིའི་བུ་མོ་ཡ་མཉམ་པོ་ལུས་འབྲེལ་བྱས་ཏེ་འགབ་ལས་ཁོང་ལས་སྐྱེས་པའི་བུ་ཡ་ནི་གདོང་ལའི་དུས་ལ་སྙན་གྲགས་ཅན་གྱི་མི་ཡ་བྱུང་བ་ཡིན་པ།།

 དེ་ནས་ཡ་ཝྰེས་འཛམ་བུ་གླིང་ལ་ཡོད་པའི་མིའི་ངན་སེམས་ཆེན་པོ་དང་། སྙིང་གི་ནང་ལ་གྲོས་བྱེད་པའི་བསམ་བློ་གང་པོ་ནམ་བྱེད་ན་ཡང་སྡུག་ཅག་ཡོད་པ་མཐོང་ཟིན།  ཡ་ཝྰེས་མི་ཡ་འཛམ་བུ་གླིང་ལ་བྱས་པ་ལ་མཐོང་སྟེ། ཡ་ཝྰེའི་སེམས་ལ་འགྱོད་པ་ཞིག་བྱུང་སྟེ་ཁོའི་བསམ་བློའི་ནང་ལ་སེམས་འཁྲུག་ཟིན།  དེ་ནས་ཡ་ཝྰེས་སྨྲ་ཟིན། ངས་བཀོད་པའི་མི་འཛམ་བུ་གླིང་ལས་མེད་པར་བཟོ་མཁན། མི་མིན་པ་རྐང་པ་བཞི་ཡོད་པ་དང་ལྟོ་འགྲོ་སྲིན་འབུ་དང་ནམ་མཁའི་བྱ་ཡ་མེད་པར་བཟོ་མཁན། ཅི་ལས་སྨྲ་ན་ངས་ཁོང་གིས་བྱས་པ་ལ་བལྟས་ཏེ་འགྱོད་པའི་སེམས་སྐྱེད་ཅེས་ལ་ཡིན་(སྐྱེད་པའི་ཕྱིར་རོ་)སྨྲ་ཟིན།  ནོ་ཨ་གཅིག་པོ་ལ་ཡ་ཝྰེའི་གཟིགས་པ་ཐོབ་མཁན།།

 ནོ་ཨའི་ལོ་རྒྱུས་ནི་འདི་ཅོག་འདྲ་ཡིན། ནོ་ཨས་ཨལ་ལོ་ཧིམ་དང་འགྲོགས་ཏེ་སྤྱོད་པ་བྱེད་པས། འོ་ཙམ་གང་ལ་ཡོད་པའི་མིའི་ནང་ལས་ཁོ་དྲང་པོ་དང་ནོར་འཁྲུལ་མེད་པ་ཞིག་ཡོད་མཁན། ༡༠ ནོ་ཨ་ལ་ཤེམ་ཧམ་དང་ཡ་ཕེད་སྨྲ་མཁན་གྱི་བུ་གསུམ་ཡོད་མཁན། ༡༡ ད་འཛམ་བུ་གླིང་ཉེས་པས་གང་སྟེ། ཨལ་ལོ་ཧིམ་གྱི་མདུན་ལ་འཛམ་བུ་གླིང་གི་མི་ཟུར་ཆག་ཡིན་པ། ༡༢ དེ་ནས་ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་ལ་མཐོང་སྟེ། འཛམ་བུ་གླིང་ལ་ཡོད་པའི་མི་གང་པོས་རང་གི་སྤྱོད་པ་ངན་པས་འཛམ་བུ་གླིང་ངན་པར་སྒྱུར་ཟིན། ༡༣ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ་སྨྲ་ཟིན། འོ་ཡ་གིས་བྱས་པའི་ཉེས་པས་འཛམ་བུ་གླིང་བཀང་བས། ཤ་གང་པོའི་མཐའ་མ་ངའི་མདུན་ལ་སླེབས་པས། ངེས་འོ་ཡ་འཛམ་བུ་གླིང་མཉམ་པོ་མེད་པར་བཟོ་མཁན།། 

༡༤ ཁྱོད་ཀྱིས་ཐང་ཤིང་གི་སྒམ་བཟོས། འོའི་ནང་ལ་ཁང་མིག་ཡ་བཟོས། ཕྱི་ལོགས་དང་ནང་གཉིས་ཀ་ལ་བྲག་ཞུན་བསྐུས་ཏེ་སྲ་འདེ་བཟོས། ༡༥ འདི་འོ་ཅོག་འདྲ་བཟོ་དགོས་མཁན། སྒམ་གྱི་རིང་ཐུང་ནི་ཁྲུ་སུམ་བརྒྱ། ཞེང་ཁྱད་ནི་ཁྲུ་ལྔ་བཅུ། མཐོ་ཁྱད་ནི་ཁྲུ་སུམ་ཅུ་བཟོས། ༡༦ དེ་ནས་སྒེ་ཁུང་ཡ་ཡོད་པའི་ཨི་ཁུང་ཐོག་གི་སྐོར་བཟོས། ཐོག་ལས་ཁྲུ་གཅིག་འོག་ལ་བཟོས། དེ་ནས་སྒམ་གྱི་ལོགས་ལ་སྒོ་གཅིག་བཏོན་ཏེ་འོག་ཁང་དང་། བར་ཁང་དང་། སྟེང་ཁང་བཟོས། ༡༧ ལྟོས་དང་། སྲོག་གི་དབུགས་ཡོད་པའི་ཤ་གང་པོ་ནམ་མཁའི་འོག་ལས་མེད་པར་བཟོ་ཅེས་ལ་ངས་འཛམ་བུ་གླིང་ལ་ཆུ་རུད་འོང་འཇུག །འཛམ་བུ་གླིང་ལ་ཡོད་པ་གང་པོ་འཆི་དགོས་མཁན། ༡༨ ཡིན་ནས་ངའི་ཁ་ཆད་ཁྱོད་མཉམ་པོ་བྱས་ཏེ། སྒམ་གྱི་ནང་ལ་ཁྱོད་ཞུགས་པ་མ་ཚད། ཁྱོད་མཉམ་པོ་རང་གི་བུ་ཡ་དང་། རང་གི་ཆུང་མ་དང་། རང་གི་བུ་ཡ་གི་ཆུང་མ་ཡ་འཇུག་དགོས་མཁན། ༡༩ དེ་ནས་ལུས་ཅན་གང་པོའི་རིགས་རེ་རེ་ལས་གཉིས་གཉིས་སྒམ་གྱི་ནང་ལ་ཁྲིད། ཅི་ལས་སྨྲ་ན་འོ་ཡ་ཁྱོད་མཉམ་པོ་སྲོག་གསོ་ཅེས་ལ་ཕོ་མོ་གཉིས་དགོས་མཁན། ༢༠ བྱ་ཡ་རང་རང་གི་རིགས་ཅོག་འདྲ་དང་། རྐང་པ་བཞི་ཡ་རང་རང་གི་རིགས་ཅོག་འདྲ་དང་། སའི་ལྟོ་འགྲོ་སྲིན་འབུ་གང་པོ་རང་རང་གི་རིགས་ཅོག་འདྲ་སྲོག་གསོ་ཅེས་ལ་འོ་གང་པོ་ལས་གཉིས་གཉིས་ཁྱོད་ཀྱི་མདུན་ལ་འཇུག་དགོས་མཁན། ༢༡ དེ་ནས་རང་གིས་ཟ་ཁུག་མཁན་གྱི་ལྟོ་གང་པོ་ལས་ལོངས། ཁྱོད་དང་འོ་ཡ་གི་ལྟོའི་ཆེད་དུ་སྡུད་དགོས་མཁན། ༢༢ ནོ་ཨས་འོ་ཅོག་འདྲ་བྱས་པས་ཨལ་ལོ་ཧིམ་གྱིས་ཅི་ཅི་བཀའ་གནང་བ་ཅོག་འདྲ་སྒྲུབ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.