༄༅། །སྐུ་ཚབ་ཡ་གི་བྱ་བ།
སྐུ་ཚབ་ཡ་གིས་བྱས་པའི་ལས་ཀའི་དོན་དག་ལ།
༡ རོགས་ཐེ་འོ་ཕི་ལུ། ངས་ཁྱོད་ལ་གཉིས་པར་གསུང་རབ་ཆུང་ངུ་གཅིག་འབྲི་ཅེས་ཀྱི་སེམས་སྐྱེས་ཡོད་མཁན། གདོང་གི་གསུང་རབ་ལ་ངས་ཡེ་ཤུས་༼ཡེ་ཧོ་ཤུ་བས་༽རང་གི་ལས་ཀ་འཛུགས་ཡིན་འཇུག་ནམ་མཁའ་ལ་འགྲོ་མཁན་ཐུག་ལ་ཅི་ཅི་བྱས་པ། ཅི་ཅི་ཁྲིད་བཏབ་པ། ཁྱོད་ལ་སྐད་ཆ་མང་པོ་སྒྲ་གསལ་ཏེ་འབྲི་ཟིན་ཡོད། ༢ ཡེ་ཤུ་ནམ་མཁའ་ལ་འགྲོ་མཁན་གྱི་གདོང་ལ་རང་གི་འདམས་ཏེ་བཞག་པའི་སྐུ་ཚབ་ཡ་ལ་བཀའ་གནང་ཟིན། དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་ཁོང་གིས་ཡེ་ཤུའི་སྐད་ཆ་ཡ་ཧ་གོ་ཟིན། ༣ སྡུག་པོ་ཁྱེར་ཏེ་རྒྱངས་ཤིང་ལ་ཤི་སྟེ་འགབ་ལས་ཡེ་ཤུ་ཞག་པོ་བཞི་བཅུ་ཐུག་༼ཞག་པོ་ཁལ་གཉིས་ཐུག་༽ལན་མང་པོ་ཁོང་མཉམ་པོ་ཐུག་སྟེ་རང་གསོན་པོ་ཡོད་སྨྲས་ཏེ་མངོན་རྟགས་སྟོན་ཟིན། དེ་ནས་ཉེ་གནས་ཡ་གིས་ཡེ་ཤུ་ལ་མཐོང་ཟིན། དེ་ནས་ཡེ་ཤུས་ཁོང་མཉམ་པོ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་སྐད་ཆ་སྨྲ་ཟིན།།
༤ ལན་གཅིག་ཡེ་ཤུ་ཉེ་གནས་ཡ་མཉམ་པོ་ལྟོ་ཟ་ཅེས་ལ་སྡོད་མཁན་གང་ལ་ཡེ་ཤུས་ཁོང་ལ་འདི་བཀའ་གནང་ཟིན། ཁྱེད་ཀྱིས་ཡ་རུ་ཤ་ལེམ་རྒྱལ་ས་ལ་དབྱུགས་མ་བཞག་པར་བྱས་ཏེ་ཨ་ཕས་སྟེར་མཁན་སྨྲ་མཁན་གྱི་དམ་བཅའ་ལ་བསྒུགས་ཏེ་སྡོད་ཏོང་། འོ་དམ་བཅའི་སྐད་ཆ་ངས་ཁྱེད་ལ་གདོང་ལ་སྨྲ་ཟིན་ཡོད། ༥ ཡུ་ཧ་ནན་གྱིས་ནི་ཁྲུས་གསོལ་སྟེར་ཀོ་ཡོད་མཁན། ད་ནི་ཉི་མ་གཏོས་པའི་རྗེས་ལ་ཁྱེད་ལ་རྣམ་པར་དག་པའི་ཐུགས་ཀྱི་ཁྲུས་གསོལ་འབྱོར་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།
ཡེ་ཤུ་ནམ་མཁའ་ལ་ཕྱིན་པ།
༦ ༼ཡེ་ཤུ་ཉེ་གནས་ཡ་མཉམ་པོ་བེ་ཐན་ཡྰ་གྲོང་གསེབ་ཀྱི་འགྲམ་གྱི་ཁ་སྐྱུར་པོའི་སྡོང་པོའི་རི་ལ་འགྲོ་ཟིན།༽ དེ་ནས་ཁོང་འཛོམས་ཏེ་སྡོད་མཁན་གང་ལ་ཉེ་གནས་ཡ་གིས་ཡེ་ཤུ་ལ་འདྲི་ཟིན། ཨ་དོན་ལགས། གཅིག་རང་གིས་འདི་དུས་ཚོད་ལ་ཡིས་ར་ཨལ་ལུང་པ་ལ་ཁ་ཕྱེ་སྟེ་ཡིས་ར་ཨལ་ལུང་པ་ལ་གཉིས་པར་བཟོ་མཁན། སྨྲས་ཏེ་འདྲི་ཟིན། ༧ དེ་ནས་ཡེ་ཤུས་སྨྲ་ཟིན། འདི་ནི་ངའི་ཨ་ཕས་བྱེད་མཁན་གྱི་ལས་ཀ་ཡིན་པ། འདི་ལས་ཀ་ནམ་བྱེད་དགོས་མཁན་སྨྲ་མཁན་དེ་ཨ་ཕ་གཅིག་ལ་རྒྱུས་ཡོད་པ། ཁྱེད་ཀྱིས་ངོ་ཤེས་མི་དགོས་མཁན། ༨ ཡིན་ནས་ཁྱེད་ཀྱི་ཐོག་ལ་ནི་རྣམ་པར་དག་པའི་ཐུགས་འོང་ཅེས་ཡོད། དེ་ནས་རྣམ་པར་དག་པའི་ཐུགས་འོངས་ཏེ་འགབ་ལས་ཁྱེད་ལ་དབང་འབྱོར་ཅེས་ཡོད། ཡ་རུ་ཤ་ལེམ་རྒྱལ་ས་ལ། ཡ་ཧུ་དྰ་དང་ས་མར་ཡྰ་ལུང་པ་ལ་ག་ན་ག་ན། དེ་ནས་འཛམ་བུ་གླིང་གི་ཀུན་ཀུན་ཐུག་ཁྱེད་ཀྱིས་ངའི་དཔང་པོ་སྡོད་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན། ༩ འོ་ཙམ་སྨྲ་ཟིན་ཏེ་འགབ་ལས་ཉེ་གནས་ཡ་གིས་ལྟ་ལྟ་བ་གང་ལ་ཡེ་ཤུ་གནམ་ལ་ཡར་ཕུར་ཏེ་འགྲོ་ཟིན། དེ་ནས་རྨུགས་པས་ཡེ་ཤུ་ལ་ཡིབ་འཐུམ་ཟིན། དེ་ནས་ཁོང་གིས་ཡེ་ཤུ་ལ་གཉིས་པར་མཐོང་མ་ཁུགས།
༡༠ ཉེ་གནས་ཡ་གིས་གནམ་ལ་བལྟས་ཏེ་བསྡད་པ་ཡོད་མཁན། འོ་ཙམ་ལ་བཀབ་ཆ་དཀར་པོ་གྱོན་པའི་སྐྱེས་པ་ཁྱོ་ག་གཉིས་ཁོང་གི་འགྲམ་ལ་ཕོག་ཐོན་འོངས་ཏེ་སྨྲ་ཟིན། ༡༡ ག་ལིལ་ལུང་པའི་མི་ཡ། ཁྱེད་ཅི་ལས་ལངས་ཏེ་གནམ་ལ་བལྟས་ཏེ་སྡོད་མཁན། ཡེ་ཤུ་ནི་ནམ་མཁའ་ལ་འགྲོ་ཟིན། ཁྱེད་ཀྱིས་ཡེ་ཤུ་ལ་ག་འདྲ་བྱས་ཏེ་འགྲོ་མཁན་མཐོང་བ། འོ་ཅོག་འདྲ་བྱས་ཏེ་ཡེ་ཤུ་རང་འདི་འཛམ་བུ་གླིང་ལ་ལོག་འོང་ཅེས་ཡོད། སྨྲས་ཏེ་བཀབ་ཆ་དཀར་པོ་གྱོན་པའི་མི་གཉིས་ཀྱིས་སྨྲ་ཟིན།།
ཀར་ཡོད་པ་ཡུ་དྰའི་ཚབ་ལ་ཉེ་གནས་གཞན་པ་ལ་འདམས་པ།
༡༢ དེ་ནས་ཉེ་གནས་ཡ་ཁ་སྐྱུར་པོའི་སྡོང་པོའི་རི་ལས་ཡ་རུ་ཤ་ལེམ་རྒྱལ་ས་ལ་ལོག་འགྲོ་ཟིན། འོ་ལས་ཡ་རུ་ཤ་ལེམ་ཐུག་སླེབ་ཅེས་ལ་གནས་ས་ཕྱེད་ཙམ་ཐག་རིང་པོ་ཡོད་མཁན། ༡༣ དེ་ནས་ཡ་རུ་ཤ་ལེམ་རྒྱལ་ས་ལ་སླེབས་ཏེ་ཁོང་རང་སྡོད་མཁན་གྱི་ཁང་པའི་ཐོག་སྟེང་ལ་འགྲོ་ཟིན། ཁོང་མི་སྣ་བཅུ་གཅིག་ཡོད་མཁན། པེ་ཏྲོ། ཡུ་ཧ་ནན། ཡ་ཀོ་བོས། ཨན་དྲེ་ཡྰ། ཕི་ལིབ། ཐོ་མྰ། བར་ཐོལ་མྰ། མད་ཐྰ། ཨལ་ཕྰའི་བུ་ཡ་ཀོ་བོས། བརྩོན་འགྲུས་པ་སྨྲ་མཁན་གྱི་སི་མོན་དང་ཡ་ཀོ་བོས་ཀྱི་བུ་ཡུ་དྰ་ཡོད་མཁན། ༡༤ ཁོང་གང་པོ་ཚོགས་ཏེ་ཨལ་ལོ་ཧིམ་ལ་གསོལ་བ་བཏབ་དང་གསོལ་བ་ཞི་བ་བྱས་ཏེ་སྡོད་ཀོ་ཡོད་མཁན། དེ་ནས་ཡེ་ཤུ་ལ་མོས་པ་བྱེད་མཁན་གྱི་བུད་མེད་ཡ་དང་ཡེ་ཤུའི་ཨ་མ། ནོ་ཡ་ཡང་ཁོང་མཉམ་པོ་འཛོམ་གོ་ཡོད་མཁན།།
༡༥ ཞག་པོ་གཉིས་གསུམ་གྱི་རྗེས་ལ་ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་བརྒྱ་དང་ཉི་ཤུ་ཙམ་༼ཁལ་དྲུག་ཙམ་༽ཚོགས་ཏེ་བསྡད་ཡོད་མཁན། འོ་ཙམ་ལ་པེ་ཏྲོ་ཁོང་གི་བར་དཀྱིལ་ལ་ལངས་ཏེ་སྨྲ་ཟིན། ༡༦ ཨ་པོ་འོག་མ་ཡ་ཉན་དོང་། (ཨ་ད་ནོ་ཡ་ཉན་དོང་།) འོ་རང་གི་གསུང་རབ་ལ་རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་རྒྱལ་པོ་ད་བིད་ཀྱིས་ཡུ་དྰའི་དོན་དག་ལ་གདོང་ལ་སྔོན་ནས་ཤེས་ཏེ་སྐད་ཆ་བྲིས་བཞག་ནུ་བ། འདི་སྐད་ཆ་དོན་དག་འགྲུབ་དགོས་མཁན་ཡིན་མཁན། དེ་ནས་དོན་དག་འགྲུབ་ཀྱང་འགྲུབ་ཟིན། ཡུ་དྰས་མ་དག་པའི་ལས་ཀ་བྱེད་ཟིན་པ་དང་ཡེ་ཤུ་ལ་འཛིན་མཁན་གྱི་མི་ཡ་ལ་རོགས་བྱེད་ཟིན། ༡༧ ཡུ་དྰ་འོ་རང་ཅོག་འདྲ་ཉེ་གནས་བཅུ་གཉིས་ཀྱི་ནང་ལ་མི་སྣ་གཅིག་ཡིན་མཁན། འོ་རང་མཉམ་པོ་ཨ་དོན་གྱི་ལས་ཀ་བྱེད་ཅེས་ལ་ཁོ་ཡང་འདམས་ཡོད་མཁན། ༡༨ དེ་ནས་ཁོས་མ་དག་པའི་ལས་ཀ་བྱས་ཏེ་བླངས་པའི་ཊང་ཀས་ཞིང་གཅིག་ཉོ་ཟིན། དེ་ནས་ཁོ་མགོ་ཐུར་བསྟན་བྱས་ཏེ་རྡིབས་ཏེ་ཕོ་བ་ཕོང་ཟིན་པ་དང་རྒྱུ་མ་ཡ་འཐོན་ཟིན། ༡༩ འོ་སྐད་ཆ་ཡ་རུ་ཤ་ལེམ་གྱི་མི་གང་པོས་རྒྱུས་འབྱོར་ཟིན། དེ་ནས་ཁོང་གིས་འོ་ཞིང་གི་མིང་ལ་རང་གི་སྐད་ཆ་ངོས་ལས་ཨ་ཀེལ་ད་མྰ་སྨྲས་ཏེ་འཇོག་ཟིན། ཨ་ཀེལ་ད་མྰ་སྨྲ་མཁན་དེ་ཁྲག་གི་ཞིང་སྨྲས་པ་ཡིན་པ། ༢༠ ད་ཡ་ཧུ་དྰ་པའི་གསུང་མགུར་ལ་ཡུ་དྰའི་དོན་དག་ལ་འདི་ཅོག་འདྲ་བྲིས་ཡོད་པ།
ཁོའི་ཁང་པ་སྟོང་པ་སྐྱེ་རེ་འགྲོ་ཆུག འོ་ལ་སུ་ཡང་མ་སྡོད་ཆུག །
དེ་ནས་ས་ཆ་གཞན་པ་ལ།
ཁོ་ལ་རྩིས་བརྒྱབ་པའི་ལས་ཀ་མི་གཞན་པས་ལེན་ཆུག །
སྨྲས་ཏེ་བྲིས་ཡོད་པ། ༢༡-༢༢ འོ་སྨྲས་པས། ཡེ་ཤུ་གསོན་པོར་ལངས་པའི་སྐད་ཆའི་དཔང་པོ་སྟེར་ཅེས་ལ་ད་འོ་རང་གི་ནང་ལས་མི་སྣ་གཅིག་ལ་འདམ་དགོས་མཁན། དེ་ནས་འོ་མི་དེ་ཡུ་ཧ་ནན་གྱིས་ཁྲུས་གསོལ་བསྟེར་བའི་ཉི་མ་ཡིན་འཇུག་ཨ་དོན་ཡེ་ཤུ་ལ་ནམ་མཁའ་ལ་ཁྱེར་བའི་ཉི་མ་ཐུག་ཡེ་ཤུ་འོ་རང་མཉམ་པོ་ཞུགས་ཏེ་ཕྱི་ནང་བྱེད་མཁན་གང་ལ་ཁོ་ཡང་འོ་རང་མཉམ་པོ་བསྡད་པ་འོང་དགོས་མཁན།
༢༣ འདི་སྐད་ཆ་ཐོས་ཏེ་འགབ་ལས་འོ་ལ་འཛོམས་པའི་མི་ཡ་གིས་གྲོས་བརྒྱབ་སྟེ་མི་སྣ་གཉིས་ལ་འདམ་ཟིན། མི་སྣ་གཅིག་གི་མིང་ཡོ་སེབ་བར་ས་བའམ་སྨྲ་འོ་ཡོད་མཁན། ༼ཁོ་ལ་ཡུས་ཏུ་ཡང་སྨྲ་འོ་ཡོད་མཁན།༽ མི་གཞན་པའི་མིང་མད་ཐི་ཡ་སྨྲ་འོ་ཡོད་མཁན། ༢༤ དེ་ནས་ཁོང་གིས་ཨལ་ལོ་ཧིམ་ལ་གསོལ་བ་བཏབ་སྟེ་འདི་ཅོག་འདྲ་སྨྲ་ཟིན། མི་གང་པོའི་སེམས་ལ་ཡོད་མཁན་གྱི་སྐད་ཆ་ལ་ངོ་ཤེས་མཁན་ཡ་ཝྰེ། འདི་མི་སྣ་གཉིས་ཀྱི་ནང་ལ་ཁྱོད་ཀྱིས་གང་དྲ་ལ་འདམས་པ་ཡོད་པ་འོ་ངེད་ལ་སྟོན་དོང་། ༢༥ གང་དྲས་སྐུ་ཚབ་ཀྱི་ལས་ཀ་ལ་ཞུགས་ཏེ་ཞབས་ཏོག་ཞུ་ཁུག་མཁན། འོ་དེ་ལ་འདམ་དོང་། ཅི་ལས་སྨྲ་ན་འོ་ལས་ཀ་ལ་ཡུ་དྰས་དབྱུགས་བཞག་སྟེ་ཁོ་ག་ས་ཆ་དེ་ཡོད་མཁན་འོ་ས་ཆ་ལ་ལོག་འགྲོ་ཟིན། སྨྲས་ཏེ་ཁོང་གིས་གསོལ་བ་བཏབ་སྟེ་སྨྲ་ཟིན། ༢༦ དེ་ནས་ཨལ་ལོ་ཧིམ་ལ་འདི་ཅོག་འདྲ་གསོལ་བ་འདེབས་ཟིན་པ་དང་ཁོང་གིས་ཁོང་གཉིས་ཀྱི་བར་དཀྱིལ་ལ་རྒྱན་རྒྱབ་ཟིན། དེ་ནས་རྒྱན་རྒྱབ་མཁན་གང་ལ་མད་ཐི་ཡའི་མིང་ལ་ཐོབ་ཟིན། དེ་ནས་ཁོ་སྐུ་ཚབ་བཅུ་གཅིག་མཉམ་པོ་ཁན་འབོགས་ཟིན།། །།