སྐུ་ཚབ་ཡ་གི་བྱ་བ་ལེའུ་གཉིས་པ།

རྣམ་པར་དག་པའི་ཐུགས་འོངས་པ།

 ཉི་མ་ལྔ་བཅུ་སྨྲ་མཁན་གྱི་དུས་ཆེན་༼ཡེ་ཤུ་གསོན་པོར་ལངས་ཏེ་གཟའ་འཁོར་བདུན་གྱི་རྗེས་ལའི་གཟའ་ཉི་མ་དེ་༽སླེབ་མཁན་གང་ལ་ཡེ་ཤུ་ལ་མོས་པ་བྱེད་མཁན་གྱི་ཉེ་གནས་གང་པོ་ཁང་པ་གཅིག་ལ་ཚོགས་ཏེ་བསྡད་དེ་ཡོད་མཁན། (བསྡད་ཡོད་མཁན། དེ་ནས་ཏོག་ཙམ་ཞིག་ལ་གནམ་ལས་མར་ལྷག་པ་ཤུགས་ཆེན་པོ་ཞིག་འོངས་ཏེ་ཁོང་བསྡད་པའི་ཁང་པ་ལ་ག་ན་ག་ན་སྐད་འདོན་ཟིན།  དེ་ནས་མེའི་ལྕེ་ཅོག་འདྲ་ཁོང་གི་འགྲམ་ལ་མཐོང་ཟིན། འོ་མེ་བཀྲམས་ཏེ་ཉེ་གནས་གང་པོའི་ཐོག་ལ་སྡོད་ཟིན།  དེ་ནས་ཁོང་གི་སེམས་ལ་རྣམ་པར་དག་པའི་ཐུགས་སྡོད་འོང་ཟིན། དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་ཁོང་གིས་མ་བསླབས་པའི་སྐད་གསར་པ་གསར་པ་ཡ་སྨྲ་ཅེས་འཛུགས་ཟིན།།

 ད་ཡ་རུ་ཤ་ལེམ་ལ་འཛམ་བུ་གླིང་གི་ལུང་པ་གཞན་དག་ལས་འོངས་པའི་ཡ་ཧུ་དྰ་པ་ཡ་སྡོད་ཀོ་ཡོད་མཁན། ཁོང་ཨལ་ལོ་ཧིམ་ལ་མོས་པ་བྱེད་མཁན་གྱི་མི་ཡིན་མཁན།  དེ་ནས་འོ་ཅོག་འདྲའི་སྐད་ཐོས་པས་མི་མང་པོ་འཛོམས་ཏེ་འོང་ཟིན། དེ་ནས་ལུང་པ་གཞན་དག་ལས་འོངས་པའི་ཡ་ཧུ་དྰ་པ་ཡ་གིས་ཁོང་རང་རང་གི་སྐད་ཆ་སྨྲ་མཁན་ཐོས་ཟིན། དེ་ནས་འཇིགས་པོར་ཧ་ལས་ཟིན།  དེ་ནས་ཧ་ལས་ཏེ་སྨྲ་ཟིན། ལྟོས་གནང་། འདི་སྐད་ཆ་ཡ་སྨྲ་མཁན་གྱི་མི་གང་པོ་ག་ལིལ་ལུང་པ་དེ་མིན་ནམ།  འདི་ཅི་ཡིན་ནམ། ཁོང་གི་སྨྲས་པའི་སྐད་ཆ་འོ་རང་ལུང་པ་གཞན་དག་ལས་འོངས་པའི་མི་ཡ་གིས་ཀྱང་ངོ་ཤེས་འོ་ནུ། ཁོང་གིས་འོ་རང་གི་སྐད་རང་སྨྲ་འོ་ནུ། ཨལ་ལོ་ཧིམ་གྱི་བྱེད་མཁན་གྱི་ལས་ཀ་ཆེན་པོའི་སྐད་ཆ་སྨྲ་འོ་ནུ། སྨྲས་ཏེ་ཁོང་གིས་སྨྲ་ཟིན།

 མི་མང་གི་ནང་ལ་ལུང་པ་མང་པོའི་མི་ཡོད་མཁན། པར་ཐ་པ། ཏ་ཟིག་པ། ཨེ་ལམ་པ། མེ་སོ་པོ་ཐེམ་ཡྰ། ཡ་ཧུ་དྰ། ཀ་པ་དོག་ཡྰ། བོན་ཏུ། ཨ་སི་ཨྰ། ༡༠ ཕྲིག་ཡྰ། པམ་ཕིལ་ཡྰ། མི་སེར། ཀི་རེ་ནེའི་འགྲམ་ལ་ཡོད་མཁན་གྱི་ལིབ་ཡྰ་ལུང་པ། རོ་མ་རྒྱལ་ས། ༡༡ ཀྲེ་ཏྰ་གླིང་ཕྲན་དང་ཨ་རབ་ལུང་པའི་མི། དེ་ནས་ཁོང་གི་ནང་ལ་ཡ་ཧུ་དྰ་པའི་བརྒྱུད་པའི་མི་ཡང་ཡོད་མཁན། ཡ་ཧུ་དྰ་པའི་གསུང་རབ་ལ་ཞུགས་པའི་བརྒྱུད་པ་གཞན་པའི་མི་ཡང་ཡོད་མཁན།

༡༢ དེ་ནས་ཁོང་ཧ་ལས་ཏེ་རྟབ་པ་འཐོམ་པ་བྱས་ཏེ་རང་ནང་ལ། འདི་ཅི་ཡིན་ནམ། སྨྲས་ཏེ་འདྲི་ཞིབ་བྱེད་ཟིན། ༡༣ མི་རེ་འགའས་ནི། འདི་མི་ཡ་ནི་རྒུན་ཆང་གིས་བཟི་བ་ཡིན་པ་ཚོད་ནུ་བ། སྨྲས་ཏེ་ཡེ་ཤུ་ལ་མོས་པ་བྱེད་མཁན་གྱི་ཉེ་གནས་ཡ་ལ་ཀྱལ་ཀ་བྱེད་ཟིན།།

པེ་ཏྲོས་མི་ཡ་ལ་སྐད་ཆ་ཧ་གོ་བཅུག་པ།

༡༤ དེ་ནས་ཉེ་གནས་བཅུ་གཉིས་ལངས་ཏེ་པེ་ཏྲོ་དེ་གིས་མི་གང་པོས་ཐོས་མཁན་བྱས་ཏེ་སྨྲ་ཟིན། ཨེ་ཡ་ཧུ་དྰ་པའི་རོགས་ཡ་དང་ཡ་རུ་ཤ་ལེམ་གྱི་མི་ཡ། འདི་ལ་ཕྱིན་པའི་སྐད་ཆ་ངས་ཁྱེད་ལ་ངོ་ཤེས་འཇུག་མཁན། ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཡག་པོ་བྱས་ཏེ་ཉན་དོང་། ༡༥ ཁྱེད་ཀྱི་སེམས་ལ་སྐྱེས་པ་ཅོག་འདྲ་འདི་མི་ཡ་རྒུན་ཆང་གིས་བཟི་བ་མིན་པ། འདི་ཙམ་སྔ་དྲོ་ནི་སུ་ཡང་མི་བཟི་མཁན། ༡༦ འདི་ལ་ནི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོ་ཨལ་གྱིས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་ཟིན།

༡༧ ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ།།

འདི་འཛམ་བུ་གླིང་སྟོངས་མཁན་གྱི་གདོང་ལ་མི་གང་པོ་ལ་ངས་རང་གི་རྣམ་པར་དག་པའི་ཐུགས་སྟེར་ཅེས་ཡོད།།

དེ་ནས་ཁྱེད་ཀྱི་བུ་བུ་མོ་ཡ་གིས་ང་ལས་མ་འོངས་པའི་རྐྱེན་གྱི་ཤེས་པ་འབྱོར་ཏེ་སྐད་ཆ་སྨྲ་ཅེས་ཡོད།།

ཤར་པ་ཡ་གིས་ངའི་བསྟན་པའི་ལས་ཀ་ཡ་མཐོང་ཅེས་ཡོད།།

རྒན་རྒོན་ཡ་གིས་རྨི་ལམ་ལ་ངའི་སྐད་ཆ་སློབ་ཅེས་ཡོད།།

༡༨ ང་ལ་ཞབས་ཏོག་ཞུ་མཁན་གྱི་སྐྱེས་པ་ཁྱོ་ག་དང་བུད་མེད་གང་པོ་ལ་ངས་རང་གི་རྣམ་པར་དག་པའི་ཐུགས་སྟེར་ཅེས་ཡོད།།

དེ་ནས་ཁོང་གིས་ང་ལས་མ་འོངས་པའི་རྐྱེན་གྱི་ཤེས་པ་འབྱོར་ཏེ་སྐད་ཆ་སྨྲ་ཅེས་ཡོད།།

༡༩ དེ་ནས་གནམ་དང་འཛམ་བུ་གླིང་ལ་ངས་ཡ་མཚན་ཆེ་བའི་ལྟས་ཡ་སྟོན་ཅེས་ཡོད།།

ཁྲག མེ། དེ་ནས་དུད་པ་ནག་པོ་ནག་པོ་ཡ་མཐོང་ཅེས་ཡོད།། ༼སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ།།༽

༢༠ ཡ་ཝྰེའི་རྩིས་ཆེན་གྱི་ཉི་མ་འོང་མཁན་གྱི་གདོང་ལ་

ཉི་མ་ནག་ཁུང་འགྲོ་ཅེས་ཡོད། ཟླ་ཡུམ་ཁྲག་ཅོག་འདྲ་དམར་པོ་འགྲོ་ཅེས་ཡོད།།

༢༡ དེ་ནས་འོ་ཙམ་དུས་ལས་ཡ་ཝྰེའི་མིང་ལེན་མཁན་གྱི་མི་ཡ་ཞིག་ཐར་ཅེས་ཡོད།།

༼སྨྲས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོ་ཨལ་གྱིས་བྲིས་བཞག་པ་ནུ་བ།།༽

༢༢ དེ་ནས་གཉིས་པར་པེ་ཏྲོས་སྨྲ་ཟིན། ཡིས་ར་ཨལ་གྱི་མི་ཡ། ངའི་སྐད་ཆ་ལ་ཉན་དོང་། ཨལ་ལོ་ཧིམ་གྱིས་ན་ཙ་རེད་ཀྱི་ཡེ་ཤུ་ལས་ཀྱིས་བྱས་ཏེ་ཁྱེད་ཀྱི་བར་དཀྱིལ་ལ་ལས་ཀ་ཡ་མཚན་ཆེ་བ་མང་པོ་བྱེད་ཟིན། ལས་ཀ་ཆེན་པོ་མང་པོ་སྟོན་ཟིན། འདི་ལས་ཀ་བསྟན་ཏེ་ཨལ་ལོ་ཧིམ་གྱིས་ན་ཙ་རེད་ཀྱི་ཡེ་ཤུ་ལ་རང་གིས་བཏང་བ་ཡིན་པ་སྨྲས་ཏེ་མངོན་རྟགས་སྟེར་ཟིན། ༢༣ དེ་ནས་ཨལ་ལོ་ཧིམ་གྱིས་གདོང་ལ་རང་གི་སེམས་ལ་སྐྱེས་པ་ཅོག་འདྲ་བྱས་ཏེ་ཡེ་ཤུ་ཁྱེད་ཀྱི་ལག་པ་ལ་འཆོལ་ཟིན། དེ་ནས་ཁྱེད་ཀྱིས་མི་བཙོག་པ་ཡ་ལ་བསྐུལ་ཏེ་ཡེ་ཤུ་ལ་རྒྱངས་ཤིང་ལ་འཕྱངས་ཏེ་གསོད་འཇུག་ཟིན། ༢༤ ཡིན་ནས། ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་ཤི་བའི་ས་ཆ་ལས་གསོན་པོར་ལང་འཇུག་ཟིན། ཡེ་ཤུ་ལ་ཤི་བའི་སྡུག་པོ་ལས་ཁ་འབྱེད་ཟིན། མི་ལ་འཆི་འཇུག་མཁན་དེ་གིས་ཡེ་ཤུ་ལ་ཤི་བའི་ས་ཆ་ལ་ཤི་སྟེ་སྡོད་འཇུག་མ་ཁུགས། ༢༥ རྒྱལ་པོ་ད་བིད་ཀྱིས་ཀྱང་འོ་རང་གི་གསུང་རབ་ལ་ཡེ་ཤུའི་དོན་དག་ལ་འདི་ཅོག་འདྲ་སྨྲས་ཏེ་ཡོད་མཁན། (སྨྲས་ཡོད་མཁན།)

ངས་ཡ་ཝྰེ་ལ་ནམ་བྱེད་ན་ཡང་ངའི་མདུན་ལ་མཐོང་གོ་ཡོད།།

ཡ་ཝྰེ་ངའི་གཡས་པ་ལ་བསྡད་དེ་ཡོད།། (བསྡད་ཡོད།།)

འོ་སོང་བས་(འོ་སྨྲས་པས་)ངས་ཅི་ཡང་འཇིགས་དགོས་ཅེས་མེད།།

༢༦ འོ་སོང་བས་(འོ་སྨྲས་པས་)ང་དགེ་བ་བྱས་ཏེ་སྡོད་མཁན།།

དེ་ནས་དགེ་བའི་གླུ་ལེན་ཏེ་སྡོད་མཁན།།

ང་ཤི་སྟེ་འགྲོ་མཁན་ཡིན་ནས། འདི་སྐད་ཆའི་ཐོག་ལ་སེམས་ཁ་ལས་བྱས་ཏེ་སྡོད་མཁན།།

༢༧ ཅི་ལས་སྨྲ་ན་རང་གིས་ང་ལ་ཤི་སྟེ་ལས་སླེབ་སའི་ས་ཆ་ལ་དབྱུགས་འཇོག་ཅེས་མེད།།

རང་གི་རྣམ་པར་དག་པའི་མི་ལ་རུལ་ཏེ་ནོངས་འཇུག་ཅེས་མེད།།

༢༨ རང་གིས་ང་ལ་ཚེ་མཐའ་མེད་པ་འབྱོར་མཁན་གྱི་ལམ་བསྟན་ཏེ་ཡོད་པ།། (བསྟན་ཡོད་པ།།)

རང་ང་མཉམ་པོ་སྡོད་མཁན་གང་ལ་ངའི་སེམས་དགའ་ཚོར་གྱིས་གང་མཁན།།

སྨྲས་ཏེ་རྒྱལ་པོ་ད་བིད་ཀྱིས་སྨྲས་ཏེ་ཡོད་མཁན།། (སྨྲས་ཡོད་མཁན།།)

༢༩ ཨ་པོ་འོག་མ་ཡ། (ཨ་ད་ནོ་ཡ།) འོ་རང་གི་མེས་མེས་ཡང་མེས་ད་བིད་ཀྱི་སྐད་ཆ་ངས་མ་གསང་བར་བྱས་ཏེ་སྨྲ་ཁུག་མཁན། ཤི་སྟེ་ལས་མི་ཡ་གིས་ཁོ་ལ་ཕུང་པོ་འཇོག་མཁན་གྱི་ཕུག་པའི་ནང་ལ་འཇོག་ཟིན། འོ་ཕུག་པ་ད་རུང་ཡང་ཡོད་པ། ༣༠ རྒྱལ་པོ་ད་བིད་ནི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡིན་མཁན། ཁོས་འོ་སྐད་ཆ་སྔོན་ནས་ཤེས་ཏེ་སྨྲས་པ། ཨལ་ལོ་ཧིམ་གྱིས་ཁོའི་རྩ་བ་ལས་མི་སྣ་གཅིག་རྒྱལ་པོ་ཆེན་པོ་བཟོས་ཏེ་རང་གི་ཁྲི་ལ་སྡོད་འཇུག་ཅེས་ཡོད་སྨྲས་ཏེ་མནའ་བསྐྱེལ་ཏེ་དོ་དམ་བཞག་སྟེ་ཡོད་མཁན། (བཞག་ཡོད་མཁན།༣༡ ཨལ་ལོ་ཧིམ་གྱིས་བྱེད་མཁན་གྱི་ལས་ཀ་རྒྱལ་པོ་ད་བིད་ཀྱིས་གདོང་ལ་སྔོན་ནས་ཤེས་ཟིན་ཏེ་ཡོད་མཁན། (ཟིན་ཡོད་མཁན།དེ་ནས། ཨལ་ལོ་ཧིམ་གྱིས་ང་ལ་ཤི་སྟེ་ལས་སླེབ་སའི་ས་ཆ་ལ་དབྱུགས་འཇོག་ཅེས་མེད། རང་གི་རྣམ་པར་དག་པའི་མི་ལ་རུལ་ཏེ་ནོངས་འཇུག་ཅེས་མེད། སྨྲ་མཁན་གྱི་སྐད་ཆ་དེ་ད་བིད་ཀྱིས་དབང་སྐུར་ཐོབ་པ་དེ་གི་དོན་དག་ལ་སྨྲ་ཟིན། ཁོ་ཤི་སྟེ་གསོན་པོར་ལང་ཅེས་ཡོད་སྨྲས་ཏེ་ད་བིད་ཀྱིས་གདོང་ལ་སྔོན་ནས་ཤེས་ཏེ་སྨྲས་པ།

༣༢ འོ་དབང་སྐུར་ཐོབ་པ་ནི་ཡེ་ཤུ་རང་ཡིན་པ། ཡེ་ཤུ་ལ་ཨལ་ལོ་ཧིམ་གྱིས་ཤི་བའི་ས་ཆ་ལས་གསོན་པོར་ལང་འཇུག་ཟིན། འདི་དོན་རྐྱེན་གྱི་དོན་དག་ལ་ངེད་གང་པོ་དཔང་པོ་ཡོད། ༣༣ དེ་ནས་ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་རང་མཉམ་པོ་རང་གི་གཡས་པ་ངོས་ལས་སྡོད་འཇུག་ཟིན། དེ་ནས་དོ་དམ་བཞག་པ་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱིས་སྲས་པོ་ལ་རྣམ་པར་དག་པའི་ཐུགས་སྟེར་ཟིན། དེ་ནས་སྲས་པོས་འོ་རྣམ་པར་དག་པའི་ཐུགས་ངེད་ལ་བགྱེས་པ་ཡིན་པ། ད་ལྟ་ཁྱེད་ཀྱི་ཐོས་མཁན་དང་མཐོང་མཁན་དེ་འོ་དེ་རང་ཡིན་པ།

༣༤ རྒྱལ་པོ་ད་བིད་ནི་ནམ་མཁའ་ལ་ཕྱིན་ཏེ་ཨལ་ལོ་ཧིམ་མཉམ་པོ་ཁྲི་ལ་སྡོད་མ་མྱངས། ཡིན་ནས། ཁོས་འདི་ཅོག་འདྲའི་སྐད་ཆ་བྲིས་བཞག་པ་ནུ་བ།

ཡ་ཝྰེས་ངའི་ཨ་དོན་ལ།།

༣༥ ཁྱོད་ཀྱི་དགྲ་གང་པོ་ལ་རྐང་པའི་འོག་ལ་སྡོད་མ་བཅུག་བར་དུ་ངའི་གཡས་པ་ངོས་ལས་སྡོད་ཤོག སྨྲས་ཏེ་སྨྲ་འོ་ནུ།

སྨྲས་ཏེ་རྒྱལ་པོ་ད་བིད་ཀྱིས་བྲིས་བཞག་པ་ནུ་བ།།

༣༦ ད་ནི་ཡིས་ར་ཨལ་གྱི་མི་གང་པོས་འདི་སྐད་ཆ་ངོ་ཤེས་དགོས་མཁན། ཁྱེད་ཀྱིས་རྒྱངས་ཤིང་ལ་འཕྱངས་ཏེ་བསད་པའི་ཡེ་ཤུ་ལ་ནི་ཨལ་ལོ་ཧིམ་གྱིས་དཔོན་པོ་དང་དབང་སྐུར་ཐོབ་པ་གཉིས་ཀ་བཟོ་ཟིན། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།

༣༧ པེ་ཏྲོའི་སྐད་ཆ་ཐོས་ཏེ་མི་ཡ་གི་སེམས་ལ་ཟུག་ཟིན། དེ་ནས་པེ་ཏྲོ་དང་སྐུ་ཚབ་གཞན་པ་ཡ་ལ། ཨེ་ཨ་པོ་ཡ། (ཨེ་ཨ་ད་ཡ།འོ་སྒྲོས་ཡིན་ན་ནི་ངེད་ཀྱིས་ཅི་བྱེད་མཁན། སྨྲས་ཏེ་འདྲི་ཟིན། ༣༨ དེ་ནས་པེ་ཏྲོས་སྨྲ་ཟིན། ཁྱེད་གང་པོས་བཤགས་པ་བྱས་ཏེ་ངོ་ལོག་གི་ལས་ཀ་སྤོང་ཟིན་པ་དང་དབང་སྐུར་ཐོབ་པའི་ཡེ་ཤུའི་མིང་ལ་ཁྲུས་གསོལ་ལེན་དོང་། དེ་ནས་ཁྱེད་ཀྱིས་བྱས་པའི་ངོ་ལོག་འདག་མཁན། དེ་ནས་ཨལ་ལོ་ཧིམ་གྱིས་ཁྱེད་ལ་རྣམ་པར་དག་པའི་ཐུགས་སྟེར་མཁན། ༣༩ ཨལ་ལོ་ཧིམ་གྱིས་རྣམ་པར་དག་པའི་ཐུགས་སྟེར་མཁན་སྨྲས་ཏེ་དོ་དམ་བཞག་པ། འོ་དོ་དམ་དེ་ཁྱེད་དང་ཁྱེད་ཀྱི་བུ་བུ་མོ་ཡ་ལ་བཞག་པ་ཡིན་པ། འོ་ཙམ་དེ་རང་མིན་པ། ཡ་ཝྰེ་འོ་རང་གི་ཨལ་ལོ་ཧིམ་གྱིས་ཐག་རིང་པོ་རིང་པོ་ལ་སྡོད་མཁན་གྱི་མི་ཡ་ལ་ཡང་སྐད་རྒྱབ་མཁན། དེ་ནས་སྐད་བརྒྱབ་པ་གང་པོ་ལ་འདི་ཁས་ལེན་སྟེར་ཅེས་ཡོད། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།

༤༠ དེ་ནས་པེ་ཏྲོས་མི་ཡ་ལ་སྐད་ཆ་གཞན་པ་མང་པོ་ངོ་ཤེས་འཇུག་ཟིན། དེ་ནས་མི་ཡ་ལ་ཨུ་ཚུགས་བྱས་ཏེ་སྨྲ་ཟིན། མདང་དེ་རིང་གི་མ་དག་པའི་ལས་ཀ་བྱེད་མཁན་གྱི་མི་མཉམ་པོ་མ་འཆམ། ངོ་ལོག་ལས་ཐར་ཏོང་། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།) ༤༡ དེ་ནས་མི་མང་པོས་པེ་ཏྲོའི་སྐད་ཆ་ལ་ཉན་ཟིན་པ་དང་ཁྲུས་གསོལ་ལེན་ཟིན། འོ་ཉི་མ་ཁྲུས་གསོལ་ལེན་མཁན་གྱི་མི་སྟོང་ཕྲག་གསུམ་ཙམ་ཡོད་མཁན། ༤༢ དེ་ནས་ཁོང་གིས་སྐུ་ཚབ་ཡ་གི་ཁྲིད་ལ་ཉན་གོ་ཡོད་མཁན། ཉེ་གནས་ཡ་མཉམ་པོ་བཅམ་སྟེ་སྡོད་ཀོ་ཡོད་མཁན། ཨ་དོན་གྱིས་ཟོ་སྨྲས་ཏེ་སྨྲས་བཞག་པའི་དགོང་ཟས་མཉམ་པོ་ཟ་འོ་ཡོད་མཁན། དེ་ནས་མཉམ་པོ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཀོ་ཡོད་མཁན།

༤༣ ཨལ་ལོ་ཧིམ་ལས་དབང་ཐོབ་སྟེ་སྐུ་ཚབ་ཡ་གིས་ལས་ཀ་ཡ་མཚན་ཆེ་བ་མང་པོ་སྟོན་ཟིན། དེ་ནས་མི་ཡ་འཇིགས་པོར་འཇིགས་ཟིན། ༤༤ ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་ཡ་བཅམ་སྟེ་སྡོད་ཀོ་ཡོད་མཁན། རང་མཉམ་པོ་ཡོད་མཁན་གྱི་ཅ་ལག་ཡ་རང་ནང་ལ་བགོད་འོ་ཡོད་མཁན། ༤༥ ཁོང་རང་གི་ཞིང་ཡ། བྱད་ལག་ཡ་བཙོངས་ཏེ་རང་ནང་གི་སྡུག་པོ་ངོ་ཤེས་ཏེ་སྡུག་པོ་ཡོད་མཁན་གྱི་མི་ཡ་ལ་འགྱེད་འོ་ཡོད་མཁན། ༤༦ ཉི་མ་གྲངས་མ་ཁོང་སེམས་གཅིག་འགྲིགས་ཏེ་ཡ་ཧུ་དྰ་པའི་མཆོད་ཁང་ལ་འཚོགས་འོ་ཡོད་མཁན། ཁང་པ་ཁང་པ་ལ་ཡང་འཛོམས་ཏེ་སེམས་བཟང་པོ་བྱས་ཏེ། དགེ་བ་བྱས་ཏེ་ཟ་ཅེས་མཉམ་པོ་ཟ་འོ་ཡོད་མཁན། ༤༧ དེ་ནས་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་གོ་ཡོད་མཁན། མི་གཞན་པ་ཡ་གིས་ཁོང་ལ་བློ་ལ་འགྲོ་འོ་ཡོད་མཁན། དེ་ནས་ཨ་དོན་གྱིས་ཐར་བཅུག་པའི་མི་ཡ་ཉི་མ་གྲངས་མ་མང་འགྲོ་མང་འགྲོ་བྱས་ཏེ་འགྲོ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.