སྐུ་ཚབ་ཡ་གི་བྱ་བ་ལེའུ་གསུམ་པ།

རྐང་པ་ཤོར་བའི་མི་ལ་དྲག་བཅུག་པ།

 ཉི་མ་གཅིག་མཛར་བ་ལས་ཕར་པེ་ཏྲོ་དང་ཡུ་ཧ་ནན་ཡ་ཧུ་དྰ་པའི་མཆོད་ཁང་ལ་འགྲོ་མཁན་ཡོད་མཁན། འོ་ཙམ་ལ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་མཁན་གྱི་དུས་ལ་༼ཆུ་ཚོད་གསུམ་པ་ལ་༽ཕྱིན་ཏེ་ཡོད་མཁན།  དེ་ནས་མཆོད་ཁང་གི་བཟོ་ལྟ་མཛེས་པོ་སྨྲ་མཁན་གྱི་རྒྱལ་སྒོ་ལ་སྐྱེ་མཁན་ཡིན་འཇུག་རང་རྐང་པ་ཤོར་བའི་མི་གཅིག་བསླངས་ཏེ་སྡོད་ཀོ་ཡོད་མཁན། མི་ཡ་གིས་ཁོ་ལ་ཉི་མ་གྲངས་མ་ཁུར་ཏེ་ཁྱོང་སྟེ་འོ་རྒྱལ་སྒོ་ལ་འཇོག་འོ་ཡོད་མཁན། དེ་ནས་ཁོས་མཆོད་ཁང་ལ་འགྲོ་མཁན་གྱི་མི་ཡ་ལ་སློང་གོ་ཡོད་མཁན།

 དེ་ནས་པེ་ཏྲོ་དང་ཡུ་ཧ་ནན་སྒོའི་ནང་ལ་འཇུག་མཁན་གང་ལ་ཁོང་གཉིས་ལ་ཡང་བསོད་སྙོམས་སློང་ཟིན།  དེ་ནས་ཁོང་གཉིས་ཀྱིས་ཁོ་ལ་ཡག་པོ་བྱས་ཏེ་ལྟ་ཟིན། དེ་ནས་པེ་ཏྲོས། ངེད་ལ་ལྟོས། སྨྲས་ཏེ་སྨྲ་ཟིན།  དེ་ནས་ཁོས་ཅི་ཡང་འབྱོར་མཁན་ནི་སྨྲས་ཏེ་ལྟ་ཟིན།  དེ་ནས་པེ་ཏྲོས་སྨྲ་ཟིན། ང་མཉམ་པོ་གསེར་དངུལ་ནི་མེད། ཡིན་ནས། ང་མཉམ་པོ་ཅི་ཡོད་པ། འོ་དེ་རང་ཁྱོད་ལ་སྟེར་མཁན། ན་ཙ་རེད་ཀྱི་དབང་སྐུར་ཐོབ་པའི་ཡེ་ཤུའི་མིང་ལ་ལངས་ཏེ་སོང་། སྨྲས་ཏེ་སྨྲ་ཟིན་པ་དང་  པེ་ཏྲོས་ཁོའི་ལག་པ་གཡས་པ་ལ་བཟུང་སྟེ་སློང་མཁན་གང་ལ་ནི་ཁོའི་རྐང་པ་འཛུགས་ཁུག་མཁན་འགྲོ་ཟིན།  དེ་ནས་ཁོ་ཧོབ་ལངས་ཏེ་ཕར་ཚུར་ཕྱིན་ཏེ། དགེ་བ་བྱས་ཏེ་མཆོངས་ཏེ་ཕྱིན་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་མཁན་འབུལ་མཁན་ཁོང་མཉམ་པོ་མཆོད་ཁང་གི་ནང་ལ་འཇུག་ཟིན།

 དེ་ནས་མི་མང་པོས་ཁོ་འགྲོ་མཁན་དང་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་མཁན་མཐོང་ཟིན། ༡༠ དེ་ནས་མི་ཡ་གིས་ཁོ་ལ་མཆོད་ཁང་གི་བཟོ་ལྟ་མཛེས་པོ་སྨྲ་མཁན་གྱི་རྒྱལ་སྒོ་ལ་བསྡད་དེ་སློང་མཁན་གྱི་མི་འདི་རང་ཡིན་སྨྲས་ཏེ་ཁོ་ལ་ངོ་ཤེས་ཟིན། ཁོ་ག་འདྲ་བྱས་ཏེ་འགྲོ་ཁུག་མཁན་ཕྱིན་པ། སྨྲས་ཏེ་མི་ཡ་ཧ་ལས་ཟིན།།

མཆོད་ཁང་གི་ནང་ལ་པེ་ཏྲོས་མི་ཡ་ལ་བསླབས་པ།

༡༡ འོ་མི་མཆོད་ཁང་གི་སོ་ལོ་མོན་སྨྲ་མཁན་གྱི་ཀ་བའི་གྲལ་བསྟར་ལ་པེ་ཏྲོ་དང་ཡུ་ཧ་ནན་ལ་བཟུང་སྟེ་ལངས་ཏེ་འགྲོ་མཁན་མཐོང་བས་མི་གང་པོ་མཆོངས་ཏེ་ལྟ་འོང་ཟིན། ༡༢ དེ་ནས་མི་བུངས་ལ་མཐོང་སྟེ་པེ་ཏྲོས་སྨྲ་ཟིན།

ཨེ་ཡིས་ར་ཨལ་གྱི་མི་ཡ། ཁྱེད་ཅི་ལས་ངེད་ལ་ཤར་རེ་བལྟས་སྡོད་མཁན། ཅི་ཧ་ལས་ཏེ། ཅི་ཁྱེད་ཀྱིས་ངེད་ཀྱིས་འདི་མི་ལ་རང་གི་དབང་དང་གུས་པས་བྱས་ཏེ་འགྲོ་ཁུག་མཁན་བཟོས་པ་ཡིན་སྨྲས་ཏེ་གནས་འོ་ནུ་འམ། ༡༣ འོ་རང་གི་མེས་མེས་ཡང་མེས་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་ཀྱིས་མོས་པ་བྱས་པའི་ཨལ་ལོ་ཧིམ་གྱིས་རང་ལ་ཞབས་ཏོག་ཞུ་མཁན་གྱི་ཡེ་ཤུ་ལ་༼རང་གི་སྲས་པོ་ཡེ་ཤུ་ལ་༽འདི་ན་ཚ་དྲག་འཇུག་མཁན་གྱི་དབང་བསྟེར་བ་ཡིན་པ། འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཡེ་ཤུ་ལ་གཟི་བརྗིད་བྱས་པ་ཡིན་པ། ཁྱེད་ཀྱིས་ནི་ཡེ་ཤུ་ལ་རོ་མ་པ་ཡ་གི་ལག་པ་ལ་ཆུད་འཇུག་ཟིན། དེ་ནས་པི་ལ་ཏོས་གཏོང་ཅེས་བྱེད་མཁན་གང་ལ་ཡང་ཁྱེད་ཀྱིས་མ་བཏང་སྨྲས་ཏེ་སྨྲ་ཟིན། ༡༤ ཡེ་ཤུ་ནི་རྣམ་པར་དག་པ་ཡོད་མཁན། ཡེ་ཤུས་ལས་ཀ་བཙོག་པ་ཅི་ཡང་བྱས་ཏེ་མེད་པ་ཡོད་མཁན། ཁྱེད་ཀྱིས་ནི་ཡེ་ཤུའི་ཚབ་ལ་མི་གསོད་མཁན་གྱི་མི་ལ་ག་གཏོང་དོང་སྨྲས་ཏེ་སྨྲ་ཟིན། ༡༥ ཁྱེད་ཀྱིས་ཚེ་སྟེར་མཁན་དེ་ལ་གསོད་ཟིན། ཡིན་ནས། ཨལ་ལོ་ཧིམ་གྱིས་ཁོ་ལ་ནི་གསོན་པོར་ལང་འཇུག་ཟིན། འདི་དོན་རྐྱེན་གྱི་དོན་དག་ལ་ངེད་གང་པོ་དཔང་པོ་ཡོད། ༡༦ འདི་ལ་ལངས་ཏེ་བསྡད་པ། ཁྱེད་ཀྱིས་ངོ་ཤེས་མཁན་གྱི་མི་ནི་ཡེ་ཤུ་ལ་བློ་བཀལ་བ་སོང་བས་(སྨྲས་པས་)དྲག་ཟིན། ཡེ་ཤུའི་མིང་ཐོས་ཏེ་ཁོའི་སེམས་ལ་མོས་པ་སྐྱེས་པ་སོང་བས་(སྨྲས་པས་)ཁོ་ཁྱེད་ཀྱི་མདུན་ལ་དྲག་སྟེ་ལངས་ཏེ་བསྡད་དེ་ཡོད་པ།།

༡༧ ཨ་པོ་འོག་མ་ཡ། (ཨ་ད་ནོ་ཡ།ཁྱེད་དང་ཁྱེད་ཀྱི་འགོ་པ་ཡ་གིས་ཡེ་ཤུ་སུ་ཡིན་ནམ་སྨྲ་མཁན་དེ་ངོ་མ་ཤེས་པར་བྱས་ཏེ་གསོད་ཟིན། འོ་དེ་ང་ལ་རྒྱུས་ཡོད་པ། ༡༨ དབང་སྐུར་ཐོབ་པས་སྡུག་པོ་འཁྱེར་དགོས་ཅེས་ཡོད་སྨྲས་ཏེ་ཨལ་ལོ་ཧིམ་གྱི་སེམས་ལ་སྐྱེ་ཟིན་ཏེ་ཡོད་མཁན། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་ཀྱང་འདི་སྐད་ཆ་གདོང་ལ་སྔོན་ནས་ཤེས་ཏེ་སྒྲ་གསལ་ཏེ་བཞག་སྟེ་ཡོད་མཁན། དེ་ནས་ད་ནི་ཁྱེད་ཀྱིས་བྱས་ཏེ་དོན་དག་ཀྱང་འགྲུབ་ཟིན། ༡༩ ད་ནི་ཁྱེད་ཀྱིས་བཤགས་པ་བྱས་ཏེ་ངོ་ལོག་སྤངས་ཏེ་རང་གི་སེམས་ཡ་ཝྰེ་ངོས་ལས་འགྱུར་ཏོང་། དེ་ནས་ཡ་ཝྰེས་ཁྱེད་ཀྱི་ངོ་ལོག་གང་པོ་འདག་འཇུག་མཁན། ཁྱེད་ལ་བློ་བདེ་པོ་འོང་འཇུག་མཁན། ༢༠ དེ་ནས་ཡ་ཝྰེས་དབང་སྐུར་ཐོབ་པའི་ཡེ་ཤུ་ལ་ཁྱེད་ཀྱི་བར་དཀྱིལ་ལ་གཏོང་ཅེས་ཡོད། ཡ་ཝྰེས་འདམས་པའི་དབང་སྐུར་ཐོབ་པ་ནི་ཡེ་ཤུ་རང་ཡིན་པ། སྔོན་ལ་ཁྱེད་ལ་བཤད་པའི་ཡེ་ཤུ་རང་ཡིན་པ། ༢༡ ཡིན་ནས། ཨལ་ལོ་ཧིམ་གྱིས་རང་གི་སྐད་ཆ་ཤོད་མཁན་དྲང་པོ་ཡ་ལས་ཀྱིས་བྱས་ཏེ་སྨྲས་པའི་སྐད་ཆ་གང་པོ་དོན་དག་མ་གྲུབ་པར་དུ་ཁོ་ཨལ་ལོ་ཧིམ་གྱི་སེམས་ལ་སྐྱེས་པ་ཅོག་འདྲ་བྱས་ཏེ་ནམ་མཁའ་ལ་སྡོད་ཅེས་ཡོད།

༢༢ ཁོའི་དོན་དག་ལ་མོ་ཤེས་ཁྱེད་ཀྱི་མེས་མེས་ཡང་མེས་ཡ་ལ་འདི་ཅོག་འདྲ་སྨྲས་ཏེ་ཡོད་མཁན།

ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་དོན་དག་ལ་

ང་ཅོག་འདྲའི་སྐད་ཆ་ཤོད་མཁན་གཅིག་གཏོང་ཅེས་ཡོད།།

འོ་སྐད་ཆ་ཤོད་མཁན་ཁྱེད་བརྒྱུད་པ་དེ་རང་འོང་ཅེས་ཡོད།།

འོ་སྐད་ཆ་ཤོད་མཁན་གྱི་སྨྲ་མཁན་གྱི་སྐད་ཆ་གང་པོ་ལ་ཁྱེད་ཀྱིས་ཉན་དགོས་མཁན།།

༢༣ འོ་སྐད་ཆ་ཤོད་མཁན་གྱི་སྨྲ་མཁན་གྱི་སྐད་ཆ་ལ་མི་ཉན་མཁན་དེ་ལ་ནི་

ཡ་ཝྰེས་རང་གི་མི་ཡ་གི་ནང་ལས་ཁ་འབྱེད་ཅེས་ཡོད།།

དེ་ནས་ཁོ་སྟོངས་ཅེས་ཡོད།།

སྨྲས་ཏེ་མོ་ཤེས་སྨྲས་ཏེ་ཡོད་མཁན།།

༢༤ དེ་ནས་སྐད་ཆ་ཤོད་མཁན་ཤ་མུ་ཨལ་གྱིས་ཀྱང་མདང་དེ་རིང་འོང་མཁན་གྱི་སྐད་ཆ་ཡ་སྔོན་ནས་ཤེས་ཏེ་སྨྲས་བཞག་པ་ནུ་བ། ཤ་མུ་ཨལ་གྱི་རྗེས་ལ་འོང་མཁན་གྱི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་གིས་ཀྱང་འདི་སྐད་ཆ་སྨྲ་ཟིན། འདི་སྐད་ཆ་ཡ་ནི་ཁྱེད་ལ་ཕན་ཐོགས་འཇུག་སྨྲས་ཏེ་སྔོན་ནས་ཤེས་ཏེ་སྨྲས་པ་ཡིན་པ། ༢༥ དེ་ནས་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་མེས་མེས་ཡང་མེས་ཡ་ལ་བཞག་པའི་དམ་བཅའ་དེ་ཁྱེད་ལ་ཡང་བཞག་པ་ཡིན་པ། འོ་དམ་བཅའ་དེ་ད་ལྟ་ཁྱེད་ལ་དོན་དག་འགྲུབ་འོང་ཟིན། འོ་རང་གི་མེས་མེས་ཡང་མེས་ཨབ་ར་ཧམ་ལ་ཨལ་ལོ་ཧིམ་གྱིས་འདི་ཅོག་འདྲ་སྨྲ་ཟིན། ཁྱོད་ཀྱི་རྩ་བ་ཡ་ལས་ཀྱིས་བྱས་ཏེ་འཛམ་བུ་གླིང་གི་བརྒྱུད་པ་གང་པོ་ལ་བྱིན་རླབས་ཆགས་ཅེས་ཡོད། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲས་པ་ནུ་བ། ༢༦ ད་ལྟ་ནི་ཨལ་ལོ་ཧིམ་གྱིས་རང་ལ་ཞབས་ཏོག་ཞུ་མཁན་གྱི་ཡེ་ཤུ་ལ་༼རང་གི་སྲས་པོ་ཡེ་ཤུ་ལ་༽འདམས་ཏེ་གདོང་ལ་ཁྱེད་ཀྱི་རྩར་ལ་གཏོང་ཟིན། ཁྱེད་ལ་ལམ་བཙོག་པ་ལས་ཐར་བཅུག་སྟེ་བྱིན་གྱིས་རློབ་ཅེས་ལ་ཡེ་ཤུ་འོངས་པ་ཡིན་པ། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.