པེ་ཏྲོ་དང་ཡུ་ཧ་ནན་འགོ་པ་ཡ་འཚོགས་མཁན་གྱི་ས་ཆ་ལ།
༡ པེ་ཏྲོ་དང་ཡུ་ཧ་ནན་མི་ཡ་མཉམ་པོ་འདི་ཅོག་འདྲ་སྐད་ཆ་སྨྲ་མཁན་གྱི་དུས་ཚོད་ལ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཡ་དང་མཆོད་ཁང་སྲུང་མཁན་གྱི་མི་ཡ་གི་འགོ་པ་འོང་ཟིན། དེ་ནས་ཁོང་མཉམ་པོ་༼ཤི་སྟེ་ལས་རྟིང་ཤོས་དུས་ཚོད་ལ་(ཤི་སྟེ་ལས་དུས་ཚོད་འགབ་ཤོས་ལ་)སུ་ཡང་གསོན་པོར་ལང་ཅེས་མེད་སྨྲ་མཁན་གྱི་༽སད་དུ་ཀི་ཡ་ཡང་འོང་ཟིན། ༢ དེ་ནས་པེ་ཏྲོ་དང་ཡུ་ཧ་ནན་གྱིས། ཡེ་ཤུ་ཤི་སྟེ་གསོན་པོར་ལངས་ཏེ་འགབ་ལས་མི་གཞན་པ་ཡ་ཡང་ཤི་སྟེ་ལས་གསོན་པོར་ལང་ཅེས་ཡོད། སྨྲས་ཏེ་མི་ཡ་ལ་སློབ་མཁན་ཐོས་པས་སད་དུ་ཀི་ཡ་ཞེ་སྡང་ལངས་ཏེ་ ༣ ཁོང་གཉིས་ལ་འཛིན་ཟིན། དེ་ནས་འོ་ཉི་མ་ཁ་མཆུ་རྩོད་ཅེས་ལ་ཕྱི་མོ་ཕྱིན་པ་སོང་བས་ནུབ་གང་བཙོན་ཁང་ལ་འཇོག་ཟིན། ༤ བཙོན་ཁང་ལ་བླུགས་འཇོག་ན་ཡང་ཁོང་གཉིས་ཀྱི་བཤད་པའི་ལོན་ལ་མི་མང་པོས་ཉན་ཏེ་ཡེ་ཤུ་ལ་བློ་འགེལ་ཟིན། དེ་ནས་འོ་ཙམ་ཐུག་ལ་ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་སྟོང་ཕྲག་ལྔ་ཙམ་འགྲོ་ཟིན་ཏེ་ཡོད་མཁན།།
༥ ནངས་པར་ཉི་མ་ཡ་ཧུ་དྰ་པའི་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ། འགོ་པ་ཆེན་པོ་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་ཡ་རུ་ཤ་ལེམ་ལ་འཛོམ་ཟིན། ༦ འོ་ཚོགས་ལ་ཨན་ན་སྨྲ་མཁན་གྱི་ལེ་ཝི་འགོ་ཆེ་བ། ཁོའི་ཉེ་བ་འགྲོ་མཁན་གྱི་ཀ་ཡ་ཕྰ། ཡུ་ཧ་ནན། ཨ་ལེག་སན་དེར་དང་ཨན་ནའི་གཉེན་ཚན་ཉེ་བ་གཞན་པ་ཡ་ཡང་ཡོད་མཁན། ༧ དེ་ནས་ཁོང་འཛོམས་ཏེ་པེ་ཏྲོ་དང་ཡུ་ཧ་ནན་ལ་འཚོགས་སའི་ས་ཆ་ལ་འཁྱེར་ཟིན། དེ་ནས་འོ་དྲག་བཅུག་པའི་མི་ལ་བསྟན་ཏེ། ཁྱེད་གཉིས་ཀྱིས་འདི་མི་ལ་ག་ནས་ཀྱི་དབང་འབྱོར་ཏེ། དེ་ནས་སུའི་མིང་གིས་བྱས་ཏེ་དྲག་བཅུག་པ། སྨྲས་ཏེ་འདྲི་ཟིན། ༨ དེ་ནས་རྣམ་པར་དག་པའི་ཐུགས་ལས་དབང་འབྱོར་ཏེ་པེ་ཏྲོས་སྨྲ་ཟིན།
འདི་ལ་བསྡད་དེ་ཡོད་མཁན་གྱི་ཡིས་ར་ཨལ་གྱི་འགོ་པ་ཡ། ༩ དེ་རིང་ངེད་ཀྱིས་འདི་རྐང་པ་ཤོར་བའི་མི་ལ་དྲག་བཅུག་སྟེ་ལས་ཀ་ཡག་པོ་བྱས་པའི་དོན་དག་ལ་ཁྱེད་ཀྱིས་འདི་ཁོ་ལ་ག་འདྲ་བྱས་ཏེ་དྲག་བཅུག་པ་སྨྲས་ཏེ་འདྲི་བ་འདྲི་ན་ནི། ༡༠ འོ་ན་ཁྱེད་ཉན་དོང་། དེ་ནས་ཡིས་ར་ཨལ་གྱི་མི་གང་པོས་ཀྱང་ཐོས་ཆུག ཁྱེད་ཀྱི་མདུན་ལ་ལངས་ཏེ་སྡོད་མཁན་གྱི་འདི་མི་ན་ཙ་རེད་ཀྱི་དབང་སྐུར་ཐོབ་པའི་ཡེ་ཤུའི་མིང་གིས་བྱས་ཏེ་དྲག་པ་ཡིན་པ། ཁྱེད་ཀྱིས་ནི་ཡེ་ཤུ་ལ་རྒྱངས་ཤིང་ལ་ལྕགས་གཟེར་དིམ་སྟེ་འཕྱངས་ཏེ་གསོད་ཟིན། ཨལ་ལོ་ཧིམ་གྱིས་ནི་ཡེ་ཤུ་ལ་ཤི་བའི་ས་ཆ་ལས་གསོན་པོར་ལང་འཇུག་ཟིན། ༡༡ འོའི་དོན་དག་ལ་འོ་རང་གི་གསུང་རབ་ལ་འདི་ཅོག་འདྲ་བྲིས་ཏེ་ཡོད་པ།
རྩིག་བཟོ་མཁས་པ་ཡ་གིས་ཕན་མི་ཐོགས་མཁན་སྨྲས་ཏེ་དབྱུགས་བཞག་པའི་རྡོ་དེ་
མཆོད་ཁང་བཞེང་མཁན་གང་ལ་མི་འཇོག་ན་མི་འོང་མཁན་གྱི་རྡོ་རང་ཁང་པའི་ཟུར་གྱི་རྨང་རྡོ་འགྲོ་ཟིན།།
སྨྲས་ཏེ་བྲིས་ཏེ་ཡོད་པ། ༡༢ ཡེ་ཤུ་གཅིག་གིས་མིན་པ་སུ་གཞན་པས་ཀྱང་ཐར་པ་ཐོབ་འཇུག་མི་ཁུག་མཁན། མི་ལ་ཐར་པ་ཐོབ་འཇུག་ཅེས་ལ་ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་ལ་ཡེ་ཤུ་ལ་མིན་པ་སུ་གཞན་པ་ལ་ཡང་མ་བཏང་། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།།
༡༣ ཚོགས་པའི་འགོ་པ་ཡ་གིས་པེ་ཏྲོ་དང་ཡུ་ཧ་ནན་ཡི་གེ་མང་པོ་མ་བསྒྲགས་པའི་མི་ནུ་བ་སྨྲས་ཏེ་ཧ་གོ་ཟིན། དེ་ནས་ཁོང་གཉིས་ཀྱིས་འདི་ཅོག་འདྲ་མ་འཇིགས་པ་བྱས་ཏེ་སྐད་ཆ་སྨྲ་མཁན་མཐོང་སྟེ་ཧ་ལས་ཟིན། དེ་ནས་ཁོང་གིས་པེ་ཏྲོ་དང་ཡུ་ཧ་ནན་ཡེ་ཤུ་མཉམ་པོ་བསྡད་པ་ནུ་སྨྲ་མཁན་དེ་ཧ་གོ་ཟིན། ༡༤ དེ་ནས་འོ་རྐང་པ་ཤོར་བའི་མི་དྲག་སྟེ་པེ་ཏྲོ་དང་ཡུ་ཧ་ནན་མཉམ་པོ་ལངས་ཏེ་བསྡད་པ་མཐོང་བས་ཁོང་གིས་ཅི་ཡང་སྨྲ་མ་ཁུགས། ༡༥ འོ་སོང་བས་ཁོང་གཉིས་ལ། གྲོས་མི་གང་པོའི་ས་ཆ་ལས་ཕྱི་ལ་སོང་། སྨྲས་ཏེ་ཕྱི་ལ་གཏོང་ཟིན། དེ་ནས་ཁོང་གིས་གྲོས་བརྒྱབ་སྟེ་སྨྲ་ཟིན། ༡༦ འོ་མི་གཉིས་ལ་འོ་རང་གིས་ཅི་བྱེད་མཁན། ཁོང་གཉིས་ཀྱི་ལས་ཀ་ཡ་མཚན་པ་བྱས་པ་དེ་ནི་ཡ་རུ་ཤ་ལེམ་གྱི་མི་གང་པོས་ཚོར་ཟིན་ཏེ་ཡོད། འདི་སྐད་ཆ་ནི་འོ་རང་གིས་མིན་པ་སྨྲ་མི་ཁུག ༡༧ ཡིན་ནས། འདི་སྐད་ཆ་མི་གཞན་པ་ཡ་ལ་ཐོས་འཇུག་ཅེས་མི་འོང་མཁན། འོ་སོང་བས་ཁོང་གཉིས་ལ་བཀའ་སྒྱུར་བཏང་སྟེ། ད་ཡིན་འཇུག་ཡེ་ཤུའི་མིང་ལ་སུ་ལ་ཡང་མ་སྨྲ། སྨྲས་ཏེ་སྨྲ་མཁན། སྨྲས་ཏེ་གྲོས་རྒྱབ་ཟིན། ༡༨ དེ་ནས་ཁོང་གཉིས་ལ་ནང་ལ་ཁྱེར་ཏེ་བཀའ་སྒྱུར་བཏང་སྟེ། ད་ཡིན་འཇུག་ཡེ་ཤུའི་མིང་ལ་སུ་མཉམ་པོ་ཡང་སྐད་ཆ་མ་སྨྲ་དེ་ནས་མ་སློབ། སྨྲས་ཏེ་སྨྲ་ཟིན།
༡༩ འོ་ཙམ་ལ་པེ་ཏྲོ་དང་ཡུ་ཧ་ནན་གྱིས་སྨྲ་ཟིན། ཁྱེད་ཀྱི་སྨྲས་པའི་སྐད་ཆ་ལ་ཉན་ཅེས་ནི་ཨལ་ལོ་ཧིམ་གྱི་སྨྲས་པའི་སྐད་ཆ་ལ་ཉན་ཅེས། ཨལ་ལོ་ཧིམ་གྱི་མདུན་ལ་གང་དྲ་འོང་མཁན། ཁྱེད་རང་གི་རང་བསམ་བློ་གཏོང་དོང་ལགས། ༢༠ ངེད་ཀྱིས་ནི་མཐོང་བའི་དོན་རྐྱེན། ཐོས་པའི་སྐད་ཆ་མ་སྨྲས་པར་བྱས་ཏེ་སྡོད་རང་མི་ཁུག་མཁན། སྨྲས་ཏེ་སྨྲ་ཟིན། ༢༡ དེ་ནས་འགོ་པ་ཡ་གིས་ཁོང་གཉིས་ལ་གཉིས་པར་བཀའ་སྒྱུར་གཏོང་ཟིན་པ་དང་གཏོང་ཟིན། ཁོང་གཉིས་ཀྱི་ལས་ཀ་ཡ་མཚན་ཆེ་བ་ལ་མཐོང་སྟེ་མི་གང་པོས་ཨལ་ལོ་ཧིམ་ལ་གཟི་བརྗིད་བྱེད་ཟིན། འོ་སོང་བས་འགོ་པ་ཡ་གིས་པེ་ཏྲོ་དང་ཡུ་ཧ་ནན་ལ་ཆད་པ་གཅོད་མ་ཁུགས།
༢༢ འདི་ཅོག་འདྲའི་ཡ་མཚན་ཆེ་བ་ཞིག་བྱས་ཏེ་དྲག་མཁན་གྱི་མིའི་ལོ་བཞི་བཅུ་༼ཁལ་གཉིས་༽སྨྲས་ཏེ་ཡང་ལྷག་པ་ཕྱིན་ཏེ་ཡོད་མཁན།།
ཨལ་ལོ་ཧིམ་ལ་གསོལ་བ་བཏབ་པ།
༢༣ པེ་ཏྲོ་དང་ཡུ་ཧ་ནན་འཚོགས་སའི་ས་ཆ་ལས་ཐོན་ཏེ་རོགས་ཡ་གི་རྩར་ལ་ཕྱིན་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་དང་འགོ་པ་ཡ་གི་སྨྲས་པའི་སྐད་ཆ་ཡ་ཤོད་ཟིན། ༢༤ ལེ་ཝི་ཆེན་པོ་དང་འགོ་པ་ཡ་གི་སྨྲས་པའི་སྐད་ཆའི་དོན་དག་ཧ་གོ་སྟེ་ཁོང་གང་པོས་བློ་གཅིག་ལ་འགྲིགས་ཏེ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཟིན། ཨོ་དབང་ཆ་ཆེན་པོ་གྱོན་མཁན་གྱི་ཨ་དོན། ནམ་མཁའ་ས་དང་ཆུ་ལ་ཡོད་མཁན་གྱི་ཅ་ལག་གང་པོ་ཁྱོད་ཀྱིས་བཟོས་པ་ཡིན་པ། ༢༥ དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་ངེད་ཀྱི་མེས་མེས་ཡང་མེས་ད་བིད་ཀྱིས་འདི་ཅོག་འདྲ་སྨྲ་ཟིན།
འཛམ་བུ་གླིང་གི་བརྒྱུད་པ་བརྒྱུད་པའི་མི་ཡ་ཅི་ལས་ཞེ་སྡང་བྱེད་མཁན།།
ལུང་པ་ལུང་པའི་མི་ཡ་ལས་ཀ་བཙོག་པ་བྱེད་ཅེས་སྨྲས་ཏེ་ཅི་ལས་གྲོས་རྒྱབ་མཁན།།
༢༦ ཡ་ཝྰེ་དང་ཁོའི་དབང་སྐུར་ཐོབ་པ་ལ་དགྲ་བྱེད་ཅེས་ལ།།
འཛམ་བུ་གླིང་གི་རྒྱལ་པོ་ཡ་དང་རྒྱལ་ཁྲིམས་བྱེད་མཁན་གྱི་མི་ཆེན་པོ་ཡ་འཛོམས་ཏེ་ཡོད།།
སྨྲས་ཏེ་ཨ་དོན་ལ་ཞབས་ཏོག་ཞུ་མཁན་གྱི་ད་བིད་ཀྱིས་སྨྲ་ཟིན། ༢༧ ཨོ་ཨ་དོན། འདི་ཅོག་འདྲའི་སྐད་ཆ་ཡ་མདང་དེ་རིང་འགྲོ་རང་འགྲོ་འོ་ཡོད་པ། ཨ་དོན་ལ་དྲང་པོ་བྱས་ཏེ་ཞབས་ཏོག་ཞུ་མཁན་གྱི་ཡེ་ཤུ་ལ་༼ཨ་དོན་གྱི་སྲས་པོ་རྣམ་པར་དག་པ་ཡེ་ཤུ་ལ་༽ཨ་དོན་གྱིས་དབང་སྐུར་ཐོབ་པ་བཟོ་ཟིན། ཡེ་ཤུ་ལ་དགྲ་བྱེད་ཅེས་ལ་ཧེ་རོ་དྰེ། པི་ལ་ཏོ། དེ་ནས་ཡིས་ར་ཨལ་པ་དང་མི་ལུང་པའི་མི་ཡ་འགྲིགས་ཏེ་འདི་རྒྱལ་ས་ལ་འཛོམས་ཏེ་ཡོད་པ། ༢༨ གདོང་ལ་ཁྱོད་ཀྱི་སེམས་ལ་སྐྱེས་པ་དེ་རང་ཁོང་གིས་བྱས་པ་ནུ་བ། ༢༩ ཨོ་ཨ་དོན། ད་ནི་ཁོང་གིས་ངེད་ལ་སྙིལ་མཁན་གྱི་ས་ཆ་ལ་སྙིང་རྗེ་མཐོང་དོང་། ངེད་ཀྱིས་ཁྱོད་ལ་ཞབས་ཏོག་ཞུ་ཅེས་ཀྱི་སེམས་ཡོད་པ། ད་ལྟ་ཁྱོད་ཀྱི་བཀའ་མ་འཇིགས་པར་བྱས་ཏེ་ཤོད་ཅེས་ལ་ངེད་ལ་རོགས་རམ་བྱེད་ཏོང་། ༣༠ རང་གི་སྙིང་རྗེས་བྱས་ཏེ་ནད་པ་ཡ་ལ་དྲག་འཇུག་དོང་། དེ་ནས་རང་ལ་དྲང་པོ་བྱས་ཏེ་ཞབས་ཏོག་ཞུ་མཁན་གྱི་ཡེ་ཤུའི་མིང་ལས་༼རང་གི་སྲས་པོ་རྣམ་པར་དག་པ་ཡེ་ཤུའི་མིང་ལས་༽ལས་ཀ་ཡ་མཚན་ཆེ་བ་ཡ་བྱས་ཏེ་ངེད་ལ་རོགས་རམ་བྱེད་ཏོང་། སྨྲས་ཏེ་ཚོགས་པའི་ཉེ་གནས་ཡ་གིས་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཟིན།།
༣༡ འདི་ཅོག་འདྲ་གསོལ་བ་འདེབས་ཟིན་ཏེ་འགབ་ལས་ནི་ཁོང་ཚོགས་ཏེ་བསྡད་པའི་ས་ཆ་གཡོ་ཟིན། དེ་ནས་ཁོང་གང་པོ་རྣམ་པར་དག་པའི་ཐུགས་ཀྱིས་གང་སྟེ་ཨལ་ལོ་ཧིམ་གྱི་བཀའ་མ་འཇིགས་པར་བྱས་ཏེ་བཤད་དེ་འགྲོ་ཟིན།།
སྣ་གང་པོ་ཕྱེད་མ།
༣༢ ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་གང་པོ་བློ་གཅིག་ལ་འགྲིག་འོ་ཡོད་མཁན། དེ་ནས་རྒྱུ་ཡ་རང་དེ་སྨྲས་ཏེ་མ་བསྲིས་པར་བྱས་ཏེ་ཀུང་ལ་བཞག་སྟེ་འདུས་ཚོགས་ཀྱིས་བདེ་སྤྱོད་གཏོང་གོ་ཡོད་མཁན། ༣༣ དེ་ནས་ཨ་དོན་ཡེ་ཤུ་གསོན་པོར་ལངས་པ་ཡིན་པ་སྨྲས་ཏེ་སྐུ་ཚབ་ཡ་གིས་དབང་ཆེན་པོ་འཐོགས་ཏེ་དཔང་པོ་སྟེར་ཀོ་ཡོད་མཁན། དེ་ནས་ཨལ་ལོ་ཧིམ་གྱིས་ཁོང་གང་པོ་ལ་སྙིང་རྗེ་མཐོང་གོ་ཡོད་མཁན། ༣༤ ཁོང་གི་ནང་ལ་སུ་ལ་ཡང་ཟ་ཅེས་གྱོན་ཅེས་ལ་སྡུག་པོ་མེད་པ་ཡོད་མཁན། རེ་འགའས་ཞིང་། རེ་འགའས་ཁང་པ་བཙོངས་ཏེ། ༣༥ དེ་ནས་འོངས་པའི་ཊང་ཀ་སྐུ་ཚབ་ཡ་གི་རྩར་ལ་ཁྱོང་སྟེ་ཀུང་ལ་འཇོག་འོ་ཡོད་མཁན། དེ་ནས་སྐུ་ཚབ་ཡ་གིས་འོ་ཊང་ཀ་བགོད་རིམ་པའི་འགྲོ་སོང་གཏོང་གོ་ཡོད་མཁན།
༣༦ དེ་ནས་ཡོ་སེབ་མིང་འཐོགས་པའི་ལེ་ཝི་པ་བརྒྱུད་པའི་མི་གཅིག་ཡོད་མཁན། ཁོ་ས་ཡིབ་པུ་སྨྲ་མཁན་གྱི་གླིང་ཕྲན་ལ་སྐྱེས་པ་ཡིན་མཁན། སྐུ་ཚབ་ཡ་གིས་ཁོ་ལ་བར་ན་བྰ་སྨྲས་ཏེ་སྨྲ་འོ་ཡོད་མཁན། བར་ན་བྰ་སྨྲ་མཁན་གྱི་དོན་དག་དེ་མི་གཞན་པ་ལ་སྙིང་རུས་སྐྱེ་འཇུག་མཁན་དེ་ཡིན་པ། ༣༧ འོ་བར་ན་བྰས་ཀྱང་ཞིང་གཅིག་འཚོང་ཟིན་པ་དང་ཊང་ཀ་གང་པོ་སྐུ་ཚབ་ཡ་ལ་རྩིས་རྒྱབ་ཟིན།། །།