སྐུ་ཚབ་ཡ་གི་བྱ་བ་ལེའུ་ལྔ་པ།

ཨ་ནན་ཡྰ་དང་སབ་ཕྰི་རའི་སྐད་ཆ།

 ཚོགས་ཀྱི་མི་ཡ་གི་ནང་ལ་ཨ་ནན་ཡྰ་སྨྲ་མཁན་གྱི་མི་གཅིག་ཡོད་མཁན། ཁོའི་བུད་མེད་ཀྱི་མིང་སབ་ཕྰི་ར་ཡིན་མཁན། ཁོང་གཉིས་ཀྱིས་ཀྱང་རང་གི་ཞིང་གཅིག་འཚོང་ཟིན།  དེ་ནས་ཁོང་གཉིས་འགྲིགས་ཏེ་ཞིང་བཙོངས་པའི་ཊང་ཀ་སུད་པ་ཞིག་ཁ་འཛུམ་པ་བྱས་ཏེ་རང་གི་དོན་དག་ལ་སྦས་འཇོག་ཟིན། དེ་ནས་ཊང་ཀ་གཞན་པ་དེ་ཨ་ནན་ཡྰས་ཁྱེར་ཏེ་ཕྱིན་ཏེ། ཞིང་བཙོངས་པའི་ཊང་ཀ་གང་པོ་འདི་ཙམ་ཡིན་པ། སྨྲས་ཏེ་སྐུ་ཚབ་ཡ་གི་མདུན་ལ་འཇོག་ཟིན།  དེ་ནས་པེ་ཏྲོས་སྨྲ་ཟིན། ཨེ་ཨ་ནན་ཡྰ། ཅི་ལས་ས་ཏན་ལ་རང་གི་སེམས་ལ་འཇུག་བཅུག་སྟེ་རྣམ་པར་དག་པའི་ཐུགས་ལ་ཤོབ་རྒྱབ་མཁན། ཞིང་བཙོངས་པའི་ཊང་ཀ་སུད་པ་ཞིག་ཅི་ལས་ཁ་འཛུམ་པ་བྱས་ཏེ་རང་གི་དོན་དག་ལ་བཞག་པ།  ཞིང་མ་བཙོངས་ཡོད་ན་འོ་ཞིང་ཁྱོད་དེ་རང་ཡིན། ཞིང་བཙོངས་ཏེ་ལས་ཀྱང་འོ་ཊང་ཀ་ཁྱོད་དེ་རང་ཡིན། སྟེར་ན་ཡང་འགྲིག་ཅེས་ཡོད་མཁན། མི་སྟེར་ན་ཡང་འགྲིག་ཅེས་ཡོད་མཁན། ཁྱོད་ཀྱིས་ཅི་ལས་འདི་ཅོག་འདྲ་སེམས་འཕྱངས་པ། འདི་ནི་ཁྱོད་ཀྱིས་མི་མཉམ་པོ་ཤོབ་བརྒྱབ་པ་མིན་པ། ཨལ་ལོ་ཧིམ་མཉམ་པོ་ག་ཤོབ་བརྒྱབ་པ་ཡིན་པ། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན།  འོ་ཙམ་ཐོས་ལོང་མེད་པ་ཨ་ནན་ཡྰ་ས་ལ་ལྟུང་བར་རིལ་ཏེ་འཆི་ཟིན། འདི་སྐད་ཆ་ཐོས་མཁན་གྱི་མི་གང་པོ་འཇིགས་པོར་འཇིགས་ཟིན།  དེ་ནས་ཤར་པ་ཡ་ལངས་ཏེ་ཁོའི་རོ་རས་ལ་བཏུམས་ཏེ་ཁྱེར་ཏེ་བདོག་འཇོག་འགྲོ་ཟིན།།

 ཆུ་ཚོད་གསུམ་ཙམ་གྱི་རྗེས་ལ་ཨ་ནན་ཡྰའི་བུད་མེད་ནང་ལ་འོང་ཟིན། ཁྱོ་ག་ཤི་བ་སྨྲས་ཏེ་མོ་ལ་རྒྱུས་མེད་པ་ཡོད་མཁན།  དེ་ནས་པེ་ཏྲོས། ང་ལ་སྨྲོས་གནང་། ཁྱེད་གཉིས་ཀྱི་ཞིང་འདི་ཙམ་ཊང་ཀ་ལ་རང་བཙོངས་པ་ཡིན་ནམ། སྨྲས་ཏེ་འདྲི་ཟིན། ལགས་སོ། འོ་ཙམ་རང་ཡིན་པ། སྨྲས་ཏེ་མོས་ཀྱང་སྨྲ་ཟིན།  ཁྱེད་གཉིས་ཀྱིས་ཡ་ཝྰེའི་རྣམ་པར་དག་པའི་ཐུགས་ལ་ཅི་ལས་ཤོབ་རྒྱབ་ཅེས་བཙོལ་བ། ལྟོས། ཁྱོད་ཀྱི་ཁྱོ་གའི་རོ་བདོག་འགྲོ་མཁན་གྱི་མི་ཡ་འོངས་ཏེ་ད་ལྟ་ཁོང་རྒྱལ་སྒོ་ལ་སླེབས་ནུ། ཁོང་གིས་ཁྱོད་ལ་ཡང་ཁྱེར་ཏེ་བདོག་ཅེས་ཡོད། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན། ༡༠ འོ་ཙམ་ལ་མོ་ཡང་པེ་ཏྲོའི་མདུན་ལ་ལྟུང་བར་རིལ་ཏེ་འཆི་ཟིན། དེ་ནས་ཤར་པ་ཡ་ནང་ལ་འོངས་ཏེ་མོ་ལ་ཤི་བ་མཐོང་སྟེ་མོ་ལ་ཡང་ཁྱེར་ཏེ་མོ་རང་གི་ཁྱོ་གའི་ཟུར་ལ་བདོག་འཇོག་ཟིན། ༡༡ འོ་སོང་བས་ཡེ་ཤུ་ལ་བློ་འགེལ་མཁན་གྱི་ཚོགས་ཀྱི་མི་ཡ། དེ་ནས་འོ་སྐད་ཆ་ཐོས་མཁན་གྱི་མི་གཞན་པ་ཡ་ཡང་འཇིགས་པོར་འཇིགས་ཟིན།།

ཨལ་ལོ་ཧིམ་གྱིས་བྱིན་གྱིས་བརླབས་པ།

༡༢ སྐུ་ཚབ་ཡ་གིས་ཡ་རུ་ཤ་ལེམ་གྱི་མི་ཡ་གི་བར་དཀྱིལ་ལ་ལས་ཀ་ཡ་མཚན་ཆེ་བ་མང་པོ་བྱས་ཏེ་སྟོན་གོ་ཡོད་མཁན། ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་གང་པོ་བློ་གཅིག་ལ་འགྲིགས་ཏེ་ཡ་ཧུ་དྰ་པའི་མཆོད་ཁང་གི་སོ་ལོ་མོན་སྨྲ་མཁན་གྱི་ཀ་བའི་གྲལ་བསྟར་ལ་འཛོམ་གོ་ཡོད་མཁན། ༡༣ མི་གཞན་པ་ཡ་གིས་ཚོགས་ཀྱི་མི་ཡ་མཉམ་པོ་འགྲིག་ཅེས་ལ་ནུས་མ་ཁུགས། ཡིན་ནས། ཁོང་གིས་འོ་ཚོགས་ཀྱི་མི་ཡ་ལ་འཇིགས་པོར་རྩིས་བྱེད་ཀོ་ཡོད་མཁན། ༡༤ དེ་ནས་སྐྱེས་པ་ཁྱོ་ག་དང་བུད་མེད་བུ་ཚ་(ཁྱོ་ག་དང་བུད་མེད་)མང་པོས་ཨ་དོན་ལ་བློ་བཀལ་ཏེ་ཚོགས་ལ་ཁན་འབོགས་འོང་ཟིན། ༡༥ མི་ཡ་གིས་ནད་པ་ཡ་ལ་ཁྱོང་སྟེ་ལམ་གྱི་རྩར་ཟུར་ལ་གདན་བཏིང་སྟེ་བསྙལ་འཇོག་འོ་ཡོད་མཁན། ཅི་སྨྲ་ན། པེ་ཏྲོ་འོ་ལས་འགྲོ་མཁན་གང་ལ་པེ་ཏྲོའི་གྲིབ་ནག་ཞིག་སླེབ་ན་ཡང་ཁོང་ལ་དྲག་མཁན་སྨྲས་ཏེ་མོས་པ་བྱེད་ཟིན། ༡༦ ཡ་རུ་ཤ་ལེམ་གྱི་རྩར་ཟུར་ལ་སྡོད་མཁན་གྱི་མི་ཡ་གིས་ཀྱང་ནད་པ་དང་འདྲེ་ཞུགས་པའི་མི་ཡ་ལ་འཁྱོང་ཟིན། དེ་ནས་ཁོང་གང་པོ་ལ་དྲག་ཟིན།།

སྐུ་ཚབ་ཡ་ལ་སྡུག་པོ་བསྟེར་བ།

༡༧ དེ་ནས་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བ་དང་ཁོའི་སད་དུ་ཀི་རོགས་ཡ་གིས་སྐུ་ཚབ་ཡ་ལ་འཇིགས་པོར་ཕྲག་དོག་བྱེད་ཟིན། ༡༨ དེ་ནས། ཁོང་གི་ཁྲིད་འདེབས་མཁན་དེ་འགེགས་དགོས་མཁན། སྨྲས་ཏེ་བཟུང་སྟེ་བཙོན་ཁང་ལ་བླུག་ཟིན། ༡༩ དེ་ནས་འོ་དགོང་མོ་ལ་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་འོངས་ཏེ་བཙོན་ཁང་གི་སྒོ་ཁ་ཕྱེ་སྟེ་སྐུ་ཚབ་ཡ་ལ་ཕྱི་ལ་འཁྱོང་ཟིན། ༢༠ དེ་ནས། སོང་། ཁྱེད་མཆོད་ཁང་ལ་ཕྱིན་ཏེ་ཡེ་ཤུའི་ཚེ་མཐའ་མེད་པ་སྟེར་མཁན་གྱི་སྐད་ཆ་གང་པོ་མི་གང་པོ་ལ་ཤོད་ཏོང་། སྨྲས་ཏེ་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱིས་སྨྲ་ཟིན། ༢༡ དེ་ནས་སྐུ་ཚབ་ཡ་གིས་འོ་སྐད་ཆ་ལ་ཉན་ཏེ་སྔ་དྲོ་རང་མཆོད་ཁང་ལ་ཕྱིན་ཏེ་མི་ཡ་ལ་ཁྲིད་འདེབས་ཟིན།

ལེ་ཝི་འགོ་ཆེ་བ་དང་ཁོའི་རོགས་ཡ་གིས་གྲོས་མི་གང་པོ་ལ་འཚོགས་མཁན་གྱི་ས་ཆ་ལ་སྐད་རྒྱབ་ཟིན། དེ་ནས་མཆོད་ཁང་སྲུང་མཁན་གྱི་མི་ཡ་ལ། བཙོན་ཁང་ལ་བླུགས་པའི་མི་ཡ་ལ་ཁྱེར་ཤོག སྨྲས་ཏེ་སྨྲ་ཟིན། ༢༢ བཙོན་ཁང་ལ་ཕྱིན་ཏེ་ལྟ་མཁན་གང་ལ་ནི་སྐུ་ཚབ་ཡ་མི་འདུག དེ་ནས་འཚོགས་མཁན་གྱི་ས་ཆ་ལ་ལོག་ཕྱིན་ཏེ། ༢༣ བཙོན་ཁང་གི་སྒོ་ནི་ཡག་པོ་བྱས་ཏེ་བརྒྱབ་སྟེ་ནུ། བཙོན་ཁང་སྲུང་མཁན་གྱི་དམག་མི་ཡ་ཡང་སྒོ་ལ་ནུ། ཡིན་ནས་སྒོ་ཕྱེ་སྟེ་ལྟ་མཁན་གང་ལ་ནང་ལ་ནི་སུ་ཡང་མི་འདུག སྨྲས་ཏེ་མཆོད་ཁང་སྲུང་མཁན་གྱི་མི་ཡ་གིས་ཤོད་ཟིན། ༢༤ འདི་སྐད་ཆ་ཐོས་ཟིན་པ་དང་མཆོད་ཁང་སྲུང་མཁན་གྱི་མི་ཡ་གི་འགོ་པ། ལེ་ཝི་འགོ་ཆེ་བ་དང་ལེ་ཝི་ཆེན་པོ་ཡ་འཐོམ་ཟིན། བཙོན་ཁང་ལ་བླུགས་པའི་མི་ཡ་ལ་ཅི་ཕྱིན་པ་སྨྲས་ཏེ་ཁོང་གིས་བསམ་བློ་གཏོང་མ་ཁུགས། ༢༥ འོ་ཙམ་ལ་མི་སྣ་གཅིག་འོངས་ཏེ། ལྟོས་ཨ། ཁྱེད་ཀྱིས་བཙོན་ཁང་ལ་བླུགས་པའི་མི་ཡ་ནི་མཆོད་ཁང་ལ་ཕྱིན་ཏེ་མི་ཡ་ལ་ཁྲིད་འདེབས་མཁན་ནུ། སྨྲས་ཏེ་ཤོད་ཟིན། ༢༦ དེ་ནས་མཆོད་ཁང་སྲུང་མཁན་གྱི་མི་ཡ་རང་གི་འགོ་པ་མཉམ་པོ་ཕྱིན་ཏེ་སྐུ་ཚབ་ཡ་ལ་དྲག་མ་བཏང་བར་བྱས་ཏེ་སློག་འཁྱོང་ཟིན། དྲག་བཏང་སྟེ་འཁྱོང་ན་མི་ཡ་གིས་ཁོང་ལ་རྡོས་བརྒྱབ་སྟེ་གསོད་མཁན་ནི་སྨྲ་མཁན་གྱི་འཇིགས་པ་ཡོད་མཁན།

༢༧ དེ་ནས་སྐུ་ཚབ་ཡ་ལ་གྲོས་མི་གང་པོའི་མདུན་ལ་འཁྱོང་ཟིན། དེ་ནས་ལེ་ཝི་འགོ་ཆེ་བས་སྨྲ་ཟིན། ༢༨ ངེད་ཀྱིས་ཁྱེད་ལ་ཡེ་ཤུའི་མིང་ལ་སུ་ལ་ཡང་ཅི་ཡང་མ་སློབ་སྨྲས་ཏེ་ཡོད་མཁན། (སྨྲས་ཡོད་མཁན།) ཡིན་ནམ་ནི་མིན་ནམ། ལྟོས། ཁྱེད་ཀྱིས་ནི་རང་གི་ཁྲིད་ཡ་རུ་ཤ་ལེམ་གང་བ་ལ་འགྲེམ་ཟིན་ནུ། ད་རུང་། ཁྱེད་ཀྱིས་འོ་ཡེ་ཤུ་ལ་བསད་པའི་ཉེས་པ་ངེད་ཀྱི་ཐོག་ལ་ག་འགེལ་ཅེས་འཚོལ་གོ་ནུ། སྨྲས་ཏེ་ལེ་ཝི་འགོ་ཆེ་བས་སྨྲ་ཟིན།

༢༩ དེ་ནས་པེ་ཏྲོ་དང་སྐུ་ཚབ་གཞན་པ་ཡ་གིས་སྨྲ་ཟིན། མིའི་སྨྲས་པའི་སྐད་ཆ་ལ་མིན་པ། ཨལ་ལོ་ཧིམ་གྱི་སྨྲས་པའི་སྐད་ཆ་ལ་ག་ཉན་དགོས་མཁན། ༣༠ ཁྱེད་ཀྱིས་ཡེ་ཤུ་ལ་རྒྱངས་ཤིང་ལ་འཕྱངས་ཏེ་གསོད་འཇུག་ཟིན། ཡིན་ནས། འོ་རང་གི་མེས་མེས་ཡང་མེས་ཡ་གིས་མོས་པ་བྱས་པའི་ཨལ་ལོ་ཧིམ་གྱིས་ནི་ཡེ་ཤུ་ལ་གསོན་པོར་ལང་འཇུག་ཟིན། ༣༡ དེ་ནས་ཐར་པ་ཐོབ་འཇུག་མཁན་དང་རྒྱལ་པོ་བྱེད་མཁན་དེ་བཟོས་ཏེ་རང་མཉམ་པོ་རང་གི་གཡས་པ་ངོས་ལས་སྡོད་འཇུག་ཟིན། ཡིས་ར་ཨལ་གྱི་མི་ཡ་གིས་བཤགས་པ་བྱས་ཏེ་ཨལ་ལོ་ཧིམ་ངོས་ལས་འོང་འཇུག དེ་ནས་ཁོང་གི་ངོ་ལོག་འདག་འཇུག་སྨྲས་ཏེ་ཨལ་ལོ་ཧིམ་གྱིས་འདི་ཅོག་འདྲའི་ལས་ཀ་བྱས་པ་ཡིན་པ། ༣༢ འདི་དོན་རྐྱེན་ཡ་ལ་ངེད་ཀྱང་དཔང་པོ་ཡོད་པ། རྣམ་པར་དག་པའི་ཐུགས་ཀྱང་དཔང་པོ་ཡོད་པ། ཨལ་ལོ་ཧིམ་གྱིས་རྣམ་པར་དག་པའི་ཐུགས་ནི་རང་གི་སྐད་ཆ་ལ་ཉན་མཁན་ཡ་ལ་སྟེར་མཁན། སྨྲས་ཏེ་སྐུ་ཚབ་ཡ་གིས་སྨྲ་ཟིན།།

༣༣ འདི་སྐད་ཆ་ཐོས་ཏེ་འགོ་པ་ཡ་ཞེ་སྡང་གིས་མིག་རང་མ་མཐོང་། དེ་ནས་སྐུ་ཚབ་ཡ་ལ་གསོད་ཅེས་ཀྱི་སེམས་སྐྱེ་ཟིན། ༣༤ གྲོས་མི་གང་པོའི་ནང་ལ་ག་མ་ལི་ཨལ་སྨྲ་མཁན་གྱི་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་གཅིག་ཡོད་མཁན། ཁོ་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཁྱུའི་ནང་དེ་ཡིན་མཁན། མི་གང་པོས་ཁོ་ལ་རྩིས་བྱེད་ཀོ་ཡོད་མཁན། དེ་ནས་ཁོ་ལངས་ཏེ། འོ་མི་ཡ་ཏོག་ཙམ་ཞིག་གི་ཕྱི་ལ་འགྲོ་ཆུག སྨྲས་ཏེ་སྐུ་ཚབ་ཡ་ལ་ཕྱི་ལ་གཏོང་ཟིན། ༣༥ དེ་ནས་ག་མ་ལི་ཨལ་གྱིས་ཚོགས་པའི་འགོ་པ་ཡ་ལ་སྨྲ་ཟིན། ཨེ་ཡིས་ར་ཨལ་གྱི་རོགས་ཡ། འོ་མི་ཡ་ལ་ཁྱེད་ཀྱིས་ཅི་བྱེད་ཅེས་བྱས་པ། འཛེམ་པར་བྱེད་ཏོང་། ༣༦ ཉི་མ་ཁ་ཤས་ཀྱི་གདོང་ལ་ཐེའུ་དྰ་སྨྲ་མཁན་གྱི་མི་སྣ་གཅིག ང་མི་ཆེན་པོ་ཡིན་པ། སྨྲས་ཏེ་འཐོན་ཟིན། དེ་ནས་མི་བཞི་བརྒྱ་ཁོ་ལ་རྗེས་སྙེགས་ཟིན། རྗེས་ལ་ཁོ་ལ་དགྲ་ཡ་གིས་གསོད་ཟིན། དེ་ནས་ཁོ་ལ་རྗེས་སྙེགས་མཁན་གྱི་མི་ཡ་རྦད་འཐོར་འགྱེ་འཐོར་ཕྱིན་ཏེ་ཁོའི་མིང་བསྟངས་ཏེ་འགྲོ་ཟིན། ༣༧ འོའི་རྗེས་ལ་གཉིས་པར་ག་ལིལ་གྱི་ཡུ་དྰ་སྨྲ་མཁན་གྱི་མི་གཅིག་མིའི་གྲངས་རྩིས་སྡུད་མཁན་གྱི་དུས་ཚོད་ལ་འཐོན་འོངས་ཏེ་མི་མང་པོས་ཁོ་ལ་རྗེས་སྙེགས་ཟིན། དེ་ནས་ཁོ་ལ་ཡང་བསད་དེ་འགབ་ལས་རྗེས་སྙེགས་མཁན་གྱི་མི་ཡ་རྦད་འཐོར་འགྱེ་འཐོར་འགྲོ་ཟིན། ༣༨ འོ་སོང་བས་ངའི་སྐད་ཆ་ལ་ཉན་དོང་། འོ་མི་ཡ་ལ་ཅི་ཡང་མ་བྱེད། ཁོང་ལ་གཏོང་རྫོང་དོང་། ལྟ་དོང་། འདི་སྐད་ཆ་ཁོང་རང་གི་རང་བཟོས་པ་ཡིན་ན་ཁོང་རང་རང་སྟོར་ཏེ་འགྲོ་ཅེས་ཡོད། ༣༩ ཡིན་ནས་ཨལ་ལོ་ཧིམ་ལས་དབང་འབྱོར་ཏེ་བྱས་པ་ཡིན་ན་ནི་ཁྱེད་ཀྱིས་འདི་མི་ཡ་ལ་སྒུག་མི་ཁུག་མཁན། གལ་སྲིད་སྒུག་ཅེས་བྱེད་ན་ཁྱེད་ཀྱིས་ཨལ་ལོ་ཧིམ་ལ་དགྲ་བྱས་པ་སྨྲས་ཏེ་ངོ་ཤེས་ཅེས་ཡོད། སྨྲས་ཏེ་ག་མ་ལི་ཨལ་གྱིས་སྨྲ་ཟིན།

༤༠ དེ་ནས་ཚོགས་པའི་འགོ་པ་ཡ་གིས་ག་མ་ལི་ཨལ་གྱི་སྐད་ཆ་ལ་ཉན་ཟིན། ཡིན་ནས། འགོ་པ་ཡ་གིས་སྐུ་ཚབ་ཡ་ལ་ནང་ལ་སྐད་བརྒྱབ་སྟེ་མཆོད་ཁང་སྲུང་མཁན་གྱི་མི་ཡ་ལ་བསྐུལ་ཏེ་རྡུང་འཇུག་ཟིན། དེ་ནས། གཉིས་པར་ཡེ་ཤུའི་མིང་ལ་ནམ་ཡང་ཁྲིད་མ་འདེབས། སྨྲས་ཏེ་ཉེ་གནས་ཡ་ལ་གཏོང་རྫོང་ཟིན། ༤༡ དེ་ནས་ཉེ་གནས་ཡ་གྲོས་མི་གང་པོའི་ས་ཆ་ལས་ཕྱི་ལ་ཐོན་ཏེ་འགྲོ་ཟིན། ཨལ་ལོ་ཧིམ་གྱིས་ཁོང་ལ་ཡེ་ཤུའི་མིང་ལ་སྡུག་པོ་མྱངས་ཏེ་མིའི་སྐྱོན་འདོགས་མཁན་དེ་ཉན་ཅེས་ལ་འདམས་པ་སོང་བས་ཁོང་གི་དགེ་བ་བྱེད་ཟིན། ༤༢ དེ་ནས་ཉི་མ་གྲངས་མ་མཆོད་ཁང་དང་མི་ཡ་གི་ཁང་པ་ཁང་པ་ལ་ཕྱིན་ཏེ། ཡེ་ཤུ་རང་དབང་སྐུར་ཐོབ་པ་ཡིན། སྨྲས་ཏེ་ལོན་བཟང་ཁྲིད་འདེབས་ཅེས་ལ་དང་ཤོད་ཅེས་ལ་མ་དབྱུག ། །།

Your encouragement is valuable to us

Your stories help make websites like this possible.