སྐུ་ཚབ་ཡ་གི་བྱ་བ་ལེའུ་བདུན་པ།

སེ་ཏེ་ཕན་གྱིས་འགོ་པ་ཡ་ལ་བསླབས་པ།

 དེ་ནས་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བས། འདི་ཁྱོད་ལ་སྐྱོན་བཀལ་བའི་སྐད་ཆ་བདེན་པ་ཡིན་ནམ། སྨྲས་ཏེ་འདྲི་ཟིན།  དེ་ནས་སེ་ཏེ་ཕན་གྱིས་སྨྲ་ཟིན།

ཨེ་ཨ་པོ་འོག་མ་(ཨ་ད་ནོ་)དང་རྒན་རྒོན་ཡ། ཉན་དོང་། འོ་རང་གི་མེས་མེས་ཡང་མེས་ཨབ་ར་ཧམ་ཧ་རན་སྨྲ་མཁན་གྱི་ས་ཆ་ལ་འགྲོ་མཁན་གྱི་གདོང་ལ་མེ་སོ་པོ་ཐེམ་ཡྰ་ལུང་པ་ལ་སྡོད་ཀོ་ཡོད་མཁན། དེ་ནས་ཆེན་པོ་བྱས་ཏེ་སྡོད་མཁན་གྱི་ཨལ་ལོ་ཧིམ་གྱིས་ཁོ་ལ་འོ་ལ་ཐོན་འོངས་ཏེ་ (འོ་ལ་མཇལ་ཁ་གནང་སྟེ་)  སྨྲ་ཟིན། རང་གི་ལུང་པ་དང་ཉེ་བ་ཡ་ལ་དབྱུགས་བཞག་སྟེ་ངས་སྟོན་མཁན་གྱི་ལུང་པ་ལ་སོང་། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་ཟིན།  དེ་ནས་ཨབ་ར་ཧམ་མེ་སོ་པོ་ཐེམ་ཡྰ་ལུང་པ་ལས་ཐོན་ཏེ་ཧ་རན་སྨྲ་མཁན་གྱི་ས་ཆ་ལ་ཕྱིན་ཏེ་སྡོད་ཟིན། དེ་ནས་ཨབ་ར་ཧམ་གྱི་ཨ་ཕ་ཤི་སྟེ་ལས་ཨལ་ལོ་ཧིམ་གྱིས་ཁོ་ལ་འོ་རང་ད་ལྟ་སྡོད་མཁན་གྱི་ལུང་པ་ལ་གཏོང་ཟིན།  འོ་ཙམ་ལ་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་འདི་ལུང་པ་ལ་རང་གི་རྐང་པ་སྤོག་སའི་ས་ཆ་གཅིག་ཀྱང་མ་བསྟེར། ཡིན་ནས། ཨལ་ལོ་ཧིམ་གྱིས། འདི་ལུང་པ་ཁྱོད་དང་ཁྱོད་ཀྱི་རྩ་བ་ཡ་ལ་སྟེར་མཁན། སྨྲས་ཏེ་དོ་དམ་འཇོག་ཟིན། འོ་དོ་དམ་འཇོག་མཁན་གྱི་དུས་ལས་ཨབ་ར་ཧམ་དེ་བུ་བུ་མོ་ཡང་མེད་པ་ཡོད་མཁན། ༼དེ་ནས་འོ་ཙམ་ལ་འོ་རང་གི་ལུང་པ་ལ་ཀ་ན་ཨན་ནི་བརྒྱུད་པའི་མི་ཡ་སྡོད་ཀོ་ཡོད་མཁན།༽  དེ་ནས་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་འདི་ཅོག་འདྲ་སློབ་ཟིན། ཁྱོད་ཀྱི་རྩ་བ་ཡ་མི་ལུང་པ་ལ་འགྲོ་ཅེས་ཡོད། དེ་ནས་མི་ལུང་པའི་མིས་ཁོང་ལ་གཡོག་པོ་བཟོ་ཟིན་པ་དང་ལོ་བཞི་བརྒྱ་ཐུག་འཇིགས་པོ་རང་སྡུག་པོ་སྟེར་ཅེས་ཡོད།  རྗེས་ལ་ནི་ཁོང་ལ་གཡོག་པོ་བཟོ་མཁན་གྱི་མི་ཡ་ལ་ཡང་ངས་ཉེས་པ་འགེལ་ཅེས་ཡོད། དེ་ནས་ཁྱོད་ཀྱི་རྩ་བ་ཡ་འོ་ལུང་པ་ལས་ཐོན་ཏེ་འདི་ལ་འོངས་ཏེ་ང་ལ་མཆོད་པ་འབུལ་ཅེས་ཡོད། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་དམ་བཅའ་འཇོག་ཟིན།།

 དེ་ནས་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ། ངས་བཞག་པའི་དམ་བཅའ་དྲན་པ་གསོ་ཅེས་ལ་གཟུགས་པོ་ལ་མདུན་ལྤགས་གཅོད་པ་རྒྱབ་ཏོང་། སྨྲས་ཏེ་བཀའ་གནང་ཟིན། རྗེས་ལ་ཨབ་ར་ཧམ་གྱི་བུ་ཨི་སྰག་སྐྱེ་ཟིན། དེ་ནས་ཨབ་ར་ཧམ་གྱིས་རང་གི་བུ་ལ་ཉི་མ་བརྒྱད་ཉི་མ་ཡ་ཧུ་དྰ་པའི་མདུན་ལྤགས་གཅོད་པ་བརྒྱབ་སྟེར་ཟིན། དེ་ནས་ཨི་སྰག་གིས་ཀྱང་རང་གི་བུ་ཡ་ཀོབ་ལ། དེ་ནས་ཡ་ཀོབ་ཀྱིས་ཀྱང་རང་གི་བུ་བཅུ་གཉིས་ལ་འོ་ཅོག་འདྲ་བྱས་ཏེ་མདུན་ལྤགས་གཅོད་པ་བརྒྱབ་སྟེར་ཟིན། ཡ་ཀོབ་ཀྱི་བུ་བཅུ་གཉིས་དེ་འོ་རང་བརྒྱུད་པ་བཅུ་གཉིས་ཀྱི་མེས་མེས་ཡང་མེས་ཡ་ཡིན་པ།།

 རྗེས་ལ་ནི་ཡ་ཀོབ་ཀྱི་བུ་ཡོ་སེབ་ལ་ཨ་པོ་འོག་མ་(ཨ་ད་ནོ་)གཞན་པ་ཡ་གིས་ཕྲག་དོག་བྱེད་ཟིན། དེ་ནས་ཕྲག་དོག་བྱས་ཏེ་ཁོ་ལ་མི་སེར་ལུང་པའི་མི་ཡ་ལ་འཚོང་གཏོང་ཟིན། དེ་ནས་ཁོ་འོ་ལ་གཡོག་པོ་བྱེད་དགོས་ཟིན། ཡིན་ནས། ཨལ་ལོ་ཧིམ་གྱིས་ཡོ་སེབ་ལ་སྙིང་རྗེ་མཐོང་སྟེ་ཡོད་མཁན། ༡༠ ཨལ་ལོ་ཧིམ་གྱིས་ཁོ་ལ་སྡུག་པོ་ལས་ཐར་བཅུག་སྟེ། སེམས་བཟང་པོ་བཟོས་ཏེ་རིག་པ་ཆེན་པོ་སྟེར་ཟིན། དེ་ནས་མི་སེར་གྱི་རྒྱལ་པོ་ཕར་ཨོས་ཡོ་སེབ་ཀྱི་རིག་པ་ཡག་པོ་མཐོང་སྟེ་ཁོ་ལ་སྐད་བརྒྱབ་སྟེ་མི་སེར་ལུང་པའི་རྒྱལ་ཁྲིམས་བྱེད་མཁན་གྱི་མི་ཆེན་པོ་བཟོ་ཟིན། རྒྱལ་ཁང་ལ་ཡང་ཡོ་སེབ་ཀྱིས་སྐད་པ་གཏོང་ཟིན། ༼དེ་ནས། རྗེས་ལ་མུ་གེ་འོང་ཅེས་ཡོད་སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ཡོ་སེབ་ལ་ངོ་ཤེས་བཅུག་པ་སོང་བས་ཁོས་འབྲུ་རུབ་བྱས་ཏེ་འཇོག་ཟིན།༽ ༡༡ དེ་ནས་མི་སེར་དང་ཀ་ན་ཨན་ལུང་པ་ལ་མུ་གེ་བརྒྱབ་སྟེ་མི་གང་པོའི་སྡུག་པོ་མྱོང་ཟིན། འོ་རང་གི་མེས་མེས་ཡང་མེས་ཡ་ལ་འབྲུ་མ་འབྱོར། ༡༢ དེ་ནས་མི་སེར་ལུང་པ་ལ་འབྲུ་ཡོད་པ་སྨྲ་མཁན་ཐོས་ཏེ་ཡ་ཀོབ་ཀྱིས་འོ་རང་གི་མེས་མེས་ཡང་མེས་ཡ་ལ་འོ་ལུང་པ་ལ་གཏོང་ཟིན། ༡༣ དེ་ནས་ཁོང་ཐེངས་གཉིས་པ་འབྲུ་ཉོ་འགྲོ་མཁན་གང་ལ་ཡོ་སེབ་ཀྱིས་རང་ལ་རང་གི་ཨ་པོ་འོག་མ་(ཨ་ད་ནོ་)ཡ་ལ་ངོ་ཤེས་འཇུག་ཟིན། འོ་ཙམ་ལ་མི་སེར་གྱི་རྒྱལ་པོས། ཡོ་སེབ་ཀྱི་མེ་མེ་ཡ་ནུ་བ་སྨྲས་ཏེ་རྒྱུས་འབྱོར་ཟིན། ༡༤ དེ་ནས་ཡོ་སེབ་ཀྱིས་རང་གི་ཨ་ཕ་ལ། མེ་མེ་གང་པོ་ཁྱོང་སྟེ་མི་སེར་ལུང་པ་ལ་འོང་དོང་། སྨྲས་ཏེ་ལོན་གཏོང་ཟིན། ༡༥ དེ་ནས་ཡ་ཀོབ་ཀྱིས་རང་གི་མེ་མེ་བདུན་ཅུ་དོན་ལྔ་ཁལ་གསུམ་དང་བཅོ་ལྔ་ཁྱེར་ཏེ་མི་སེར་ལུང་པ་ལ་འགྲོ་ཟིན། དེ་ནས་ཡ་ཀོབ་དང་འོ་རང་གི་བརྒྱུད་པ་བཅུ་གཉིས་ཀྱི་མེས་མེས་ཡང་མེས་ཡ་འོ་ལུང་པ་ལ་རང་བསྡད་དེ་འཆི་ཟིན། ༡༦ ཀ་ན་ཨན་ལུང་པའི་སི་ཀེམ་སྨྲ་མཁན་གྱི་ས་ཆ་ལ་ཨབ་ར་ཧམ་གྱིས་ཧ་མོར་སྨྲ་མཁན་གྱི་མི་ལས་ཕུང་པོ་བདོག་མཁན་གྱི་ཕུག་པ་ཉོས་བཞག་སྟེ་ཡོད་མཁན། དེ་ནས་འོ་རང་གི་མེས་མེས་ཡང་མེས་ཀྱི་ཕུང་པོ་ཡ་འོ་ལ་ཁྱེར་ཏེ་བདག་པ་ཡིན་པ།།

༡༧ དེ་ནས་ཨལ་ལོ་ཧིམ་གྱིས་ཨབ་ར་ཧམ་ལ་བཞག་པའི་དོ་དམ་དོན་དག་འགྲུབ་མཁན་གྱི་དུས་སླེབ་ཅེས་བྱེད་ཟིན། མི་སེར་ལུང་པ་ལ་སྡོད་སྡོད་པ་གང་ལ་ཡ་ཀོབ་ཀྱི་རྩ་བ་ཡ་འཇིགས་པོར་ཕེལ་ཏེ་འོ་རང་གི་བརྒྱུད་པ་ཡ་མང་པོ་འགྲོ་ཟིན། ༡༨ དེ་ནས་ཡོ་སེབ་ལ་ངོ་མི་ཤེས་མཁན་གྱི་རྒྱལ་པོ་གསར་པ་གཅིག་གིས་མི་སེར་ལུང་པ་ལ་རྒྱལ་པོ་བྱེད་ཟིན། ༡༩ ཁོས་འོ་རང་གི་མེས་མེས་ཡང་མེས་ཡ་ལ་གཉའ་གནོན་བྱས་ཏེ་འཇིགས་པོ་རང་སྡུག་པོ་སྟེར་ཟིན། དེ་ནས་སྙིང་མ་རྗེ་བར་བྱས་ཏེ། ཁྱེད་ཀྱི་བུ་ཚ་ཡ་སྐྱེ་ལོང་མེད་པ་གཙང་པོ་ལ་དབྱུག་དོང་། སྨྲས་ཏེ་སྐུལ་ཟིན། ཡིས་ར་ཨལ་གྱི་བརྒྱུད་པ་ཡ་སྟོངས་འཇུག་སྨྲས་ཏེ་ཁོའི་སེམས་ལ་སྐྱེས་ཏེ་ཡོད་མཁན། ༢༠ འོ་ཙམ་དུས་ལས་མོ་ཤེས་སྐྱེ་ཟིན། ཨལ་ལོ་ཧིམ་གྱིས་ཁོ་ལ་སྙིང་རྗེ་མཐོང་ཟིན། ཨ་ཕ་ཨ་མས་ཁོ་ལ་ཟླ་བ་གསུམ་ཐུག་ཁང་པའི་ནང་ལ་སྦས་ཏེ་སྦས་ཏེ་གསོ་ཟིན། ༢༡ དེ་ནས་རྗེས་ལ། སྦས་ཏེ་སྦེད་མི་ཁུག་པ་གཙང་པོའི་ཟུར་ལ་ཁྱེར་ཏེ་འཇོག་ཟིན། དེ་ནས་མི་སེར་གྱི་རྒྱལ་པོའི་བུ་མོས་ཁོ་ལ་མཇལ་ཟིན་ཏེ་ཁྱེར་ཏེ་རང་གི་བུ་བཟོས་ཏེ་གསོ་ཟིན། ༢༢ ཁོས་མི་སེར་གྱི་རྒྱལ་ཁང་ལ་ཡི་གེ་བསླབས་ཏེ་རིག་པ་འབྱོར་ཟིན། དེ་ནས་ཁོ་སྐད་ཆ་སྨྲ་ཅེས་ལ་ཡང་། ལས་ཀ་བྱེད་ཅེས་ལ་ཡང་མཁས་པ་འགྲོ་ཟིན།།

༢༣ མོ་ཤེས་ལོ་བཞི་བཅུ་ཁལ་གཉིས་འགྲོ་མཁན་གང་ལ་རང་གི་བརྒྱུད་པ་ཡིས་ར་ཨལ་པ་ཡ་ལ་ཐུག་ཅེས་སེམས་སྐྱེ་ཟིན། ༢༤ དེ་ནས་ཉི་མ་གཅིག་འགྲོ་འགྲོ་བ་གང་ལ་མི་སེར་པ་མི་སྣ་གཅིག་གིས་ཡིས་ར་ཨལ་པ་གཅིག་ལ་དོན་མེད་སྐམ་པོ་ལ་བརྡུངས་སྡོད་མཁན་མཐོང་ཟིན། དེ་ནས་མོ་ཤེས་སྐྱོན་བྱས་པ་མཐོང་བས་འོ་མི་སེར་པ་ལ་སྐྱིན་པ་བཅལ་ཏེ་གསོད་ཟིན། ༢༥ ཨལ་ལོ་ཧིམ་གྱིས་མོ་ཤེ་ལས་ཀྱིས་བྱས་ཏེ་འོ་རང་གི་མེས་མེས་ཡང་མེས་ཡ་ལ་ཐར་འཇུག་ཅེས་བྱེད་ཀོ་ཡོད་མཁན། འོ་སྐད་ཆ་ཁོང་གིས་ངོ་ཤེས་ཡོད་འགྲོ་སྨྲས་ཏེ་མོ་ཤེའི་སེམས་ལ་སྐྱེས་ཏེ་ཡོད་མཁན། ཁོང་གིས་ནི་ངོ་མ་ཤེས་པས།།

༢༦ ནངས་པར་ཅོག་འདྲ་མོ་ཤེས་ཡིས་ར་ཨལ་པ་མི་སྣ་གཉིས་འཛིང་སྡོད་མཁན་མཐོང་ཟིན། དེ་ནས་མོ་ཤེས། ཨེ་རོགས་ཡ། ཁྱེད་གཉིས་ཨ་པོ་འོག་མ་(ཨ་ད་ནོ་)ཡིན་ཏེ་ཡང་ཅི་ལས་འདི་ཅོག་འདྲ་རང་ནང་ལ་འཁྲུག་པ་རྒྱབ་མཁན། སྨྲས་ཏེ་ཁོང་གཉིས་ལ་མཐུན་འཇུག་ཅེས་འཚོལ་ཟིན། ༢༧ དེ་ནས་རྡུང་མཁན་གྱི་ཡིས་ར་ཨལ་པ་དེ་གིས་མོ་ཤེ་ལ་འཕུལ་བརྫངས་ཏེ། ཁྱོད་ལ་སུས་ངེད་ཀྱི་ཐོག་ལ་རྒྱལ་པོ་བྱེད་མཁན་དང་ཁྲིམས་གཏོང་མཁན་གྱི་མི་བཟོས་ཏེ་བཏང་བ། ༢༨ མདང་འོ་མི་སེར་པ་ལ་གསོད་མཁན་ཅོག་འདྲ་ང་ལ་ཡང་གསོད་ཅེས་འཚོལ་མཁན། སྨྲས་ཏེ་སྨྲ་ཟིན། ༢༩ འདི་སྐད་ཆ་ཐོས་ཟིན་པ་དང་(ཐིས་ཟིན་པས་)མོ་ཤེ་མི་སེར་ལུང་པ་ལས་བྲོས་ཏེ་མིད་ཡན་སྨྲ་མཁན་གྱི་ལུང་པ་ལ་སྡོད་འགྲོ་ཟིན། འོ་ལ་སྡོད་སྡོད་པ་གང་ལ་ཁོ་དེ་བུ་གཉིས་སྐྱེ་ཟིན།།

༣༠ མིད་ཡན་ལུང་པ་ལ་སླེབས་ཏེ་ལོ་བཞི་བཅུ་ཁལ་གཉིས་འགྲོ་མཁན་གང་ལ་མོ་ཤེ་ཉི་མ་གཅིག་རི་སྐམ་པོ་ལ་ཕྱིན་ཏེ་སི་ནྰ་སྨྲ་མཁན་གྱི་རི་ཁའི་འགྲམ་ལ་སླེབ་ཟིན། འོ་ལ་མོ་ཤེས་མེ་འབར་སྡོད་མཁན་གྱི་ཚེར་མའི་སྡོང་པོའི་ནང་ལ་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གཅིག་མཐོང་ཟིན། ༣༡ དེ་ནས་ཧ་ལས་ཏེ་ཡག་པོ་བྱས་ཏེ་ལྟ་འགྲོ་མཁན་གང་ལ་ནི་ཁོས་ཡ་ཝྰེའི་སྐད་ཐོས་ཟིན། ༣༢ ང་ཁྱོད་ཀྱི་མེས་མེས་ཡང་མེས་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་ཀྱིས་མོས་པ་བྱས་པའི་ཨལ་ལོ་ཧིམ་ཡིན་པ། སྨྲས་ཏེ་སྨྲ་མཁན་ཐོས་ཟིན། འོ་ཙམ་ལ་མོ་ཤེ་འཇིགས་ཏེ་ལྷག་ལྷག་འདར་ཏེ་ལྟ་རང་མ་ཁུགས། ༣༣ དེ་ནས་ཡ་ཝྰེས། ཁྱོད་ཀྱི་ལྷམ་འབུད་ཏོང་། ཁྱོད་ཀྱིས་རྐང་པ་སྤགས་པའི་ས་ཆ་དྲང་པོ་ཡིན་པ། སྨྲས་ཏེ་སྨྲ་ཟིན། ༣༤ དེ་ནས། མི་སེར་ལུང་པ་ལ་ངའི་མི་ཡ་ལ་གཉའ་གནོན་བྱས་པ་དེ་ངས་མཐོང་སྟེ་ཡོད་པ། ཁོང་གིས་འབོད་སྒྲ་བཏོན་ཏེ་ངུས་པ་དེ་ངས་ཐོས་ཏེ་ཡོད་པ། ང་ཁོང་ལ་ཐར་འཇུག་ཅེས་ལ་འོངས་པ་ཡིན་པ། ད་ནི་ཁྱོད་སོང་། འདི་ལས་ཀ་བྱེད་ཅེས་ལ་ངས་ཁྱོད་ལ་མི་སེར་ལུང་པ་ལ་ཟློག་གཏོང་མཁན། སྨྲས་ཏེ་ཨ་དོན་གྱིས་སྨྲ་ཟིན།།

༣༥ ཡིས་ར་ཨལ་པ་ཡ་གིས་ནི་མོ་ཤེ་ལ། ཁྱོད་ལ་སུས་ངེད་ཀྱི་ཐོག་ལ་རྒྱལ་པོ་བྱེད་མཁན་དང་ཁྲིམས་གཏོང་མཁན་གྱི་མི་བཟོས་པ། སྨྲས་ཏེ་དབྱུགས་བཞག་སྟེ་ཡོད་མཁན། ཡིན་ནས། མོ་ཤེས་ཁོང་ལ་ཐར་འཇུག་འཇུག དེ་ནས་ཁོང་གི་འགོ་པ་འོང་འཇུག་སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ལོན་སྐྱེལ་མཁན་གཅིག་བཏང་སྟེ་མེ་འབར་སྡོད་མཁན་གྱི་སྡོང་པོའི་ནང་ལས་བཀའ་གནང་སྟེ་མོ་ཤེ་ལ་གཏོང་ཟིན། ༣༦ དེ་ནས་མོ་ཤེས་ཡིས་ར་ཨལ་པ་ཡ་ལ་མི་སེར་ལུང་པ་ལས་ཕྱི་ལ་འདོན་ཟིན། ཁོང་མི་སེར་ལུང་པ་ལས་ཐོན་ཏེ་རྒྱ་མཚོ་དམར་པོ་བཅད་དེ་ལོ་བཞི་བཅུ་ཁལ་གཉིས་ཐུག་རི་སྐམ་པོ་ལ་བསྐྱོད་དེ་འགྲོ་མཁན་གང་ལ་མོ་ཤེས་ལས་ཀ་ཡ་མཚན་ཆེ་བ་མང་པོ་བྱས་ཏེ་སྟོན་ཟིན། ༣༧ དེ་ནས་མོ་ཤེས་ཡིས་ར་ཨལ་པ་ཡ་ལ། ཡ་ཝྰེ་ཁྱེད་ཀྱི་ཨལ་ལོ་ཧིམ་གྱིས་ཁྱེད་རང་གི་ཨ་པོ་འོག་མའི་བར་དཀྱིལ་ལས་(ཨ་ད་ནོའི་བར་དཀྱིལ་ལས་)ང་ཅོག་འདྲ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གཅིག་བཏོན་ཏེ་ཁྱེད་ལ་གཏོང་ཅེས་ཡོད། ཁོ་ལ་ཁྱེད་ཀྱིས་ཉན་ཅེས་ཡོད། སྨྲས་ཏེ་ཤོད་ཟིན། ༣༨ དེ་ནས་ཡིས་ར་ཨལ་གྱི་མི་ཡ་སི་ནྰ་སྨྲ་མཁན་གྱི་རི་ཁའི་དྲིམ་ལ་ཨལ་ལོ་ཧིམ་གྱི་འགྲམ་ལ་ཚོགས་ཏེ་སྡོད་མཁན་གྱི་དུས་ལ་མོ་ཤེས་ལོན་ཡར་མར་ཤོད་ཟིན། ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་རི་རྩེ་ལ་འོངས་ཏེ་མོ་ཤེ་ལ་ཚེ་སྟེར་མཁན་གྱི་གསུང་གླེང་སྟེར་ཟིན། དེ་ནས་མོ་ཤེ་མར་བབས་ཏེ་འོ་རང་གི་མེས་མེས་ཡང་མེས་ཡ་ལ་འོ་གསུང་གླེང་ཤོད་ཟིན། དེ་ནས་མོ་ཤེས་བྲིས་བཞག་པ་སོང་བས་འོ་རང་གིས་ཀྱང་ཐོས་མྱོང་ཟིན།།

༣༩ མོ་ཤེས་འོ་རང་གི་མེས་མེས་ཡང་མེས་ཡ་ལ་ཚེ་སྟེར་མཁན་གྱི་གསུང་གླེང་བསྟེར་ཏེ་ཡང་ཁོང་གིས་ཉན་རང་མ་ཉན། ད་རུང་མོ་ཤེ་ལ་དགྲ་བྱས་ཏེ་མི་སེར་ལུང་པ་ལ་ག་ལོག་འགྲོ་ཅེས་སེམས་བྱེད་ཟིན། ༤༠ དེ་ནས་མོ་ཤེ་རི་རྩེ་ལ་ཨལ་གྱི་ལོན་སྐྱེལ་མཁན་མཉམ་པོ་སྐད་ཆ་སྨྲ་མཁན་གང་ལ་ཁོང་གིས་མོ་ཤེའི་ཨ་པོ་(ཨ་ད་)ཨ་རོན་ལ་སྨྲ་ཟིན། ད་ནི་འོ་རང་གི་ལྷ་ཡ་བཟོ་དགོས་ཟིན། འོ་རང་ལ་ལམ་སྟོན་ཅེས་ལ། འོ་རང་ལ་མི་སེར་ལུང་པ་ལས་བཏོན་ཏེ་འཁྱོང་མཁན་གྱི་མོ་ཤེ་ག་ན་ཕྱིན་པ་ཡིན་པ། ན་འབྲོས་པ། ན་ཤི་བ། སྨྲས་ཏེ། ༤༡ ཁོང་གིས་བ་གླང་བེའུའི་སྐུ་བཟོས་ཏེ་དུད་འགྲོ་བསད་དེ་མཆོད་པ་འབུལ་ཟིན། ཁོང་རང་གི་ལག་པས་བཟོས་པའི་སྐུ་ལ་རྩིས་བྱས་ཏེ་མགྲོན་བཟས་ཏེ་ཁམས་བཟང་པོར་བྱེད་ཟིན། ༤༢ འོ་སོང་བས་ཨལ་ལོ་ཧིམ་གྱིས་ཁོང་ལ་ལོ་བཞི་བཅུ་༼ཁལ་གཉིས་༽ཐུག་རི་སྐམ་པོ་ལ་དབྱུགས་འཇོག་ཟིན། གནམ་གྱི་ཉི་མ། ཟླ་བ་དང་སྐར་མ་ཡ་ལ་ལྷ་བརྩིས་ཏེ་མཆོད་པ་འབུལ་བས་ཨལ་ལོ་ཧིམ་གྱིས། ཁོང་རང་གི་རང་ལ་གནོད་འཇུག་སྨྲས་ཏེ་དབྱུགས་འཇོག་ཟིན། འདི་ཅོག་འདྲའི་སྐད་ཆ་ཨལ་གྱི་སྐད་ཆ་ཤོད་མཁན་ཡ་གིས་བྲིས་པའི་ཡ་ཧུ་དྰ་པའི་གསུང་རབ་ལ་ཡང་བྲིས་བཞག་སྟེ་ཡོད་པ།

ཨེ་ཡིས་ར་ཨལ་གྱི་མི་ཡ། ཁྱེད་ཀྱིས་རི་སྐམ་པོ་ལ་ལོ་བཞི་བཅུ་ཁལ་གཉིས་ཐུག་དུད་འགྲོ་བསད་དེ་ཕུལ་བ་དེ་ང་ལ་ཕུལ་བ་མིན་པ།།

༤༣ ཁྱེད་ཀྱིས་མོ་ལོག་སྨྲ་མཁན་གྱི་ལྷའི་གུར་ཁུར་ཏེ་འགྲོ་ཟིན་ནུ།།

རེམ་ཕན་༼སྤེན་པ་༽སྨྲ་མཁན་གྱི་ལྷ་སྐར་མའི་སྐུ་ཞིག་བཟོས་ཏེ་ཁྱེར་ཏེ་འགྲོ་ཟིན་ནུ།།

ཁྱེད་རང་གི་རང་བཟོས་པའི་སྐུ་ཡ་ལ་མཆོད་པ་ཕུལ་ཏེ་སྡོད་ཟིན་ནུ།།

འོ་སོང་བས་ངས་ཁྱེད་ལ་ཉེས་པ་འགེལ་ཅེས་ལ་བ་བེལ་སྨྲ་མཁན་གྱི་ལུང་པའི་ཕར་ཀན་ལ་ཡང་གཏོང་ཅེས་ཡོད།།

སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ།

སྨྲས་ཏེ་བྲིས་ཏེ་ཡོད་པ།།

༤༤ ཡིན་ནས། རི་སྐམ་པོ་ལ་བསྐྱོད་དེ་འགྲོ་མཁན་གང་ལ་འོ་རང་གི་མེས་མེས་ཡང་མེས་ཡ་གིས་ཨལ་ལོ་ཧིམ་ལ་མཆོད་པ་འབུལ་སའི་ས་ཆ་ལ་རྒྱོང་མཁན་གྱི་གུར་ཡང་ཁུར་ཏེ་འགྲོ་ཟིན། ཨལ་ལོ་ཧིམ་གྱིས། ང་ལ་མཆོད་པ་འབུལ་སའི་ས་ཆ་ལ་རྒྱོང་མཁན་གྱི་གུར་གཅིག་བཟོ་དོང་། སྨྲས་ཏེ་མོ་ཤེ་ལ་དཔེ་སྟོན་ཟིན། དེ་ནས་ཁོང་གིས་འོ་གུར་ཨལ་ལོ་ཧིམ་གྱིས་བསྟན་པའི་དཔེ་ཅོག་འདྲ་བཟོ་ཟིན། ༤༥ དེ་ནས་བསྐྱོད་དེ་འགྲོ་མཁན་གང་ལ་འོ་གུར་འཐོགས་ཏེ་ད་ལྟ་འོ་རང་སྡོད་མཁན་གྱི་ལུང་པ་ལ་འཁྱོང་ཟིན། འོ་ཙམ་ལ་མོ་ཤེའི་ཉེ་གནས་ཡེ་ཧོ་ཤུ་བ་འོ་རང་གི་མེས་མེས་ཡང་མེས་ཡ་གི་འགོ་པ་ཕྱིན་ཏེ་ཡོད་མཁན། དེ་ནས་ཨལ་ལོ་ཧིམ་གྱིས་འདི་ལུང་པ་ལ་སྡོད་མཁན་གྱི་བརྒྱུད་པ་གཞན་པ་ཡ་འདོན་པས་ཡེ་ཧོ་ཤུ་བས་རྒྱལ་ཏེ་འདི་ལུང་པའི་ས་ཡ་ལེན་ཁུག་ཟིན། དེ་ནས་རྒྱལ་པོ་ད་བིད་ཀྱི་ཐེངས་ཐུག་ཨལ་ལོ་ཧིམ་ལ་མཆོད་པ་འབུལ་སའི་ས་ཆ་ལ་རྒྱོང་མཁན་གྱི་གུར་འདི་ལུང་པ་ལ་ལུས་ཟིན། ༤༦ ཨལ་ལོ་ཧིམ་གྱིས་རྒྱལ་པོ་ད་བིད་ལ་སྙིང་རྗེ་མཐོང་གོ་ཡོད་མཁན། དེ་ནས་ད་བིད་ཀྱིས། ཡ་ཀོབ་ཀྱི་ཨལ་ལོ་ཧིམ་ལ་མཆོད་ཁང་ཡག་པོ་གཅིག་བཟོ་ན་འོང་མཁན། སྨྲས་ཏེ་ཞུ་ཟིན། ༤༧ ད་བིད་ཀྱིས་བཟོ་མཁན་སྨྲ་མཁན་གྱི་མཆོད་ཁང་རྗེས་ལ་ཁོའི་བུ་སོ་ལོ་མོན་གྱིས་བཟོ་ཟིན།།

༤༨ ཡིན་ནས། མཐོ་ཤོས་དེ་མིས་བཟོས་པའི་མཆོད་ཁང་ལ་མི་སྡོད་མཁན། རང་ལས་སྐད་ཆ་ཤོད་མཁན་ལས་ཀྱིས་བྱས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་ཟིན།

༤༩ ནམ་མཁའ་ངའི་ཁྲི་ཡིན་པ།།

འཛམ་བུ་གླིང་ངའི་རྐང་པ་འཇོག་སའི་ས་ཆ་ཡིན་པ།།

ཁྱེད་ཀྱིས་ངའི་དོན་དག་ལ་ག་འདྲའི་མཆོད་ཁང་བཟོ་མཁན་ཡིན་ནམ།།

ངའི་ངལ་འཚོ་མཁན་གྱི་ས་ཆ་ག་ན་ཡང་ཡོད་དམ།།

༥༠ འདི་འཛམ་བུ་གླིང་གང་པོ་ངས་བཟོས་པ་མིན་ནམ།།

སྨྲས་ཏེ་ཡ་ཝྰེས་སྨྲ་ཟིན།།

༥༡ ཁྱེད་ནི་ག་འདྲ་ངོ་རྒོལ་ཆེན་པོ་བྱས་ཏེ་སྡོད་མཁན་གྱི་མི་ཡིན་པ། ཁྱེད་ཨལ་ལོ་ཧིམ་ལ་ངོ་མི་ཤེས་མཁན་གྱི་བརྒྱུད་པ་གཞན་པའི་མི་ཅོག་འདྲ་ནུ་བ། ཁྱེད་ཀྱིས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་རང་མི་ཉན་པས། ཁྱེད་ནི་རང་གི་མེས་མེས་ཡང་མེས་ཡ་ཅོག་འདྲ་ནམ་བྱེད་ན་ཡང་རྣམ་པར་དག་པའི་ཐུགས་ལ་དད་པ་ལོག་སྟེ་སྡོད་ཀོ་ནུ། ༥༢ ཁྱེད་ཀྱི་མེས་མེས་ཡང་མེས་ཡ་གིས་སྡུག་པོ་མ་བསྟེར་བ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་སུ་ཞིག་ཀྱང་ཡོད་དམ། ཨལ་ལོ་ཧིམ་ལ་དྲང་པོ་བྱས་ཏེ་ཞབས་ཏོག་ཞུ་མཁན་གྱི་མི་སྣ་གཅིག་འོང་ཅེས་ཡོད། སྨྲས་ཏེ་ལོན་ཤོད་འོང་མཁན་གྱི་མི་ཡ་ལ་ཡང་ཁོང་གིས་གསོད་ཟིན། དེ་ནས་ད་ལྟ་ཁོ་འོང་མཁན་གང་ལ་ཡང་ཁྱེད་ཀྱིས་ཁོ་ལ་མིའི་ལག་པ་ལ་ཆུད་བཅུག་སྟེ་གསོད་ཟིན། ༥༣ ཁྱེད་ཀྱིས་ཨལ་གྱི་ལོན་སྐྱེལ་མཁན་ལས་ཀྱིས་བྱས་ཏེ་བཀའ་ཁྲིམས་ངོ་ཤེས་ཟིན། འོ་ཙམ་བྱས་ཏེ་ཡང་ཁྱེད་ཀྱིས་འདི་སྐད་ཆ་ལ་མ་ཉན། སྨྲས་ཏེ་སེ་ཏེ་ཕན་གྱིས་སྨྲ་ཟིན།།

སེ་ཏེ་ཕན་ལ་གསོད་མཁན།

༥༤ སེ་ཏེ་ཕན་གྱི་སྐད་ཆ་ཐོས་ཏེ་ཚོགས་པའི་འགོ་པ་ཡ་ཞེ་སྡང་གིས་མིག་རང་མ་མཐོང་། སེ་ཏེ་ཕན་ལ་བལྟས་ཏེ་སོ་རང་མུར་ཟིན། ༥༥ སེ་ཏེ་ཕན་ནི་རྣམ་པར་དག་པའི་ཐུགས་ཀྱིས་གང་སྟེ་ཡར་གནམ་ལ་ལྟ་ཟིན། དེ་ནས་འོ་ལ་ཆེན་པོ་བྱས་ཏེ་སྡོད་མཁན་གྱི་ཨལ་ལོ་ཧིམ་ནམ་མཁའི་སྐྱ་སང་ངེ་ལ་བསྡད་པ་མཐོང་ཟིན། ཡེ་ཤུ་ལ་ཡང་ཨལ་ལོ་ཧིམ་གྱི་གཡས་པ་ངོས་ལས་ལངས་ཏེ་བསྡད་པ་མཐོང་ཟིན། ༥༦ དེ་ནས་ཁོས་སྨྲ་ཟིན། ལྟ་དོང་། ངས་ནི་ནམ་མཁའ་ཁ་ཕྱེ་བ་མཐོང་གོ་ནུ། མིའི་བུ་ཨལ་ལོ་ཧིམ་གྱི་གཡས་པ་ངོས་ལས་ལངས་ཏེ་སྡོད་ཀོ་ནུ། སྨྲས་ཏེ་སེ་ཏེ་ཕན་གྱིས་སྨྲ་ཟིན། ༥༧ འོ་ཙམ་ལ་མི་གང་པོས་སྐད་ཆེན་པོ་བཏོན་ཏེ་རང་རང་གི་རྣ་མཆོག་བཀག་སྟེ་སེ་ཏེ་ཕན་གྱི་ཐོག་ལ་རྒྱབ་འགྲོ་ཟིན། ༥༨ དེ་ནས་དྲུད་དེ་རྒྱལ་ས་ལས་ཕྱི་ལ་བཏོན་ཏེ་ཤོབ་བརྒྱབ་སྟེ་དཔང་པོ་སྟེར་མཁན་གྱི་མི་ཡ་གིས་སེ་ཏེ་ཕན་ལ་རྡོས་རྒྱབ་འཇུག་ཟིན། རྡོས་རྒྱབ་མཁན་གྱི་མི་ཡ་གིས་རང་གི་གོས་ཕུད་དེ་ཤ་ཨུལ་སྨྲ་མཁན་གྱི་ཤར་པ་གཅིག་ལ་འཆོལ་ཟིན། ༥༩ དེ་ནས་ཁོང་གིས་རྡོས་རྒྱབ་མཁན་རྒྱབ་མཁན་གང་ལ་སེ་ཏེ་ཕན་གྱིས་ཡེ་ཤུ་ལ་སྐྱབས་བཅོལ་ཏེ་སྨྲ་ཟིན། ཨ་དོན་ཡེ་ཤུ། ངའི་སེམས་ཉིད་ལེན་དོང་། སྨྲས་ཏེ། ༦༠ དེ་ནས་རྐང་པའི་ཚིགས་ས་ལ་བཙུགས་ཏེ་སྐད་ཆེན་པོ་བཏོན་ཏེ། ཡ་ཝྰེ། འདི་ངོ་ལོག་ཁོང་ལ་མ་འོང་ཆུག སྨྲས་ཏེ་སྨྲ་ལོང་མེད་པ་སེ་ཏེ་ཕན་འཆི་ཟིན།། །།

Your encouragement is valuable to us

Your stories help make websites like this possible.