ཨ་དོན་ཡེ་ཤུའི་ཚོགས་ལ་མིས་སྡུག་པོ་སྟེར་མཁན།
༡ ཤ་ཨུལ་སྨྲ་མཁན་གྱི་ཤར་པ་ལ་ཡང་སེ་ཏེ་ཕན་ལ་བསད་པ་དེ་ཡག་པོ་གནས་ཟིན། འོ་ཉི་མ་ཡིན་འཇུག་ཡ་རུ་ཤ་ལེམ་ལ་སྡོད་མཁན་གྱི་ཡེ་ཤུའི་ཚོགས་ལ་མི་གཞན་པ་ཡ་གིས་སྡུག་པོ་ཚད་མེད་པ་སྟེར་ཅེས་འཛུགས་ཟིན། དེ་ནས་སྐུ་ཚབ་ཡ་མིན་པ། ཚོགས་ཀྱི་མི་གཞན་པ་གང་པོ་བྲོས་ཏེ་ཡ་ཧུ་དྰ་དང་ས་མར་ཡྰ་ལུང་པའི་ཡུལ་ཡ་ལ་ག་ན་ཐེ་ཏེ་འགྲེམ་ཟིན། ༢ ཡ་རུ་ཤ་ལེམ་ལ་ཨལ་ལོ་ཧིམ་ལ་མོས་པ་བྱེད་མཁན་གྱི་མི་ཁྱུ་གཅིག་གིས་སེ་ཏེ་ཕན་གྱི་ཕུང་པོ་ཁྱེར་ཏེ་ཕུག་པ་ལ་འཇོག་ཟིན། དེ་ནས་སེ་ཏེ་ཕན་ལ་བསད་པའི་དོན་དག་ལ་ཁོང་འཇིགས་པོར་མྱ་ངན་བྱེད་ཟིན། ༣ ཤ་ཨུལ་སྨྲ་མཁན་གྱི་ཤར་པས་ནི། ཡེ་ཤུའི་ཚོགས་ལ་ཚར་གཅོད་ཅེས་སྨྲས་ཏེ་ཁང་པ་ཁང་པ་ལ་ཞུགས་ཏེ་སྐྱེས་པ་ཁྱོ་ག་དང་བུད་མེད་བུ་ཚ་ཡ་ལ་དྲུད་དེ་ཁྱེར་ཏེ་བཙོན་ཁང་ལ་བླུག་ཟིན།།
ས་མར་ཡྰ་རྒྱལ་ས་ལ་ཡེ་ཤུའི་སྐད།
༤ འོ་ཙམ་ལ་བཀྲམས་ཏེ་ཕྱིན་པའི་མི་ཡ་ག་ན་ཐེ་ཏེ་ཕྱིན་ཏེ་ཡེ་ཤུའི་སྐད་ཆ་བཤད་དེ་འགྲོ་ཟིན། ༥ དེ་ནས་ཕི་ལིབ་སྨྲ་མཁན་གྱི་ཉེ་གནས་ཀྱིས་ས་མར་ཡྰ་རྒྱལ་ས་ལ་ཕྱིན་ཏེ་དབང་སྐུར་ཐོབ་པའི་དོན་དག་ལ་སྐད་ཆ་ཤོད་ཟིན། ༦ ཕི་ལིབ་ཀྱིས་ལས་ཀ་ཡ་མཚན་ཆེ་བ་མང་པོ་བྱས་ཏེ་སྟོན་ཟིན། འོ་སོང་བས་(འོ་སྨྲས་པས་)མི་བུངས་ཀྱིས་ཕི་ལིབ་ཀྱི་སྐད་ཆ་ལ་ཡག་པོ་བྱས་ཏེ་ཉན་ཟིན། ༧ ཕི་ལིབ་ཀྱིས་འདྲེ་ཞུགས་པའི་མི་མང་པོ་ལས་འདྲེ་ཡ་ལ་འདོན་མཁན་གང་ལ་འདྲེ་ཡ་སྐད་ཆེན་པོ་བཏོན་ཏེ་ཐོན་ཏེ་འགྲོ་ཟིན། དེ་ནས་རྐང་པ་ལག་པ་ཤོར་བ་དང་དབང་པོ་མ་ཚངས་པའི་མི་མང་པོ་ལ་དྲག་འཇུག་ཟིན། ༨ འོ་སོང་བས་(འོ་སྨྲས་པས་)ས་མར་ཡྰ་རྒྱལ་སའི་མི་ཡ་ལ་འཇིགས་པོར་དགེ་བ་ལང་ཟིན།།
༩ འོ་ས་མར་ཡྰ་རྒྱལ་ས་ལ་སི་མོན་མིང་འཐོགས་པའི་མི་སྣ་གཅིག་ཡོད་མཁན། ཁོས་གདོང་ཡིན་འཇུག་མི་ཡ་ལ་རང་གི་ཕྲ་མེན་བསྟན་ཏེ་ཧ་ལས་འཇུག་འོ་ཡོད་མཁན། ཁོ་ཁོ་རང་རང་ཆེན་པོ་ཡིན་སྨྲས་ཏེ་ཡིན་མདོག་སྟོན་གོ་ཡོད་མཁན། ༡༠ རྒྱལ་སའི་མི་ཆེན་པོ་ཆུང་ངུ་གང་པོས། ཁོ་མཉམ་པོ་དབང་ཆེན་པོ་ཡོད་མཁན་གྱི་ལྷ་ཡོད་པ་ཚོད་ནུ་བ། སྨྲས་ཏེ་རྩིས་བྱེད་ཀོ་ཡོད་མཁན། ༡༡ ཅི་ལས་སྨྲ་ན་གདོང་ཡིན་འཇུག་མི་ཡ་ལ་རང་གི་ཕྲ་མེན་བསྟན་ཏེ་ཧ་ལས་བཅུག་པ་སོང་བས་མི་མང་པོ་ཁོའི་རྗེས་བསྙེགས་ཏེ་འགྲོ་ཟིན། ༡༢ ཡིན་ནས་ཕི་ལིབ་ཀྱིས་ཁོང་ལ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་ལོན་བཟང་བཤད་དེ། ཡེ་ཤུ་རང་དབང་སྐུར་ཐོབ་པ་ཡིན། སྨྲས་ཏེ་ལོན་བཟང་བཤད་དེ་འགབ་ལས་ནི་མི་ཡ་གིས་ཉན་ཏེ་ཡེ་ཤུ་ལ་བློ་འགེལ་ཟིན། དེ་ནས་བློ་འགེལ་མཁན་གྱི་སྐྱེས་པ་ཁྱོ་ག་དང་བུད་མེད་ཡ་ལ་ཕི་ལིབ་ཀྱིས་ཁྲུས་གསོལ་སྟེར་ཟིན། ༡༣ དེ་ནས་ཕྲ་མེན་སྟོན་མཁན་གྱི་སི་མོན་གྱིས་ཀྱང་བློ་འགེལ་ཟིན། དེ་ནས་ཁོ་ལ་ཡང་ཁྲུས་གསོལ་སྟེར་ཟིན། དེ་ནས་འོ་ཡིན་འཇུག་ཁོ་ཕི་ལིབ་མཉམ་པོ་མཉམ་པོ་འགྲོ་ཅེས་འཛུགས་ཟིན། ཕི་ལིབ་ཀྱིས་བྱེད་མཁན་གྱི་ལས་ཀ་ཡ་མཚན་པ་ཡ་ལ་མཐོང་སྟེ་ཁོ་ཡང་ཧ་ལས་ཟིན།།
༡༤ ས་མར་ཡྰ་རྒྱལ་སའི་མི་ཡ་གིས་ཨལ་ལོ་ཧིམ་གྱི་གསུང་ལ་ཉན་ཟིན་སྨྲ་མཁན་ཐོས་པས་(ཐོས་ཏེ་འགབ་ལས་)ཡ་རུ་ཤ་ལེམ་ལ་ཡོད་མཁན་གྱི་སྐུ་ཚབ་ཡ་གིས་པེ་ཏྲོ་དང་ཡུ་ཧ་ནན་ལ་ས་མར་ཡྰ་ལ་གཏོང་ཟིན། ༡༥-༡༦ དེ་ནས་ས་མར་ཡྰ་རྒྱལ་སའི་ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་ཡ་གི་རྩར་ལ་སླེབ་མཁན་གང་ལ། ཁོང་སུའི་ཡང་རྣམ་པར་དག་པའི་ཐུགས་མ་འབྱོར་བས། ཨ་དོན་ཡེ་ཤུའི་མིང་གཅིག་ལ་ཁྲུས་བླངས་པ་ནུ་བ། སྨྲས་ཏེ་ཚོར་ཟིན། དེ་ནས་ཁོང་གཉིས་ཀྱིས་ཡེ་ཤུ་ལ་གསོལ་བ་བཏབ་སྟེ་ ༡༧ རང་གི་ལག་པ་ཁོང་གི་ཐོག་ལ་འཇོག་ཟིན། དེ་ནས་ཁོང་ལ་ཡང་རྣམ་པར་དག་པའི་ཐུགས་འབྱོར་ཟིན།
༡༨ སྐུ་ཚབ་ཡ་གིས་ལག་པ་འཇོག་མཁན་གང་ལ་རྣམ་པར་དག་པའི་ཐུགས་འབྱོར་མཁན་དེ་ལ་སི་མོན་གྱིས་མཐོང་ཟིན། དེ་ནས་པེ་ཏྲོ་དང་ཡུ་ཧ་ནན་ལ་ཊང་ཀ་བསྟེར་ཏེ་འདི་ཅོག་འདྲ་སྨྲ་ཟིན། ༡༩ མི་ཡ་གི་ཐོག་ལ་ལག་པ་འཇོག་མཁན་གང་ལ་རྣམ་པར་དག་པའི་ཐུགས་འབྱོར་མཁན་གྱི་དབང་ང་ལ་ཡང་སྟེར་ཏོང་། སྨྲས་ཏེ་སྨྲ་ཟིན། ༢༠ འོ་ཅོག་འདྲ་སྨྲ་བ་རང་པེ་ཏྲོས། ཁྱོད་ཁྱོད་རང་གི་ཊང་ཀ་མཉམ་པོ་དམྱལ་བ་ལ་ཆུད་ཆུག ཨལ་ལོ་ཧིམ་གྱི་སྟེར་མཁན་གྱི་གནང་སྦྱིན་ཡང་ཁྱོད་ཀྱིས་ཉོ་ཅེས་འཚོལ་གོ་ནུ། ༢༡ འདི་ཅོག་འདྲའི་སེམས་འཐོགས་ཏེ་ཁྱོད་ཀྱིས་ཨལ་ལོ་ཧིམ་ལ་ཞབས་ཏོག་ཞུ་མི་ཁུག་མཁན། ཁྱོད་ཀྱི་སེམས་འཕྱངས་པ་དེ་ཨལ་ལོ་ཧིམ་མཉམ་པོ་མི་འགྲིག་པས། ༢༢ ཁྱོད་ཀྱི་སེམས་བཙོག་པ་འཕྱངས་པ་དེ་ལ་དབྱུགས་བཞག་སྟེ་བཤགས་པ་བྱས་ཏེ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཏོང་། གསོལ་བ་འདེབས་ན་ཨལ་ལོ་ཧིམ་གྱིས་འདི་ཅོག་འདྲའི་ཁོག་པ་ནག་པོ་འཕྱངས་པ་དེ་ལ་གློད་གཏོང་འགྲོ། ༢༣ ཁྱོད་ཁོག་པ་ནག་པོ་ནུ། ཁྱོད་ཀྱི་སེམས་ངོ་ལོག་གིས་གང་བ་ནུ། སྨྲས་ཏེ་པེ་ཏྲོས་སི་མོན་ལ་བཀའ་སྒྱུར་གཏོང་ཟིན། ༢༤ དེ་ནས་སི་མོན་གྱིས་པེ་ཏྲོ་དང་ཡུ་ཧ་ནན་ལ། རང་གི་སྨྲས་པའི་སྐད་ཆ་ཅི་ཡང་ངའི་ཐོག་ལ་མ་འོང་འཇུག་སྨྲས་ཏེ་ཡ་ཝྰེ་ལ་གསོལ་བ་འདེབས་ཏོང་། སྨྲས་ཏེ་ཞུ་ཟིན།
༢༥ དེ་ནས་པེ་ཏྲོ་དང་ཡུ་ཧ་ནན་གྱིས་ཡ་ཝྰེའི་གསུང་གི་དོན་དག་ལ་རང་གིས་རང་མཐོང་བའི་དོན་རྐྱེན་དང་ཐོས་པའི་སྐད་ཆ་ཡ་ས་མར་ཡྰ་རྒྱལ་སའི་མི་ཡ་ལ་ཤོད་ཟིན་ཏེ་འགབ་ལས་ཡ་རུ་ཤ་ལེམ་ལ་ལོག་འགྲོ་ཟིན། ལོག་འགྲོ་མཁན་གང་ལ་ལམ་ལ་ས་མར་ཡྰ་ལུང་པའི་གྲོང་གསེབ་ཡ་ལ་ཞུགས་ཏེ་ལོན་བཟང་བཤད་དེ་འགྲོ་ཟིན།།
ཕི་ལིབ་དང་ཧ་བེ་ལྰའི་ལུང་པའི་མི་གཅིག་གི་སྐད་ཆ།
༢༦ དེ་ནས་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་གིས་ཕི་ལིབ་ཀྱི་རྩར་ལ་ཐོན་འོངས་ཏེ་སྨྲ་ཟིན། ཁྱོད་ལངས་ཏེ་ལྷོ་ངོས་ལས་སོང་། འོ་ལ་ཡ་རུ་ཤ་ལེམ་ལས་ག་ཟ་རྒྱལ་ས་ལ་འགྲོ་མཁན་གྱི་ལམ་ལ་ཡུལ་སྟོང་འཇིགས་པོའི་ས་ཆ་གཅིག་ཡོད་པ། ཁྱོད་འོ་ལ་སོང་། སྨྲས་ཏེ་ལོན་སྐྱེལ་མཁན་གྱིས་ཕི་ལིབ་ལ་སྨྲ་ཟིན། ༢༧ དེ་ནས་ཕི་ལིབ་འགྲོ་ཟིན། འགྲོ་འགྲོ་བ་གང་ལ་ཧ་བེ་ལྰའི་ལུང་པའི་མི་གཅིག་འོ་ལམ་ལས་འོང་མཁན་མཐོང་ཟིན། ཁོ་ཧ་བེ་ལྰའི་ལུང་པའི་རྒྱལ་མོ་ཀན་ད་ཀེ་སྨྲ་མཁན་དེ་གི་ནོར་ཡ་ལྟ་མཁན་གྱི་མི་ཡིན་མཁན་ནུ་བ། ཁོ་ཡ་རུ་ཤ་ལེམ་ལ་ཨལ་ལོ་ཧིམ་ལ་མཇལ་ཕྱིན་ཏེ་ ༢༨ ཤིང་རྟ་འཁོར་ལོ་ལ་རང་ཁང་པ་ལ་ལོག་འགྲོ་རང་འགྲོ་འོ་ནུ་བ། ཤིང་རྟ་ལ་འགྲོ་མཁན་འགྲོ་མཁན་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཨི་སི་ཡས་བྲིས་པའི་གསུང་རབ་སྒྲོག་འོ་ནུ་བ།
༢༩ དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་ཕི་ལིབ་ལ། སོང་། འོ་ཤིང་རྟའི་ཟུར་ལ་སོང་། སྨྲས་ཏེ་སྨྲ་ཟིན། ༣༠ དེ་ནས་ཕི་ལིབ་མཆོངས་ཏེ་འགྲོ་ཟིན། ཤིང་རྟའི་ཟུར་ལ་སླེབ་མཁན་གང་ལ་འོ་མིས་ཨི་སི་ཡས་བྲིས་པའི་གསུང་རབ་སྒྲོག་མཁན་ཐོས་ཟིན། དེ་ནས་ཕི་ལིབ་ཀྱིས་འདྲི་ཟིན། ཨ་པོ་ལགས། (ཨ་ད་ལགས།) རང་གིས་སྒྲོག་མཁན་གྱི་འདི་སྐད་ཆ་ངོ་ཤེས་ཀོ་ནུ། ༣༡ སློབ་ཀྱང་མ་བསླབས་པར་བྱས་ཏེ་ངས་ག་འདྲ་བྱས་ཏེ་ངོ་ཤེས་ཁུགས་ཅེས། སྨྲས་ཏེ་འོ་མིས་སྨྲ་ཟིན། དེ་ནས་ཁོས་ཕི་ལིབ་ལ་ཤིང་རྟ་ལ་འཛེགས་ཏེ་རང་མཉམ་པོ་སྡོད་ཅེས་ལ་འོང་ཞུ་ཟིན། ༣༢ ཕི་ལིབ་ཤིང་རྟ་ལ་འཛེགས་ཏེ་ལྟ་མཁན་གང་ལ་ནི་འོ་མིས་སྒྲོག་མཁན་གྱི་སྐད་ཆ་འདི་རང་ནུ་བ།
ཁོ་གསོད་ཅེས་ལ་ཁྱེར་བའི་ལུག་ཅོག་འདྲ།།
བལ་འབྲེག་མཁན་གང་ལ་ཁ་འཛུམ་པ་བྱས་ཏེ་སྡོད་མཁན་གྱི་ལུག་ཅོག་འདྲ་ཁ་འཛུམ་པ་སྡོད་ཟིན།།
ཁོས་སྐད་ཆ་ཅི་ཡང་མ་སྨྲས།།
༣༣ ལས་ཀ་མ་དག་པ་ཅི་ཡང་མ་བྱས་པ་དེ་ལ་མི་ཡ་གིས་མ་དག་པ་སྨྲས་ཏེ་གསོད་ཟིན།།
ཡིན་ནས། ཨལ་ལོ་ཧིམ་གྱིས་ཁོ་ལ་འོ་སྡུག་པོ་ལས་ཐར་བཅུག་སྟེ་འཛམ་བུ་གླིང་ལས་བཏོན་ཏེ་འཁྱེར་ཟིན།།
དེ་ནས་ཁོའི་རྩ་བ་ཡ་སུས་ཀྱང་གྲངས་རྩིས་རྒྱབ་ཁུག་ཅེས་མེད།།
སྨྲས་ཏེ་ཨི་སི་ཡས་བྲིས་པའི་སྐད་ཆ་འོ་མིས་སྒྲོག་འོ་ནུ་བ།
༣༤ དེ་ནས་འོ་མིས་སྨྲ་ཟིན། ང་ལ་ཤོད་ཏོང་། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས་འདི་སྐད་ཆ་སུའི་དོན་དག་ལ་སྨྲས་པ་ཡིན་ནམ། རང་གི་དོན་དག་ལ་ནི་མི་གཞན་པའི་དོན་དག་ལ་ཡིན་ནམ། སྨྲས་ཏེ་ཕི་ལིབ་ལ་འདྲི་ཟིན། ༣༥ དེ་ནས་ཕི་ལིབ་ཀྱིས་འོ་མིས་བསྒྲགས་པའི་སྐད་ཆ་ཁྱོང་སྟེ་ཡེ་ཤུའི་དོན་དག་ལ་ལོན་བཟང་ཤོད་ཟིན།།
༣༦ ཁོང་ལམ་ལ་འགྲོ་འགྲོ་བ་གང་ལ་ཆུ་ཡོད་མཁན་གྱི་ས་ཆ་གཅིག་ལ་སླེབ་ཟིན། དེ་ནས་འོ་མིས་སྨྲ་ཟིན། འདི་ལ་ཆུ་ནུ་བ། ང་ལ་ཁྲུས་ལེན་ཅེས་ལ་ཅི་ཡང་ཁེན་པ་ཁག་པོ་འོང་མཁན་ནི། སྨྲས་ཏེ་འདྲི་ཟིན། ༣༧ དེ་ནས་ཕི་ལིབ་ཀྱིས། སེམས་གཏིང་ཡིན་འཇུག་རང་མོས་པ་བྱེད་ན་ཁྱོད་ཀྱིས་ཁྲུས་ལེན་ཁུག་མཁན། སྨྲས་ཏེ་སྨྲ་མཁན་གྱི་དུས་ལ། དབང་སྐུར་ཐོབ་པའི་ཡེ་ཤུ་ཨལ་ལོ་ཧིམ་གྱི་སྲས་པོ་ཡིན་སྨྲས་ཏེ་ངས་བློ་འགེལ་མཁན། སྨྲས་ཏེ་འོ་མིས་སྨྲ་ཟིན། ༣༨ དེ་ནས་ཤིང་རྟ་ལ་སྒུག་བཅུག་སྟེ་ཁོང་གཉིས་ཀ་བབས་ཏེ་ཆུའི་ནང་ལ་འཇུག་ཟིན་པ་དང་ཕི་ལིབ་ཀྱིས་འོ་མི་ལ་ཁྲུས་སྟེར་ཟིན། ༣༩ ཆུ་ལས་ཕྱི་ལ་ཐོན་ཏེ་འགབ་ལས་ཡ་ཝྰེའི་རྣམ་པར་དག་པའི་ཐུགས་ཀྱིས་ཕི་ལིབ་ལ་འོ་མི་ལས་ཁ་ཕྱེ་སྟེ་འཁྱེར་ཟིན། དེ་ནས་ཁོས་ཕི་ལིབ་ལ་གཉིས་པར་མ་མཐོང་། དེ་ནས་ཁོ་དགེ་བ་བྱས་ཏེ་རང་གི་ལམ་འཇུག་ཟིན།།
༤༠ ཕི་ལིབ་ཨ་ཟོད་སྨྲ་མཁན་གྱི་ས་ཆ་ལ་ཐོན་འོང་ཟིན། འོ་ལས་ཀྱི་སྐོར་བ་བརྒྱབ་སྟེ་བརྒྱབ་སྟེ་ཀེ་སར་ཡྰ་རྒྱལ་ས་ལ་མ་སླེབས་བར་དུ་གྲོང་གསེབ་གྲོང་གསེབ་ལ་ཡེ་ཤུའི་ལོན་བཟང་བཤད་དེ་འགྲོ་ཟིན།། །།