སྐུ་ཚབ་ཡ་གི་བྱ་བ་ལེའུ་དགུ་པ།

ཤ་ཨུལ་གྱི་འགྲོ་ལུགས་སྡོད་ལུགས་གྱུར་བ།

 ཉེ་གནས་ཡ་གིས་ལོན་བཟང་བཤད་དེ་བཤད་དེ་འགྲོ་མཁན་གང་ལ་ཤ་ཨུལ་སྨྲ་མཁན་གྱི་ཤར་པས་འཇིགས་པོར་ཞེ་སྡང་བྱས་ཏེ་ཨ་དོན་གྱི་ཉེ་གནས་ཡ་ལ་ཚར་གཅོད་ཅེས་འཚོལ་ཟིན། ༢ དེ་ནས་དམ་མེ་སེག་རྒྱལ་ས་ལ་ཡང་ཡེ་ཤུའི་ཉེ་གནས་ཡོད་པ་སྨྲ་མཁན་ཐོས་པས་(ཐོས་ཏེ་འགབ་ལས་)ཁོ་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བའི་རྩར་ལ་ཕྱིན་ཏེ། ཡི་གེ་གཅིག་བྲིས་སློངས། སྨྲས་ཏེ་སྨྲ་ཟིན། དམ་མེ་སེག་ལ་ཡོད་མཁན་གྱི་ཡ་ཧུ་དྰ་པའི་ཚོགས་ཁང་གི་འགོ་པ་ཡ་ལ་སྟོན་ཅེས་ལ། དེ་ནས་འོ་ལ་ལམ་གསར་པ་ལ་ཞུགས་པ་མཇལ་ཟིན་མཁན་གྱི་སྐྱེས་པ་ཁྱོ་ག་དང་བུད་མེད་གང་པོ་ལ་ཡ་རུ་ཤ་ལེམ་ལ་ཁྱོང་སྟེ་བཙོན་ཁང་ལ་བླུག་མྱོང་མཁན་སྨྲ་མཁན་གྱི་ཡི་གེ་ཁྱེར་ཏེ་ཁོ་དམ་མེ་སེག་ལ་འགྲོ་ཟིན།།

 འགྲོ་འགྲོ་བ་གང་ལ་དམ་མེ་སེག་རྒྱལ་སའི་ཟུར་ལ་སླེབ་ལོང་མེད་པ་གནམ་ལས་མར་གྱི་འོད་ཟེར་ཞིག་འོངས་ཏེ་ཁོའི་ཕྱོགས་བཞི་ཀ་ལས་མིག་རང་འཕྱི་མཁན་ཐུག་གི་འོད་ཟེར་རྒྱབ་ཟིན། ༤ ཁོ་ས་ལ་ལྟུང་བར་རིལ་ཟིན། དེ་ནས་གནམ་ལས་མར་གྱིས། ཤ་ཨུལ། ཁྱོད་ཀྱིས་ང་ལ་ཅི་ལས་སྡུག་པོ་སྟེར་མཁན། སྨྲས་ཏེ་སྐད་འདོན་མཁན་ཐོས་ཟིན། ༥ རང་སུ་ཡིན་ནམ་གཙོ་ལགས། སྨྲས་ཏེ་ཤ་ཨུལ་གྱིས་འདྲི་ཟིན། ང་ཡེ་ཤུ་ཡིན་པ། ཁྱོད་ཀྱིས་སྡུག་པོ་སྟེར་མཁན་གྱི་ཡེ་ཤུ་ཡིན་པ། ཁྱོད་ཀྱི་གླང་འཛུགས་མཁན་དེ་ལ་འཕྲས་རྒྱབ་མཁན་འདི་ཁྱོད་ལ་ཁག་པོ་ཡོད། སྨྲས་ཏེ་ཨ་དོན་གྱིས་སྨྲ་ཟིན། ༦ དེ་ནས་ཤ་ཨུལ་གྱིས་འདར་ཏེ་འདར་ཏེ་འཇིགས་པོར་ཧ་ལས་ཏེ་སྨྲ་ཟིན། ཨ་དོན། ངས་ཅི་བྱེད་དགོས་མཁན་ཡིན། དེ་ནས་ཨ་དོན་གྱིས། ད་ནི་ཁྱོད་ལངས་ཏེ་རྒྱལ་ས་ལ་སོང་། ཁྱོད་ཀྱིས་བྱེད་དགོས་མཁན་གྱི་ལས་ཀ་ཅི་ཡིན་ནམ་སྨྲས་ཏེ་འོ་ལ་མི་གཅིག་གིས་ཁྱོད་ལ་ཤོད་ཅེས་ཡོད། སྨྲས་ཏེ་སྨྲ་ཟིན།། 

 ཤ་ཨུལ་མཉམ་པོ་འགྲོ་མཁན་གྱི་མི་ཡ་ནི་གླེན་པ་ཅོག་འདྲ་རྟབ་པ་འཐོམ་པ་ཕྱིན་ཏེ་ལངས་ཏེ་ཡང་ལུས་ཟིན། སྐད་ནི་ཁོང་གིས་ཀྱང་ཐོས་ཟིན། མཐོང་ཅེས་ནི་སུ་ཡང་མ་མཐོང་། ༨ ཤ་ཨུལ་ལང་ཟིན། དེ་ནས་ཁོ་མིག་ལྟ་ཅེས་འཚོལ་མཁན་གང་ལ་ནི་མིག་མ་མཐོང་། རོགས་ཡ་གིས་ཁོ་ལ་ལག་པ་ལ་བཟུང་སྟེ་དམ་མེ་སེག་ལ་འཁྱེར་ཟིན། ༩ ཁོས་ཉི་མ་གསུམ་ཐུག་མིག་ཀྱང་མ་མཐོང་། ཟ་ཅེས། འཐུང་ཅེས་ཀྱང་མ་བཟེད་པར་བྱས་ཏེ་སྡོད་ཟིན།། 

༡༠ དམ་མེ་སེག་རྒྱལ་ས་ལ་ཨ་ནན་ཡྰ་སྨྲ་མཁན་གྱི་ཉེ་གནས་གཅིག་སྡོད་ཀོ་ཡོད་མཁན། ཨ་དོན་གྱིས་ཁོ་ལ་ཐོན་འོངས་ཏེ། (ཨ་དོན་གྱིས་ཁོ་ལ་མཇལ་ཁ་གནང་སྟེ།) ཨ་ནན་ཡྰ། སྨྲས་ཏེ་སྐད་རྒྱབ་ཟིན། དེ་ནས་ཨ་ནན་ཡྰས། ལགས་ཨ་དོན། ང་འདི་ལ་ཡོད། སྨྲས་ཏེ་སྨྲ་ཟིན། ༡༡ ཁྱོད་ཐད་ཀ་སྨྲ་མཁན་གྱི་ལམ་སྲང་ལ་སོང་། དེ་ནས་ཡུ་དྰའི་ཁང་པ་ལ་ཏར་སུའི་ཤ་ཨུལ་སྨྲ་མཁན་གྱི་མི་ལ་འཚོལ་དོང་། ཁོ་འོ་ལ་གསོལ་བ་བཏབ་བསྡད་དེ་ཡོད་པ། ༡༢ རང་གི་མིག་མཐོང་མཁན་འགྲོ་འཇུག་སྨྲས་ཏེ་ཨ་ནན་ཡྰ་སྨྲ་མཁན་གྱི་མིས་ལག་པ་རང་གི་ཐོག་ལ་འཇོག་མཁན་དེ་ཤ་ཨུལ་གྱིས་མཐོང་སྣང་(མཇལ་ཁ་)ཐོབ་པ། སྨྲས་ཏེ་ཨ་དོན་གྱིས་ཨ་ནན་ཡྰ་ལ་སྨྲ་ཟིན། ༡༣ དེ་ནས་ཨ་ནན་ཡྰས་སྨྲ་ཟིན། ཨ་དོན། འདི་མིའི་སྐད་ཆ་ངས་མི་མང་པོ་ལས་ཐོས་ཏེ་ཡོད་པ། ཁོས་ནི་ཡ་རུ་ཤ་ལེམ་ལ་རང་གི་རྣམ་པར་དག་པར་བྱས་པའི་མི་ཡ་ལ་སྙིང་མ་རྗེ་བར་བྱས་ཏེ་སྡུག་པོ་སྟེར་ཀོ་ནུ་ལོ། ༡༤ ད་རུང་ཁོས། དམ་མེ་སེག་ལ་རང་གི་མིང་ལ་རྒྱབ་མཁན་གྱི་མི་ཡ་ལ་འཛིན་མྱོང་དགོས་མཁན། སྨྲས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་འགོ་ཆེ་བ་ལས་ཡི་གེ་འཁྱོང་ནུ་ལོ། སྨྲས་ཏེ་སྨྲ་མཁན་གྱི་དུས་ལ། ༡༥ ཁྱོད་འགྲོ་རང་དགོས་མཁན། ང་ལ་ཞབས་ཏོག་ཞུ་ཅེས་ལ་ངས་ཁོ་ལ་འདམ་ཟིན། ཁོས་བརྒྱུད་པ་གཞན་པའི་མི། རྒྱལ་པོ་དང་རྒྱལ་ཁྲིམས་གཏོང་མཁན་གྱི་མི། དེ་ནས་ཡིས་ར་ཨལ་གྱི་མི་ཡ་ལ་ངའི་མིང་ངོ་ཤེས་འཇུག་དགོས་མཁན། ༡༦ ངའི་མིང་གི་དོན་དག་ལ་ཁོས་ག་ཚོད་སྡུག་པོ་རྣོག་དགོས་མཁན་སྨྲ་མཁན་དེ་ངས་ཁོ་ལ་སྟོན་ཅེས་ཡོད། སྨྲས་ཏེ་ཨ་དོན་གྱིས་སྨྲ་ཟིན།། 

༡༧ འོ་སྐད་ཆ་ལ་ཐོས་ཏེ་ཨ་ནན་ཡྰ་འགྲོ་ཟིན། དེ་ནས་ཡུ་དྰའི་ཁང་པ་ལ་ཞུགས་ཏེ་ཤ་ཨུལ་གྱི་ཐོག་ལ་རང་གི་ལག་པ་བཞག་སྟེ་སྨྲ་ཟིན། འོག་མ་(ནོ་)ཤ་ཨུལ། ཁྱོད་འདི་ལ་འོང་མཁན་གང་ལ་ལམ་ལ་ཐོན་འོངས་པའི་(ལམ་ལ་མཇལ་ཁ་གནང་བའི་)ཨ་དོན་ཡེ་ཤུས་ང་ལ་བཏང་བ་ཡིན་པ། ཁྱོད་གཉིས་པར་མིག་མཐོང་འཇུག །རྣམ་པར་དག་པའི་ཐུགས་ཁྱོད་ཀྱི་ནང་ལ་སྡོད་འོང་འཇུག་སྨྲས་ཏེ་བཏང་བ་ཡིན་པ། སྨྲས་ཏེ་ཨ་ནན་ཡྰས་སྨྲ་ཟིན། ༡༨ འོ་ཙམ་སྨྲ་ཟིན་ལོང་མེད་པ་ཤ་ཨུལ་གྱི་མིག་ལས་མར་ཅི་ཅོག་འདྲ་ཅི་རྡིབ་ཟིན། ཁོའི་མིག་མཐོང་མཁན་འགྲོ་ཟིན། དེ་ནས་ཁོ་ལངས་ཏེ་ཕྱིན་ཏེ་ཁྲུས་ལེན་ཟིན། ༡༩ དེ་ནས་ལྟོ་བཟས་ཏེ་ལས་གཟུགས་པོ་ལ་ཡང་ཤུགས་སྐྱེ་ཟིན།། 

ཉི་མ་གཏོས་པ་ཐུག་(ཉི་མ་ཁ་ཤས་ཐུག་)ཤ་ཨུལ་དམ་མེ་སེག་གི་ཉེ་གནས་ཡ་མཉམ་པོ་སྡོད་ཟིན། ༢༠ དེ་ནས་ཁོ་ཤར་རྒྱག་ཡ་ཧུ་དྰ་པའི་ཚོགས་ཁང་ལ་ཕྱིན་ཏེ། ཡེ་ཤུ་ནི་ཨལ་ལོ་ཧིམ་གྱི་སྲས་པོ་རང་ཡིན་པ། སྨྲས་ཏེ་ཤོད་ཅེས་གཛུགས་ཟིན། ༢༡ ཁོའི་སྐད་ཆ་ལ་ཐོས་མཁན་གྱི་མི་གང་པོས་ཧ་ལས་ཏེ་སྨྲ་ཟིན། འདི་མི་ནི་ཡ་རུ་ཤ་ལེམ་ལ་འདི་མིང་ལ་རྒྱབ་མཁན་གྱི་མི་ཡ་ལ་གསོད་མཁན་གྱི་མི་མིན་ནམ། ཁོ་འདི་ལ་ཡེ་ཤུའི་མི་ཡ་ལ་བཟུང་སྟེ་ལེ་ཝི་ཆེན་པོ་ཡ་གི་རྩར་ལ་འཁྱེར་ཅེས་ལ་འོངས་པ་མིན་ནམ། སྨྲས་ཏེ་མི་ཡ་གིས་སྨྲ་ཟིན། ༢༢ དེ་ནས་ཤ་ཨུལ་གྱིས་ལྷག་རང་དབང་ཆེན་པོ་འབྱོར་ཏེ་དམ་མེ་སེག་ལ་སྡོད་མཁན་གྱི་ཡ་ཧུ་དྰ་པ་ཡ་ལ་ཡེ་ཤུའི་དོན་དག་ལ་ལོན་བཟང་ཤོད་ཟིན། ཡ་ཧུ་དྰ་པའི་གསུང་རབ་ཀྱི་སྐད་ཆ་ཡ་ལ་བསྟན་ཏེ། དབང་སྐུར་ཐོབ་པ་ནི་ཡེ་ཤུ་རང་ཡིན་པ། སྨྲས་ཏེ་ཡག་པོ་བྱས་ཏེ་སྒྲ་གསལ་ཟིན། ཁོང་གིས་ཅི་ཡང་སྨྲ་མ་ཁུགས།། 

༢༣ ཉི་མ་གཏོས་པའི་རྟིང་ལས་(ཉི་མ་ཁ་ཤས་ཀྱི་རྗེས་ལ་)ཡ་ཧུ་དྰ་པ་ཡ་འཛོམས་ཏེ་ཤ་ཨུལ་ལ་གསོད་ཅེས་སྨྲས་ཏེ་གྲོས་རྒྱབ་ཟིན། ༢༤ ཁོང་གིས་གསོད་ཅེས་འཚོལ་གོ་ནུ་སྨྲས་ཏེ་ཤ་ཨུལ་གྱིས་རྒྱུས་འབྱོར་ཟིན། ཡ་ཧུ་དྰ་པ་ཡ་གིས་ཤ་ཨུལ་ལ་གསོད་ཅེས་སྨྲས་ཏེ་ཉིན་ནུབ་རང་དམ་མེ་སེག་རྒྱལ་སའི་སྒོ་ཡ་ལ་བསྒུགས་བསྡད་པས་ ༢༥ རོགས་ཡ་གིས་ཤ་ཨུལ་ལ་དགོང་མོ་རང་ཙེལ་པོ་ལ་བླུགས་ཏེ་རྒྱལ་སའི་གྱང་གི་སྒེ་ཁུང་ལས་མར་ཕབ་སྟེ་འབྲོས་འཇུག་ཟིན།།

༢༦ ཡ་རུ་ཤ་ལེམ་ལ་ལོག་ཕྱིན་ཏེ་འགབ་ལས་ཤ་ཨུལ་ཉེ་གནས་ཡ་མཉམ་པོ་འཆམ་ཅེས་ཀྱི་སེམས་སྐྱེ་ཟིན། ཡིན་ནས་ཁོང་ཡ་འཇིགས་ཏེ། ཁོ་ཡེ་ཤུའི་ཉེ་གནས་འོང་རང་མི་ཁུག་མཁན། སྨྲས་ཏེ་ཤ་ཨུལ་ལ་འོང་རང་མ་བཅུག ༢༧ དེ་ནས་བར་ན་བྰ་སྨྲ་མཁན་གྱི་ཉེ་གནས་འོངས་ཏེ་ཤ་ཨུལ་ལ་རོགས་བྱས་ཏེ་སྐུ་ཚབ་ཡ་གི་རྩར་ལ་འཁྱོང་ཟིན། ཤ་ཨུལ་དམ་མེ་སེག་ལ་འགྲོ་མཁན་གང་ལ་ལམ་ལ་ཨ་དོན་ཐོན་འོངས་ཏེ་ཁོ་མཉམ་པོ་སྐད་ཆ་སྨྲས་པ་དང་དམ་མེ་སེག་ལ་མ་འཇིགས་པར་བྱས་ཏེ་ཡེ་ཤུའི་མིང་ལ་བཤད་པའི་སྐད་ཆ་ཡ་བར་ན་བྰས་ཤོད་ཟིན། ༢༨ དེ་ནས་ཤ་ཨུལ་ཉེ་གནས་ཡ་མཉམ་པོ་འཆམ་མྱོང་ཟིན། ༢༩ བཅམ་སྟེ་སྡོད་སྡོད་པ་གང་ལ་ཤ་ཨུལ་གྱིས་སེམས་ཆེན་པོ་བྱས་ཏེ་ཡ་རུ་ཤ་ལེམ་གང་གྱ་ལ་(ག་ས་ག་ལ་)ཨ་དོན་ཡེ་ཤུའི་མིང་ལ་བཤད་དེ་འགྲོ་ཟིན། དེ་ནས་ཧེལ་ལེན་གྱི་སྐད་སྨྲ་མཁན་གྱི་ཡ་ཧུ་དྰ་པ་ཡ་མཉམ་པོ་རྩོད་མཁན་གང་ལ་ཁོང་ཤ་ཨུལ་མཉམ་པོ་མ་འགྲིགས། འོ་སོང་བས་ཁོང་གིས་ཤ་ཨུལ་ལ་གསོད་ཅེས་འཚོལ་ཟིན། ༣༠ འདི་སྐད་ཆ་རྒྱུས་འབྱོར་ཏེ་ཚོགས་ཀྱི་ཨ་པོ་འོག་མ་ཡ་གིས་(ཨ་ད་ནོ་ཡ་གིས་)ཤ་ཨུལ་ལ་ཀེ་སར་ཡྰ་རྒྱལ་ས་ལ་ཁྱེར་ཏེ་རང་གི་སྐྱེ་སའི་ཕ་ཡུལ་ཏར་སུ་ལ་གཏོང་རྫོང་ཟིན།།

༣༡ འོ་ཡིན་འཇུག་ཡ་ཧུ་དྰ། ག་ལིལ་དང་ས་མར་ཡྰ་ལུང་པ་ལ་ཡོད་མཁན་གྱི་ཚོགས་ཡ་ལ་སེམས་བདེ་པོ་འོང་ཟིན། རྣམ་པར་དག་པའི་ཐུགས་ལས་སྐྱིད་པ་འབྱོར་ཏེ་ཚོགས་ཡ་གི་ཡེ་ཤུ་ལ་བློ་འགེལ་མཁན་དེ་བརྟན་པོ་ཕྱིན་ཏེ་ཨ་དོན་གྱི་འཇིགས་པ་ཁུར་ཏེ་སྡོད་ཟིན། དེ་ནས་ཉེ་གནས་ཡ་མང་འགྲོ་མང་འགྲོ་འགྲོ་ཟིན།། 

པེ་ཏྲོ་ལིད་དྰ་དང་ཡོ་ཕ་གྲོང་གསེབ་ལ།

༣༢ དེ་ནས་པེ་ཏྲོ་སྐོར་བ་བརྒྱབ་སྟེ་བརྒྱབ་སྟེ་ལིད་དྰ་སྨྲ་མཁན་གྱི་གྲོང་གསེབ་ལ་སྡོད་མཁན་གྱི་ཨལ་ལོ་ཧིམ་གྱི་རྣམ་པར་དག་པར་བྱས་པའི་མི་ཡ་ལ་ཡང་ཐུག་འོང་ཟིན། ༣༣ འོ་ལ་ཨེ་ནི་ཡྰ་སྨྲ་མཁན་གྱི་མི་གཅིག་ཐུག་ཟིན། ཨེ་ནི་ཡྰ་གཟུགས་པོ་སྒུལ་མི་ཁུག་མཁན་གྱི་ན་ཚས་བྱས་ཏེ་ཉལ་ས་ལས་ལང་མ་ཁུགས་པ་ལོ་བརྒྱད་ཕྱིན་ཏེ་ཡོད་མཁན། ༣༤ དེ་ནས་པེ་ཏྲོས་སྨྲ་ཟིན། ཨེ་ནི་ཡྰ། དབང་སྐུར་ཐོབ་པའི་ཡེ་ཤུས་ཁྱོད་ལ་ད་ལྟ་རང་དྲག་འཇུག་མཁན། ད་ནི་ལང་དོང་། རང་གི་སྟན་གོ་བདོག་དོང་། སྨྲས་ཏེ་སྨྲ་ཟིན། དེ་ནས་ཁོ་ལམ་ཟང་ལང་ཟིན། དེ་ནས་ཁོ་འགྲོ་ཁུག་མཁན་འགྲོ་ཟིན། ༣༥ དེ་ནས་ཨེ་ནི་ཡྰ་ལ་དྲག་པ་མཐོང་སྟེ་ལིད་དྰ་གྲོང་གསེབ་དང་ཤ་རོན་སྨྲ་མཁན་གྱི་ལུང་པ་ལ་སྡོད་མཁན་གྱི་མི་གང་པོས་སེམས་གྱུར་ཏེ་ཨ་དོན་ལ་མོས་པ་བྱེད་ཟིན།།

༣༦ ཡོ་ཕ་སྨྲ་མཁན་གྱི་གྲོང་གསེབ་ལ་ཏ་བི་ཐྰ་སྨྲ་མཁན་གྱི་ཉེ་གནས་གཅིག་ཡོད་མཁན། ༼ཧེལ་ལེན་གྱི་སྐད་ལ་མོའི་མིང་དོར་ཀས་ཡིན་མཁན། དོར་ཀས་སྨྲ་མཁན་དེ་ཤ་བ་སྨྲ་ཀྱོ་ཡིན་པ།༽ མོ་རྟག་པར་མི་གཞན་པ་ཡ་ལ་ཡག་པོ་བྱེད་ཀོ་ཡོད་མཁན། སྤྲང་པོ་ཡ་ལ་རོགས་བྱེད་ཀོ་ཡོད་མཁན། ༣༧ འོ་ཅོག་འདྲ་བྱེད་བྱེད་པ་གང་ལ་མོ་ནད་པ་ཕྱིན་ཏེ་འཆི་ཟིན། དེ་ནས་ཁོང་ཡ་གིས་མོའི་ཕུང་པོ་བཀྲུས་ཏེ་ཐོག་ཤོས་སྟེང་ལ་ཁྱེར་ཏེ་ཁང་མིག་གཅིག་ལ་འཇོག་ཟིན། ༣༨ ཡོ་ཕ་ལས་ལིད་དྰ་ལ་འགྲོ་ཅེས་ལ་ཐག་རིང་པོ་འཇིགས་པོ་མེད་པ་ཡོད་མཁན། པེ་ཏྲོ་ལིད་དྰ་ལ་ཡོད་པ་སྨྲ་མཁན་གྱི་སྐད་ཆ་རྒྱུས་འབྱོར་ཏེ་འགབ་ལས་ཉེ་གནས་ཡ་གིས་མི་སྣ་གཉིས་པེ་ཏྲོའི་རྩར་ལ་བཏང་སྟེ། འོ་བརྒྱལ་འོང་ན་ཡང་ཏོག་ཙམ་ཞིག་མགྱོགས་པར་ངེད་ཀྱི་རྩར་ལ་འོང་དོང་སྨྲ་དོང་། སྨྲས་ཏེ་སྨྲ་རྫོང་ཟིན། 

༣༩ དེ་ནས་པེ་ཏྲོ་ཁོང་གཉིས་མཉམ་པོ་ཡོ་ཕ་ལ་འགྲོ་ཟིན། འོ་ལ་སླེབ་ལོང་མེད་པ་མི་ཡ་གིས་པེ་ཏྲོ་ལ་ཐོག་ཤོས་སྟེང་གི་ཁང་མིག་ལ་འཁྱེར་ཟིན། ཁྱོ་ག་ཤི་བའི་བུད་མེད་ཁྱུས་ཏ་བི་ཐྰས་ཚེམས་བསྟེར་བའི་བཀབ་ཆ་ལ་འཐོགས་ཏེ་པེ་ཏྲོ་ལ་བསྟན་ཏེ། ངུས་ཏེ་པེ་ཏྲོའི་རྩར་ཟུར་ལ་སྡོད་འོང་ཟིན། ༤༠ པེ་ཏྲོས་ཁོང་གང་པོ་ལ་ཁང་མིག་ལས་ཕྱི་ལ་གཏོང་ཟིན། རྐང་པའི་ཚིགས་ས་ལ་བཙུགས་ཏེ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཟིན། དེ་ནས་ཕུང་པོ་ངོས་ལས་ཁ་བཏོན་ཏེ། ཏ་བི་ཐྰ། ལོངས། སྨྲས་ཏེ་སྨྲ་ཟིན། འོ་ཙམ་ལ་མོའི་མིག་ཁ་འབྱེ་ཟིན། དེ་ནས་པེ་ཏྲོ་ལ་མཐོང་སྟེ་ལངས་ཏེ་སྡོད་ཟིན། ༤༡ པེ་ཏྲོས་མོ་ལ་ལག་པ་ལ་བཟུང་སྟེ་བསླངས་སྟེར་ཟིན། དེ་ནས་ཁྱོ་ག་ཤི་བའི་བུད་མེད་ཁྱུ་དང་རྣམ་པར་དག་པར་བྱས་པ་ཡ་ལ་སྐད་བརྒྱབ་སྟེ། ཤི་སྟེ་གསོན་པོར་ལངས་པའི་ཏ་བི་ཐྰ་ཁོང་ལ་སྟོན་ཟིན།། 

༤༢ འདི་སྐད་ཆ་ཡོ་ཕ་གྲོང་གསེབ་གང་གྱ་ལ་(ག་ས་ག་ལ་)འགྲེམ་ཟིན། མི་མང་པོས་ཨ་དོན་ལ་བློ་འགེལ་ཟིན། ༤༣ དེ་ནས་པེ་ཏྲོ་ཉི་མ་གཏོས་པ་ཞིག་ཐུག་(ཉི་མ་ཁ་ཤས་ཤིག་ཐུག་)ཡོ་ཕ་ལ་ཀོ་བ་མཉེད་མཁན་གྱི་སི་མོན་མཉམ་པོ་སྡོད་ཟིན།། །།

Your encouragement is valuable to us

Your stories help make websites like this possible.