མགོ་མ་ལེའུ་བརྒྱད་པ།

 འོ་ཙམ་གང་ལ་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ། ནོ་ཨ་མཉམ་པོ་སྒམ་གྱི་ནང་ལ་ཡོད་པའི་དུད་འགྲོ་གང་པོ་དང་། རྐང་བཞི་པ་གང་པོ་ལ་དྲན་པ་སོས་ཏེ། ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་གིཁ་ལ་རླུང་རྒྱུག་འཇུག་ཟིན། དེ་ནས་ཆུ་འབྲི་ཟིན།  ཡང་གཏིང་རིང་པོའི་ཆུ་མིག་དང་། ནམ་མཁའི་སྒེ་ཁུང་ཡང་གཅོད་ཟིན། ནམ་མཁའ་ས་འབབ་མཁན་གྱི་དྲག་ཆར་ཡང་འཆད་ཟིན།  སའི་ངོས་ལས་ཆུ་མང་པོ་བྲི་སྟེ། ཉི་མ་བརྒྱ་དང་ལྔ་བཅུའི་འགབ་ལས་འབྲི་ཟིན།  ཟླ་བ་བདུན་པའི་ཚེས་བཅུ་བདུན་པའི་ཉི་མ་ལ་ཨ་ར་རེད་སྨྲ་མཁན་གྱི་ལུང་པའི་རི་ལ་སྒམ་འཁོད་ཟིན།  དེ་ནས་ཟླ་བ་བཅུ་པའི་བར་དུ་ཆུ་བྲི་བྲི་བ་ལས། ཟླ་བ་བཅུ་པའི་ཚེས་དང་པོའི་ཉི་མ་ལ་རི་རྩེ་ཡ་འཐོན་ཟིན།།

 དེ་ནས་ཉི་མ་བཞི་བཅུ་སླེབས་ཏེ་ནོ་ཨས་སྒམ་ལ་བྱས་ཡོད་པའི་སྒེ་ཁུང་ཞིག་ཕྱེ་སྟེ།  བྱ་རོག་ཅིག་ཕྱི་ལ་གཏོང་ཟིན་དང། འོ་དེ་ས་ལ་ཆུ་སྐམ་པའི་བར་དུ་ཕར་ཚུར་ཕུར་ཟིན།  དེ་ནས་ཆུ་ས་ལས་བྲི་ཚར་བ་ཤེས་ཅེས་ལ་(ཤེས་པའི་ཕྱིར་)འང་གུ་ཞིག་བཏང་སྟེ  ས་གང་པོ་ལ་ད་རུང་ཆུ་ཡོད་པས། འང་གུ་དེ་རྐང་པ་འཛུགས་མཁན་གྱི་ས་ཆ་མ་ཐོབ་སྟེ་ཁོའི་འགྲམ་ལ་སྒམ་ལ་ལོག་འོང་ཟིན་དང་། ནོ་ཨས་ལག་པ་བརྐྱངས་ཏེ་འང་གུ་བཟུང་སྟེ་སྒམ་གྱི་ནང་ལ་ཡང་འཇོག་ཟིན། ༡༠ དེ་ནས་ཉི་མ་བདུན་བསྒུགས་ཏེ་ཡང་འང་གུ་ཞིག་སྒམ་ལས་ཕྱི་ལོགས་ལ་བཏང་བས། ༡༡ འང་གུ་དེ་ནུབ་མོའི་དུས་ལ་ལོགས་འོངས་ཏེ། ཁ་སྐྱུར་པོའི་ཤིང་གི་ལོ་མ་རློན་པ་ཞིག་མཆུ་ལ་འཐོགས་པ་མཐོང་བས། ནོ་ཨས་ཆུ་ས་ལས་བྲི་ཚར་་ཤེས་ཟིན། ༡༢ དེ་ནས་ཀྱང་ཉི་མ་བདུན་གྱི་བར་དུ་བསྒུགས་ཏེ་འང་གུ་ཞིག་བཏང་སྟེ། འོ་ཁོའི་འགྲམ་ལ་མ་ལོག་ཟིན།།

༡༣ ལོ་དྲུག་བརྒྱ་དང་གཅིག་པའི་ཟླ་བ་དང་པོའི་ཚེས་དང་པོ་ལ་ཆུ་སའི་ཁ་ལབསྐམས་པའི་ཚེ་ནོ་ཨས་སྒམ་གྱི་ཐོག་བཀོག་སྟེ། ད་སའི་ངོས་སྐམ་ཡོད་པ་མཐོང་ཟིན ༡༤ ཟླ་བ་གཉིས་པའི་ཚེས་ཉི་ཤུ་རྩ་བདུན་གྱི་ཉི་མ་ལ་ས་སྐམ་ཟིན་ཟིན།། ༡༥ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ། ༡༦ ད་ཁྱོད་དང་ཆུང་མ་དང་བུ་་དང་ཁྱོད་ཀྱི་བུའི་ཆུང་མ་ཡ་ཁྱོད་མཉམ་པོ་སྒམ་ལས་སོང་། ༡༧ ཁྱོད་མཉམ་པོ་ཡོད་པའི་དུད་འགྲོ་གང་པོ་དང་། ལུས་ཅན་གྱི་རིགས་གང་པོ་བྱ་་དང་། རྐང་བཞི་པ་ཡ་དང་། ས་ལ་རྒྱུ་མཁན་གྱི་ལྟོ་འགྲོ་སྲིན་འབུ་གང་པོ་ཁྱོད་མཉམ་པོ་ཕྱི་ལོགས་ལ་ཁྲིད། ཅི་ལས་སྨྲ་ན། ས་ལ་འགྲུལ་མཁན་དང་། རྒྱགས་ཚད་ཆགས་མཁན་དང་། མང་འགྲོ་ཆགས་མཁན་ས་གཞི་འགེངས་ཅེས་ལ། (འགེངས་པའི་ཕྱིར་རོསྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་ཟིན། ༡༨ དེ་ནས་ནོ་ཨ་དང་། རང་གི་བུ་དང་། ཆུང་མ་དང་། བུའི་ཆུང་མ་་ཕྱི་ལོགས་ལ་འགྲོ་ཟིན། ༡༩ དེ་ནས་དུད་འགྲོ་གང་པོ་དང་། ལྟོ་འགྲོ་སྲིན་བུ་གང་པོ་དང་། བྱ་གང་པོ་དང་། ས་ལ་འགྲོ་མཁན་གང་པོ་རང་རང་གི་རིགས་ཅོག་འདྲ་སྒམ་གྱི་ཕྱི་ལོགས་ལ་འགྲོ་ཟིན

༢༠ དེ་ནས་ནོ་ཨས་ཡ་ཝྰེ་ལ་མཆོད་ཁྲི་ཞིག་བརྩིགས་ཏེ་རྐང་བཞི་པ་གཙང་མ་གང་པོ་དང་། བྱ་གཙང་མ་གང་པོ་ལས་བླངས་ཏེ་མཆོད་ཁྲིའི་ཁ་ལ་སྦྱིན་སྲེག་ལ་འབུལ་ཟིན ༢༡ ཡ་ཝྰེས་དྲི་བསུང་ཡིད་ལ་འོངས་པ་བསྣོམས་ཏེ་སྨྲ་ཟིན། མགོ་མ་སྐྱེས་ཏེ་མིའི་སྙིང་གི་བསམ་བློ་ནི་ངན་པ་ཡོད་པ། ད་ནས་མིའི་ཆེད་ངས་ས་གཞི་དམོད་མོ་མི་རྒྱབ་མཁན། ད་ལྟ་ཅོག་འདྲ་བྱས་ཏེ་ངས་ད་ནསཀྱང་ལུས་ཅན་གང་པོའི་རྒྱུན་མི་གཅོད་མཁན། ༢༢ ད་ནས་འཛམ་བུ་གླིང་གནས་པའི་བར་དུ་ས་བོན་དང་། སྟོན་ཐོག་དང་། ཚ་གྲང་དང་། དབྱར་དགུན་དང་། ཉིན་མཚན་མི་གཅོད་མཁན་སྨྲས་ཏེ་ཡ་ཝྰེའི་སེམས་ལ་གནས་ཟིན།། །།

Your encouragement is valuable to us

Your stories help make websites like this possible.