༡ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་དང་ཁོའི་བུ་ཡ་ལ་བྱིན་རླབས་བྱས་ཏེ་སྨྲ་ཟིན། རྒྱགས་ཚད་ཆགས་པར་ཤོག །མང་འགྲོ་ཆགས་པར་ཤོག །ས་གཞི་ཁོང་། ༢ སའི་ལུས་ཅན་གང་པོ་དང་། ནམ་མཁའི་བྱ་གང་པོ་དང་། ས་ལ་འགྲོ་མཁན་གང་པོ་དང་། རྒྱ་མཚོའི་ཉ་གང་པོ་ཁྱེད་ཀྱི་འཇིགས་པས་སྐྲག་ཆུག །ཁྱེད་ཀྱི་ལག་པ་ལ་གཏོང་ཟིན། ༣ སྲོག་ཅན་ས་ལ་རྒྱུ་མཁན་གང་པོ་ཁྱེད་ལ་ལྟོའི་ཆེད་དུ་སྟེར་མཁན། སྔོ་ཚོད་ཅོག་འདྲ་ངས་འོ་ཡ་ཁྱེད་ལ་སྟེར་ཟིན། ༤ ཡིན་ནས་ཤ་དང་མཉམ་པོའི་སྲོག་ཡིན་པའི་ཁྲག་ཁ་རྐྱང་མ་ཟ། ༥ ཡང་ཁྱེད་རེ་རེའི་སྲོག་གི་ཁྲག་གི་ལན་ངས་ལེན་མཁན། དུད་འགྲོ་རེ་རེའི་ལག་པ་ལས་ལན་ལེན་མཁན་དང་། མིའི་ལག་པ་ལས་སྨྲ་ན། སྤུན་ཡིན་པའི་མི་རེ་རེའི་ལག་པ་ལས་མིའི་སྲོག་གི་ལན་ལེན་མཁན། ༦ སུས་ཀྱང་མིའི་ཁྲག་འཕོ་ན་འོའི་ཁྲག་ཀྱང་མིས་འཕོ་མཁན། ཅི་ལས་སྨྲ་ན། ཨལ་ལོ་ཧིམ་གྱིས་རང་གི་གྲིབ་ནག་ལ་མི་ནི་འགོད་ཅེས་ལ།། (བཀོད་པའི་ཕྱིར་རོ།)
༧ ཁྱེད་ནི་རྒྱགས་ཚད་ཆགས་པར་ཤོག །མང་འགྲོ་ཆགས་པར་ཤོག །ས་ལ་འགྲོ་སྟེ་སའི་ཁ་ལ་མང་པོ་འཕེལ་བར་ཤོག །སྨྲས་ཏེ་སྨྲ་ཟིན།།
༨ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་རང་གི་བུ་དང་མཉམ་པོ་ལ། ༩ ད་ལྟོས། ངས་ནི་ཁྱེད་དང་ཁྱེད་ཀྱི་རྗེས་ལ་འོང་མཁན་གྱི་བུ་བརྒྱུད་དང་། ༡༠ ཁྱེད་དང་མཉམ་པོ་ཡོད་པའི་ལུས་ཅན་གང་པོ་སྨྲ་ན། རྐང་བཞི་པ་དང་། དུད་འགྲོ་གང་པོ་དང་། སྒམ་གྱི་ནང་ལས་ཐོན་པའི་སའི་དུད་འགྲོ་གང་པོའི་དོན་དག་ལ་འོ་གང་པོ་དང་ངས་ཁ་ཆད་བྱེད་མཁན། ༡༡ ངས་ཁྱེད་དང་བྱེད་མཁན་གྱི་ཁ་ཆད་འདི་ཅོག་འདྲ་ཡིན། ད་ནས་ཆུ་རུད་ཀྱི་ཆུ་ཡ་གིས་ལུས་ཅན་གང་པོ་མེད་པར་མི་བཟོ་མཁན། ས་འཇིག་ཅེས་ལ་ད་ནས་ཆུ་རུད་མི་འོང་མཁན་སྨྲས་ཏེ་སྨྲ་ཟིན།།
༡༢ དེ་ནས་ཨལ་ལོ་ཧིམ་གྱིས། ཁྱེད་དང་ཁྱེད་དང་མཉམ་པོ་ཡོད་པའི་ལུས་ཅན་གང་པོ་དང་། དུས་གང་པོའི་བརྒྱུད་ཡ་དང་ངས་བྱས་པའི་ཁ་ཆད་ཀྱི་རྟགས་ནི་འདི་ཡིན། ༡༣ ངའི་འཇའ་རྨུགས་པའི་ནང་ལ་བཙུགས་ཡོད་མཁན། འདི་ནི་ངས་འཛམ་བུ་གླིང་དང་བྱས་པའི་ཁ་ཆད་ཀྱི་རྟགས་སུ་འགྱུར་དགོས་མཁན། ༡༤ དེ་ནས་ངས་འཛམ་བུ་གླིང་གི་ཁ་ལ་རྨུགས་པ་བྱེད་མཁན་གྱི་ཚེ་རྨུགས་པའི་ནང་ལ་འཇའ་སྣང་མཁན་དང་། ༡༥ ངས་ཁྱོད་དང་སྲོག་ཡོད་པའི་ལུས་ཅན་དང་བྱས་པའི་ཁ་ཆད་དྲན་པ་སོས་ཏེ། ད་ནས་ལུས་ཅན་གང་པོ་མེད་པར་བྱེད་མཁན་གྱི་ཆུ་ཡ་གི་ཆུ་རུད་མི་འོང་མཁན། ༡༦ རྨུགས་པ་ནང་ཡོད་པའི་འཇའ་ལ་ངས་བལྟས་ཏེ་ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་ལ་ཡོད་པའི་སྲོག་ཡོད་པའི་ལུས་ཅན་གང་པོ་དང་བྱས་པའི་ཁ་ཆད་ནམ་བྱེད་ན་ཡང་དྲན་པ་གསོ་མཁན་ཡིན། སྨྲས་ཏེ། ༡༧ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ། འོ་དེ་ངས་འཛམ་བུ་གླིང་གི་ལུས་ཅན་གང་པོ་དང་བྱས་པའི་ཁ་ཆད་ཀྱི་རྟགས་ཡིན། སྨྲས་ཏེ་སྨྲ་ཟིན།།
༡༨ ནོ་ཨའི་བུ་སྒམ་གྱི་ནང་ལས་ཐོན་པ་ཡ་ནི་ཤེམ་དང་། ཧམ་དང་། ཡ་ཕེད་དང་གསུམ་ཡིན། ཧམ་ནི་ཀ་ན་ཨན་སྨྲ་མཁན་གྱི་ཨ་ཕ་ཡིན་མཁན། ༡༩ འོ་གསུམ་ནི་ནོ་ཨའི་བུ་ཡིན། འོ་ཡ་ལས་ས་གཞི་གང་པོ་ལ་འཕེལ་ཟིན།།
༢༠ དེ་ནས་ནོ་ཨས་ཞིང་འབད་དེ། རྒུན་ཚས་ཤིག་བཏབ་སྟེ། ༢༡ རྒུན་ཆང་འཐུངས་ཏེ་བཟི་བས་གུར་གྱི་ནང་ལ་རྗེན་པར་འགྱུར་ཟིན། ༢༢ དེ་ནས་ཀ་ན་ཨན་གྱི་ཨ་ཕ་ཧམ་གྱིས་རང་གི་ཨ་ཕ་རྗེན་པར་མཐོང་སྟེ་ཕྱི་ལོགས་ལ་ཡོད་པའི་སྤུན་གཉིས་ལ་ཤོད་ཟིན། ༢༣ དེ་ནས་ཤེམ་དང་ཡ་ཕེད་གཉིས་ཀྱིས་གོས་བཟུང་སྟེ་གཉིས་ཀའི་གཉའ་བ་ལ་ཁྱེར་ཏེ། རྒྱབ་ལོག་སྟེ་ཕྱི་འགྲོས་ཀྱིས་རྗེན་པར་ཡོད་པའི་ཨ་ཕ་བཀབ་སྟེ་གདོང་པ་མ་བསྟན་པས་རྗེན་པར་ཡོད་པའི་ཨ་ཕ་མ་མཐོང་། ༢༤ དེ་ནས་ནོ་ཨ་བཟི་མཁན་གྱི་གཉིད་སད་དེ་རང་ལ་བུ་ཆུང་བས་ཅི་བྱས་པ་དེ་ཤེས་ཏེ། ༢༥ ཁོས། ཀ་ན་ཨན་ལ་ངན་འདེབས་པར་ཤོག །སྤུན་གྱི་གཡོག་པོའི་གཡོག་པོ་བྱོས། སྨྲས་ཏེ། ༢༦ ཡང་ཁོས་སྨྲ་ཟིན། ཡ་ཝྰེ་ཤེམ་གྱི་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་བར་ཤོག །ཀ་ན་ཨན་གྱིས་ཤེམ་གྱི་གཡོག་པོ་བྱོས། ༢༧ ཨལ་ལོ་ཧིམ་གྱིས་ཡ་ཕེད་དར་ལ་ཆུག །ཤེམ་གྱི་གུར་ཡ་ལ་སྡོད་ཆུག །ཡང་ཀ་ན་ཨན་གྱིས་ཡ་ཕེད་ཀྱི་གཡོག་པོ་བྱོས། སྨྲས་ཏེ་སྨྲ་ཟིན།།
༢༨ དེ་ནས་ཆུ་རུད་ཀྱི་འགབ་ལས་ནོ་ཨ་ལོ་སུམ་བརྒྱ་དང་ལྔ་བཅུ་སྡོད་ཟིན། ༢༩ དེ་ནས་ནོ་ཨ་གསོན་པོར་བསྡད་དེ་ལོ་དགུ་བརྒྱ་དང་ལྔ་བཅུ་ལ་འཆི་ཟིན།། །།