མགོ་མ་ལེའུ་བཅུ་གཅིག་པ།

 ད་འཛམ་བུ་གླིང་གང་པོ་ལ་སྐད་གཅིག་དང་གཏམ་གཅིག་ཁ་རྐྱངཡོད་མཁན། ༢ ཡང་མི་ཡ་ཤར་ཕྱོགས་ལས་འགྲུལ་ཏེ་འགབ་ལས་ཤི་ནེ་ཨྰར་ཡུལ་་ཡོད་པའི་ཐང་ཀ་ཞིག་ཐོབ་སྟེ་འོ་ལ་སྡོད་ཟིན།།

 དེ་ནས་གཅིག་གིས་གཅིག་ལ། ད་ངེད་ཀྱིས་ས་ཕག་བཟོས་ཏེ་མེས་སྲེག་མཁན་ཡིན་སྨྲས་ཏེ། རྡོའི་ཚབ་ལ་ས་ཕག་བཟོས་ཏེ་འཇིམ་པའི་ཚབ་ལ་བྲག་ཞུན་ལེན་ཟིན  དེ་ནས་འོ་ཡ་གིས། ད་གྲོང་ཁྱེར་ཞིག་དང་སྤེའུའི་རྩེ་མོ་གནམ་ལ་ཐུག་བཟོམཁན། འོ་ཅོག་འདྲ་ངེད་ཀྱི་མིང་གྲགས་འདོན་མཁན་ཡིན། གཞན་ངེད་ས་གང་པོའི་ངོས་ལ་ཁ་འཐོར་མཁན། སྨྲས་ཏེ་སྨྲ་ཟིན།།

 འོ་ཙམ་གང་ལ་ཡ་ཝྰེས་མིའི་བུ་ཡ་གིས་བརྩིགས་འི་གྲོང་ཁྱེར་དང་སྤེའུ་ལ་མཐོང་ཅེས་ལ་འབབ་ཟིན།  དེ་ནས་ཡ་ཝྰེས། ལྟོས་དང་། མི་བརྒྱུད་གཅིག་ཁ་རྐྱང་ཡིན་ཏེ། འོ་གང་པོ་ལ་སྐད་ཀྱང་གཅིག་ཁ་རྐྱང་ཡོད་པས། འདི་ནི་འོ་ཡ་གིས་བྱེད་ཅེས་བརྩམས་པའི་འགོ་ཡིན་ཏེ། ད་ནི་འོ་ཡ་གིས་ཅི་དང་ཅི་བྱེད་ཅེས་གྲོས་བྱེད་མཁན་དེ་ལས་ཟློག་མི་འོང་བས།  འོ་སོང་བས་འོ་ཡ་གཅིག་གིས་གཅིག་གི་སྐད་ཧ་གོ་བར་མི་འགྱུར་ཅེས་ལ་ངེད་རང་བབས་ཏེ་འོ་ཡ་གི་སྐད་འཛོལ་མཁན་ཡིན། སྨྲས་ཏེ་སྨྲས་པ་དང་།  ཡ་ཝྰེས་འོ་ཡ་དེ་ནས་ས་གང་པོའི་ངོས་ལ་སོ་སོར་འགྱེ་བར་བྱས་པས་འོ་ཡ་གིས་གྲོང་ཁྱེར་བཟོ་མཚམས་འཇོག་ཟིན།

 འོ་སོང་བས་འོའི་མིང་ལ་བ་བེལ་འདོགས་ཟིན། ༼བ་བེལ་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་མགོ་འཐོམས་པ་སྨྲས་པ་ཡིན་པ།༽ ཅི་ལས་སྨྲ་ན། ཡ་ཝྰེས་འོ་ལ་འཛམ་བུ་གླིང་གང་པོའི་སྐད་འཛོལ་བར་བྱས་ཏེ། ཡ་ཝྰེས་འོ་ཡ་འཛམ་བུ་གླིང་གང་པོའི་ངོས་ལ་སོ་སོར་འགྱེ་བར་བྱེད་ཅེས་ལ་ཡིན་པ།། (མཛད་པའི་ཕྱིར་རོ།)

༡༠ ཤེམ་གྱི་རིགས་བརྒྱུད་ནི་འདི་ཅོག་འདྲ་ཡིན་པ། ཤེམ་ལོ་བརྒྱ་སླེབས་ཏེ་ཆུ་རུད་ལས་ལོ་གཉིས་ཀྱི་རྗེས་ལ་ཨར་པག་ཤད་སྐྱེ་ཟིན། ༡༡ ཨར་པག་ཤད་སྐྱེས་ཏེ་ལས་ཤེམ་ལོ་ལྔ་བརྒྱ་འཚོ་བ་དང་། བུ་དང་བུ་མོ་ཡ་སྐྱེ་ཟིན།།

༡༢ ཡང་ཨར་པག་ཤད་ལོ་སུམ་ཅུ་སོ་ལྔ་སླེབས་ཏེ་ཤེ་ལྰ་སྐྱེ་ཟིན། ༡༣ ཤེ་ལྰ་སྐྱེས་ཏེ་ལས་ཨར་པག་ཤད་ལོ་བཞི་བརྒྱ་དང་གསུམ་འཚོ་བ་དང་། བུ་དང་བུ་མོ་ཡ་སྐྱེ་ཟིན།།

༡༤ ཤེ་ལྰ་ལོ་སུམ་ཅུ་སླེབས་ཏེ་ཨེ་བེར་སྐྱེ་ཟིན། ༡༥ ཨེ་བེར་སྐྱེས་ཏེ་ལས་ཤེ་ལྰ་ལོ་བཞི་བརྒྱ་དང་གསུམ་འཚོ་བ་དང་། བུ་དང་བུ་མོ་ཡ་སྐྱེ་ཟིན།།

༡༦ ཨེ་བེར་ལོ་སུམ་ཅུ་སོ་བཞི་སླེབས་ཏེ་ཕེ་ལེག་སྐྱེ་ཟིན། ༡༧ ཕེ་ལེག་སྐྱེས་ཏེ་ལས་ཨེ་བེར་ལོ་བཞི་བརྒྱ་དང་སུམ་ཅུ་འཚོ་བ་དང་། བུ་དང་བུ་མོ་ཡ་སྐྱེ་ཟིན།།

༡༨ ཕེ་ལེག་ལོ་སུམ་ཅུ་སླེབས་ཏེ་རེ་གུ་སྐྱེ་ཟིན། ༡༩ རེ་གུ་སྐྱེས་ཏེ་ལས་ཕེ་ལེག་ལོ་གཉིས་བརྒྱ་དང་དགུ་འཚོ་བ་དང་། བུ་དང་བུ་མོ་ཡ་སྐྱེ་ཟིན།།

༢༠ རེ་གུ་ལོ་སུམ་ཅུ་སོ་གཉིས་སླེབས་ཏེ་སེ་རུག་སྐྱེ་ཟིན། ༢༡ སེ་རུག་སྐྱེས་ཏེ་ལས་རེ་གུ་ལོ་ཉིས་བརྒྱ་དང་བདུན་འཚོ་བ་དང་། བུ་དང་བུ་མོ་ཡ་འབྱོར་ཟིན།།

༢༢ ཡང་སེ་རུག་ལོ་སུམ་ཅུ་སླེབས་ཏེ་ན་ཧོར་སྐྱེ་ཟིན། ༢༣ ན་ཧོར་སྐྱེས་ཏེ་ལས་སེ་རུག་ལོ་གཉིས་བརྒྱ་འཚོ་བ་དང་། བུ་དང་བུ་མོ་ཡ་ཐོབ་ཟིན།།

༢༤ ན་ཧོར་ལོ་ཉི་ཤུ་རྩ་དགུ་སླེབས་ཏེ་ཐ་རཱ་སྐྱེ་ཟིན། ༢༥ ཐ་རཱ་སྐྱེས་ཏེ་ལས་ན་ཧོར་ལོ་བརྒྱ་དང་བཅུ་དགུ་འཚོ་བ་དང་། བུ་དང་བུ་མོ་ཡ་འབྱོར་ཟིན། ༢༦ ཡང་ཐ་རཱ་ལོ་བདུན་ཅུ་སླེབས་ཏེ་ཨབ་རམ་དང་། ན་ཧོར་དང་། ཧ་རན་སྐྱེ་ཟིན།།

༢༧ ཐ་རཱའི་རིགས་བརྒྱུད་ནི་འདི་ཅོག་འདྲ་ཡིན་པ། ཐ་རཱ་ལས་ཨབ་རམ་དང་། ན་ཧོར་དང་། ཧ་རན་སྐྱེ་ཟིན། ཧ་རན་ལས་ལོད་སྐྱེ་ཟིན། ༢༨ དེ་ནས་ཧ་རན་ནི་རང་གི་ཨ་ཕ་ཐ་རཱའི་རྩར་ལ་ཀལ་དི་ཡུལ་གྱི་རང་གི་ཕ་ཡུལ་ཨུར་ལ་འཆི་ཟིན། ༢༩ ཡང་ཨབ་རམ་དང་ན་ཧོར་གཉིས་ཀྱིས་ཆུང་མ་ཡ་ལེན་ཟིན། ཨབ་རམ་གྱི་ཆུང་མའི་མིང་ས་ར་ཡི་དང་། ཧ་རན་གྱི་བུ་མོ་ཡིན་པའི་ན་ཧོར་གྱི་ཆུང་མའི་མིང་མིལ་ཀ་སྨྲ་མཁན་དེ་ཡིན་མཁན། ཧ་རན་ནི་མིལ་ཀ་དང་ཡིས་ཀའི་ཨ་ཕ་ཡིན་མཁན ༣༠ ས་ར་ཡི་མོ་ཤམ་ཡིན་ཏེ་བུ་བུ་མོ་མེད་པ་ཡོད་མཁན།།

༣༡ དེ་ནས་ཐ་རཱས་རང་གི་བུ་ཨབ་རམ་དང་། རང་གི་བུ་ཧ་རན་གྱི་བུ་ལོད་དང་། རང་གི་བུ་ཨབ་རམ་གྱི་ཆུང་མ་ས་ར་ཡི་སྨྲ་མཁན་གྱི་མནའ་མ་ཁྲིད་དེ། འོ་ཡ་དང་མཉམ་པོ་ཀལ་དི་ཡུལ་ལ་ཡོད་པའི་ཨུར་ཡུལ་ལས་ཀ་ན་ཨན་ཡུལ་ལ་འགྲོ་ཅེས་ལ་ཕྱིན་ཏེ། ཧ་རན་ཡུལ་ལ་ཕྱིན་ཏེ་འོ་ལ་སྡོད་ཟིན།།

༣༢ ཐ་རཱ་ལོ་ཉི་བརྒྱ་དང་ལྔ་བསྡད་དེ་ཧ་རན་ཡུལ་ལ་འཆི་ཟིན།། །།

Your encouragement is valuable to us

Your stories help make websites like this possible.