མགོ་མ་ལེའུ་བཅུ་གཉིས་པ།

 དེ་ནས་ཡ་ཝྰེས་ཨབ་རམ་ལ་སྨྲ་ཟིན། ད་རང་གི་ཕ་ཡུལ་དང་། ཉེ་བ་ཡ་དང་། ཨ་ཕའི་ཁང་པ་ལས་ཐོན། ངས་ཁྱོད་ལ་སྟོན་མཁན་གྱི་ཡུལ་་སོང་།  ངས་ཁྱོད་ལ་རིགས་བརྒྱུད་མང་པོ་བཏང་སྟེ་ཁྱོད་ལ་བྱིན་གྱིས་བརླབས་ཏེ། ངས་ཁྱོད་ཀྱི་མིང་ཆེན་པོ་ཞིག་བཟོས་ཏེ། ཁྱོད་ནི་བྱིན་རླབས་ལ་འོང་ཆུག  (ཁྱོད་ནི་བྱིན་རླབས་སུ་གྱུར་ཅིག ། སུས་ཁྱོད་ལ་བྱིན་རླབས་གཏོང་མཁན་ལ་ངས་ཀྱང་བྱིན་རླབས་གཏོང་མཁན། སུས་ཁྱོད་ལ་དམོད་མོ་རྒྱབ་མཁན་ལ་ངས་ཀྱང་དམོད་མོ་རྒྱབ་མཁན། དེ་ནས་ཁྱོད་ལས་ས་གཞིའི་མི་རབས་གང་པོ་བྱིན་གྱིས་རློབ་མཁན། (བྱིན་གྱིས་རློབས་པར་འགྱུར་རོ་།སྨྲས་ཏེ་སྨྲ་ཟིན།།

 ཡ་ཝྰེའི་བཀའ་ཅོག་འདྲ་ཨབ་རམ་ལོད་དང་མཉམ་པོའགྲོ་ཟིན། ཨབ་རམ་ནི་ཧ་རན་ཡུལ་ལས་ཕྱིན་པའི་ཚེ་ལོ་བདུན་ཅུ་དོན་ལྔ་སླེབ་ཟིན།  ཡང་ཨབ་རམ་གྱིས་རང་གི་ཆུང་མ་ས་ར་ཡི་སྨྲ་མཁན་དེ་དང་། འོག་མའི་(ནོའི་)བུ་ལོད་དང་། བསགས་པའི་རྒྱུ་ནོར་གང་པོ་དང་། ཧ་རན་ཡུལ་་ཐོབ་པའི་མི་ཡ་ཁྲིད་དེ་ཀ་ན་ཨན་ཡུལ་ལ་འགྲོ་ཅེས་ལ་ཕྱིན་ཏེ། ཀ་ན་ཨན་ཡུལ་ལ་སླེབ་ཟིན།།

 དེ་ནས་ཡུལ་དེ་གི་ནང་ལ་རྒྱུ་སྟེ་ཨབ་རམ་སི་ཀེམ་སྨྲ་མཁན་གྱི་ས་ཆ་ལ་མོ་རེ་སྨྲ་མཁན་གྱི་བེ་ཤིང་ཐུག་ལ་སླེབ་ཟིན། འོ་ཙམ་གང་ལ་ཀ་ན་ཨན་པ་ཡ་ང་ཡུལ་ལ་གནས་ཟིན།།

 དེ་ནས་ཡ་ཝྰེ་ཨབ་རམ་གྱིས་མཐོང་བར་གྱུར་ཏེ་ཨབ་རམ་ལ། ཁྱོད་ཀྱི་བུ་བརྒྱུད་ལ་འདི་ཡུལ་གཏོང་མཁན། སྨྲས་ཏེ་སྨྲ་ཟིན། འོ་ལ་རང་གིས་མཐོང་བར་གྱུར་པའི་ཡ་ཝྰེ་ལ་མཆོད་ཁྲི་ཞིག་བཟོ་ཟིན།།

 དེ་ནས་བེད་ཨལ་གྱི་ཤར་ཕྱོགས་ལ་ཡོད་པའི་རི་ཞིག་ལ་ཕྱིན་ཏེ། བེད་ཨལ་གྱི་ནུབ་ཕྱོགས་དང་ཨ་འིའི་ཤར་ཕྱོགས་ལ་ཡོད་པའི་ས་ཆ་ཞིག་ལ་གུར་འཕུབ་ཟིན་དང་། འོ་ལ་ཁོས་ཡ་ཝྰེ་ལ་མཆོད་ཁྲི་ཞིག་བཟོས་ཏེ། ཡ་ཝྰེའི་མིང་ལཞུ་བ་ཞུ་ཟིན།།

 དེ་ནས་ཨབ་རམ་འགྲོ་འགྲོ་བ་ལས་ད་རུང་ལྷོ་ཕྱོགས་ལ་འགྲོ་ཟིན

༡༠ འོ་ཡུལ་གྱི་ནང་ལ་མུ་གེ་ཤོར་བས། ཨབ་རམ་བྱེས་ལ་གནས་ཅེས་ལ་མི་སེར་ཡུལ་ལ་འབབ་ཟིན། ཅི་ལས་སྨྲ་ན། ཡུལ་་མུ་གེ་འཇིགས་པོ་མང་པོ་འཆོར་ཅེས་ལ་ཡིན་པ།།

༡༡ དེ་ནས་མི་སེར་ཡུལ་ལ་འཇུག་ཅེས་བྱས་པའི་དུས་ཆུང་མ་ས་ར་ཡི་ལ་སྨྲ་ཟིན། ད་ཁྱོད་མཛེས་པོའི་བུད་མེད་ཅིག་ཡིན་པ་ངས་ཤེས་ཀོ་ནུ ༡༢ མི་སེར་པས་ཁྱོད་མཐོང་ན་ཁྱོད་ནི་ངའི་ཆུང་མ་ཡིན་པ་ཤེས་ཏེ། ང་བསད་དེ་ཁྱོད་གསོན་འཇུག་མཁན།།

༡༣ འོ་སོང་བས་ཁྱོད་ཀྱིས། ང་ནི་ཁོའི་ནུ་མོ་ཡིན། སྨྲས་ཏེ་སྨྲོས། ཅི་ལས་སྨྲ་ན། ང་ཁྱོད་ཀྱི་དོན་དག་ལ་བདེ་སྟེ་ཁྱོད་ཀྱི་དོན་དག་ལ་ངའི་སེམས་འཚོ་བར་འགྱུར་ཅེས་ལ་ཡིན་པ།།

༡༤ ཨབ་རམ་མི་སེར་ཡུལ་ལ་ཕྱིན་ཏེ། བུད་མེད་འཇིགས་པོ་རང་མཛེས་པོ་ཞིག་ཡིན་པ་མི་སེར་པས་མཐོང་ཟིན། ༡༥ ཕར་ཨོའི་རྒྱལ་ཕྲན་ཡ་གིས་ཀྱང་ས་ར་ཡི་ལ་མཐོང་སྟེ་ཕར་ཨོའི་མདུན་ལ་འོ་ལ་བསྟོད་པས། ཕར་ཨོའི་ཕོ་བྲང་ལ་བུད་མེད་འཁྱེར་ཟིན། ༡༦ ཕར་ཨོས་བུད་མེད་ཀྱི་ཆེད་དུ་ཨབ་རམ་ལ་ལྟ་རྟོགས་ཡག་པོ་བྱས་ཏེ། ཨབ་རམ་ལ་ལུག་དང་། བ་གླང་དང་། བོང་ཕོ་དང་། གཡོག་པོ་དང་། གཡོག་མོ་དང་། བོང་མོ་དང་། རྔ་མོང་་སྟེར་ཟིན། ༡༧ ཡིན་ནས་ཡ་ཝྰེས་ཕར་ཨོའི་ཁྱིམ་དང་མཉམ་པོ་ལ་ཨབ་རམ་གྱི་ཆུང་མ་ས་ར་ཡིའི་ཆེད་ཉེས་པ་ཆེན་པོ་ཡ་སྟེར་ཟིན། ༡༨ ཕར་ཨོས་ཨབ་རམ་བོས་ཏེ་ཁོ་ལ། ཁྱོད་ཀྱིས་ང་ལ་བྱས་པ་དེ་ཅི་ཡིན། འདི་ནི་ཁྱོད་ཀྱི་ཆུང་མ་ཡིན་པས་ཅི་ལས་ང་ལ་མ་སྨྲས། ༡༩ ཁྱོད་ཀྱིས། འདི་ནི་ངའི་ནུ་མོ་ཡིནསྨྲས་ཏེ། ཅི་ལས་ང་ལ་ཆུང་མ་བྱེད་ཅེས་བཅུག །ད་ལྟོས། ད་ལྟ་ཁྱོད་ཀྱི་ཆུང་མ་ཡོད་པས་ཁྲིད། སྨྲས་ཏེ་སྨྲ་ཟིན། ༢༠ ཕར་ཨོས་བཏང་བའི་མི་འོ་ཡ་གིས་ཨབ་རམ་དང་། ཆུང་མ་དང་། ཨབ་རམ་ལ་ཡོད་མཁན་གང་པོ་སྐྱེལ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.