ས་ཏན་གྱིས་ཡེ་ཤུ་ལ་ཉམས་དཔྱད་པ།
1 འོའི་རྗེས་ལ་(འོ་རྟིང་ལ་ ། དེ་ནས་།)བདུད་ཀྱིས་ཡེ་ཤུ་ལ་ཉམས་དཔྱོད་འཇུག་སྨྲས་ཏེ་(ཉམས་དཔྱོད་ཅེས་ལ་ ། ཉམས་དཔྱོད་པ་ལ་ ། ཉམས་དཔྱོད་ཅེས་སྨྲས་ཏེ་)རྣམ་པར་དག་པའི་ཐུགས་ཀྱིས་ཡེ་ཤུ་རི་སྐམ་པོ་ལ་(དབེན་སྟོང་ལ་)འཁྲིད་ཟིན། 2 རི་སྐམ་པོ་ལ་ཡེ་ཤུས་ཉི་མ་བཞི་བཅུ་དང་དགོང་མོ་བཞི་བཅུ་ཐུག་༼ཉི་མ་ཁལ་གཉིས་དང་དགོང་མོ་ཁལ་གཉིས་ཐུག་༽ཅི་ཡང་མ་བཟས་པ་བྱས་ཏེ་སྡོད་པ་དང་(སྡོད་མཁན་སྒང་ལ་)འཇིགས་པོར་ལྟོགས་ཟིན། 3 འོའི་རྗེས་ལ་(འོ་རྟིང་ལ་ ། དེ་ནས་)ཉམས་དཔྱོད་མཁན་དེ་ཡེ་ཤུའི་རྩར་ལ་འོངས་ཏེ། བདེན་པར་ཁྱོད་ནི་ཨལ་ལོ་ཧིམ་གྱི་བུ་ཡིན་ན་འདི་རྡོ་ཡ་ལ་འཁུར་བ་ལ་འགྲོ་འཇུག་སྨྲས་ཏེ་(འཁུར་བ་ལ་འགྲོ་ཅེས་ལ་ ། འཁུར་བ་ལ་འགྲོ་བ་ལ་ ། འཁུར་བ་ལ་འགྲོ་ཅེས་སྨྲས་ཏེ་)སྨྲ་དོང་། སྨྲས་ཏེ། བདུད་ཀྱིས། 4 ཡིན་ནས་ཡེ་ཤུས། ལྟོ་གཅིག་གིས་རང་མི་ལ་ཐར་མཁན་མིན་པ། ཡ་ཝྰེས་ཁ་ནས་སྨྲས་པའི་བཀའ་རེ་རེས་རང་ཐར་མཁན་ཡིན་པ། སྨྲས་ཏེ་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་ཡོད་པ། སྨྲས་ཏེ།།
5 འོ་ལས་བདུད་ཀྱིས་ཡེ་ཤུ་ནི་རྣམ་པར་དག་པའི་ཡེ་རུ་སྰ་ལེམ་སྨྲ་མཁན་གྱི་རྒྱལ་ས་ལ་ཁྲིད་དེ་ཡ་ཧུ་དྰ་པའི་མཆོད་ཁང་གི་ཐོག་ཤོས་ཀྱི་ས་ཆ་ལ་སྡོད་བཅུག་སྟེ། 6 བདེན་པར་ཁྱོད་ནི་ཨལ་ལོ་ཧིམ་གྱི་བུ་ཡིན་ན་འདི་ལས་མར་མཆོང་དོང་། ཅི་ལས་སྨྲ་ན། (ཅི་སྨྲ་ན།) ཨལ་ལོ་ཧིམ་གྱིས་ཁྱོད་ཀྱི་དོན་དག་ལ་(ཁྱོད་ཀྱི་ཆེད་དུ་)ཁོའི་ལོན་སྐྱེལ་མཁན་ཡ་ལ་གཏོང་ཅེས་ནུག དེ་ནས་ཁྱོད་ཀྱི་རྐང་པ་རྡོ་ལ་མ་འཕོག་འཇུག་སྨྲས་ཏེ་(རྡོ་ལ་མ་འཕོག་ཅེས་ལ་ ། རྡོ་ལ་མ་འཕོག་པ་ལ་ ། རྡོ་ལ་མ་འཕོག་ཅེས་སྨྲས་ཏེ་)ཁོང་གིས་ཁྱོད་ལ་ལག་པ་ལག་པ་ལ་འཛིན་ཅེས་ནུག སྨྲས་ཏེ་གསུང་རབ་ལ་བྲིས་ཡོད་པ། སྨྲས་ཏེ། བདུད་ཀྱིས། 7 ཡེ་ཤུས་ཁོ་ལ། ཡ་ཧུ་དྰ་པའི་གསུང་རབ་ལ་འདི་ཅོག་འདྲ་ཡང་བྲིས་ཡོད་པ། ཁྱོད་ཀྱིས་ཡ་ཝྰེ་རང་གི་ཨལ་ལོ་ཧིམ་ལ་ཉམས་དཔྱོད་མ་བྱེད། སྨྲས་ཏེ། ཡེ་ཤུས།།
8 དེ་ནས་གཉིས་པར་བདུད་ཀྱིས་ཡེ་ཤུ་རི་ཁ་མཐོན་པོ་གཅིག་ལ་ཁྱེར་ཏེ་འཛམ་བུ་གླིང་གི་རྒྱལ་སྲིད་རྒྱལ་སྲིད་ཀྱི་དཔལ་གང་པོ་ཁོ་ལ་བསྟན་ཏེ། 9 ཁྱོད་ཀྱིས་པུས་མོ་བཙུགས་ཏེ་ང་ལ་མཇལ་ན་འདི་གང་པོ་ངས་ཀྱིས་ཁྱོད་ལ་སྟེར་མཁན། སྨྲས་ཏེ། 10 འོའི་རྗེས་ལ་(འོ་རྟིང་ལ་ ། དེ་ནས་)ཡེ་ཤུས། ཨེ་ས་ཏན། འདི་ལས་སོང་། ཅི་ལས་སྨྲ་ན། (ཅི་སྨྲ་ན།) ཡ་ཧུ་དྰ་པའི་གསུང་རབ་ལ་འདི་ཅོག་འདྲ་བྲིས་ཡོད་པ། ཁྱོད་ཀྱིས་ཡ་ཝྰེ་རང་གི་ཨལ་ལོ་ཧིམ་གཅིག་ལ་མཇལ་དོང་། ཡ་ཝྰེ་གཅིག་ལ་ཞབས་ཕྱི་ཞུ་དོང་། སྨྲས་ཏེ། ཡེ་ཤུས།།
11 འོའི་རྗེས་ལ་(འོ་རྟིང་ལ་ ། དེ་ནས་)བདུད་ཀྱིས་ཡེ་ཤུ་ལ་དབྱུགས་བཞག་སྟེ་འགྲོ་ཟིན། དེ་ནས་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་ཡ་འོངས་ཏེ་ཡེ་ཤུ་ལ་ཞབས་ཕྱི་ཞུ་ཟིན།།
ཡེ་ཤུས་རང་གི་ལས་ཀ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགོ་བཙུགས་པ།
12 ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་བཙོན་ཁང་ལ་ཆུད་ནུག་སྨྲས་ཏེ་(བཙོན་ཁང་ལ་ཆུད་ཟིན་ནུག་སྨྲ་མཁན་གྱི་སྐད་ཆ་)ཐོས་ཐོས་པ་ལ་ཡེ་ཤུ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགྲོ་ཟིན། 13 ཡིན་ནས་༼རང་ཚར་བའི་༽ནྰ་ཙ་རེལ་ཡུལ་གྲུ་ལ་མིན་པ། ཀྰ་ཕར་ན་ཧུམ་གྲོང་ཁྱེར་ལ་སྡོད་ཅེས་ལ་(སྡོད་པ་ལ་ ། སྡོད་ཅེས་སྨྲས་ཏེ)འགྲོ་ཟིན། ཀྰ་ཕར་ན་ཧུམ་གྲོང་ཁྱེར་དེ་ཟེ་བུ་ལུན་དང་ནྰབ་ཐ་ལི་ས་གནས་ཀྱི་མཚོའི་ཟུར་ལ་ཡོད་མཁན། 14 འོ་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་ཤ་ཡས་མངོན་ཤེས་བཤད་དེ་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོང་ཟིན།
15 ཨེ་ཡོར་དན་གཙང་པོའི་ཕར་ཀན་མཚོའི་ཟུར་ལ་སྡོད་མཁན་གྱི་ཟེ་བུ་ལུན་དང་ནྰབ་ཐ་ལི་ས་གནས་ཀྱི་མི་ཡ།།
ཁྱེད་ག་ལིལ་ས་གནས་ལ་སྡོད་མཁན་གྱི་བརྒྱུད་པ་གཞན་པའི་མི་ཡ།།
16 ནག་ཁུང་ལ་སྡོད་མཁན་གྱི་མི་ཡ་གིས་འོད་ཆེན་མོ་ཞིག་(འོད་ཟེར་ཆེན་མོ་ཞིག་)མཐོང་ཡོད་མཁན།།
འཆི་མཁན་གྱི་འཇིགས་པ་འཁྱེར་མཁན་དང་ནག་ཁུང་ལ་སྡོད་མཁན་གྱི་མི་ཡ་གི་ཐོག་ལ་འོད་ཆེན་མོ་ཞིག་(འོད་ཟེར་ཆེན་མོ་ཞིག་)ཐེབས་ཡོད་མཁན།།
སྨྲས་ཏེ་མངོན་ཤེས་བཤད་དེ་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།།
17 འོ་ཉི་མ་ཡིན་འཇུག་(དུས་དེ་ནས་བཟུང་)ཡེ་ཤུས་འདི་ཅོག་འདྲ་སྨྲས་ཏེ་ཤོད་ཅེས་འགོ་འཛུགས་ཟིན། ཁྱེད་ཀྱིས་འགྱོད་པ་སྐྱེས་ཏེ་ངོ་ལོག་སྤོང་དོང་། ད་ནི་ཨལ་ལོ་ཧིམ་གྱིས་རྒྱལ་པོ་བྱེད་མཁན་གྱི་དུས་ཚོད་སླེབ་ཅེས་བྱེད་ཟིན། ༼ད་ནི་ནམ་མཁའི་རྒྱལ་སྲིད་ཀྱི་དུས་ཚོད་སླེབ་ཅེས་བྱེད་ཟིན།༽ སྨྲས་ཏེ་ཤོད་ཅེས་འཛུགས་ཟིན།།
ཡེ་ཤུས་ཉ་འཛིན་མཁན་གྱི་མི་ཡ་ལ་སྐད་བརྒྱབ་སྟེ་རང་གི་ཉེ་གནས་བཟོས་པ།
18 དེ་ནས་ག་ལིལ་སྨྲ་མཁན་གྱི་མཚོའི་ཟུར་ཟུར་ལ་འགྲོ་བ་དང་(ཟུར་ཟུར་ལ་འགྲོ་མཁན་སྒང་ལ་)ཡེ་ཤུས་ཉ་འཛིན་མཁན་གྱི་མི་གཉིས་ཆུ་ལ་དྲ་བ་༼ཉ་འཛིན་མཁན་གྱི་བྱད་ལག་༽གཡུགས་སྡོད་མཁན་མཐོང་ཟིན། ཁོང་སྤུན་གཉིས་པེ་ཏྲོ་སྨྲ་མཁན་གྱི་སི་མོན་དང་ཁོའི་འོག་མ་ཨན་དྲེ་ཡྰ་ཡིན་མཁན། 19 དེ་ནས་ཡེ་ཤུས་ཁོང་གཉིས་ལ། ངའི་རྗེས་བསྙེགས་ཏེ་ཤོག ངས་ཀྱིས་ཁྱེད་ལ་མི་ལ་འཛིན་མཁན་གྱི་ཉ་པ་བཟོ་ཅེས་ནུག 20 འདི་ཐོས་ལོང་མེད་པ་རང་ཁོང་གཉིས་ཀྱིས་རང་གི་དྲ་བ་ཡ་ལ་འོ་ལ་རང་དབྱུགས་བཞག་སྟེ་ཡེ་ཤུའི་རྗེས་བསྙེགས་ཏེ་འགྲོ་ཟིན།།
21 འོ་ལས་འགྲོ་བ་དང་(འགྲོ་འགྲོ་མཁན་སྒང་ལ་ ། འགྲོ་མཁན་རང་བྱེད་པ་དང་)ཡེ་ཤུས་ཟེ་བད་ཡྰ་སྨྲ་མཁན་གྱི་མིའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན་ལ་མཐོང་ཟིན། ཁོང་གཉིས་ཨ་ཕ་མཉམ་པོ་གྲུ་ལ་བསྡད་དེ་དྲ་བ་གླན་ཏེ་བསྡད་པ་མཐོང་ཟིན། དེ་ནས་ཡེ་ཤུས་ཁོང་སྤུན་གཉིས་ལ་ཡང་སྐད་རྒྱབ་ཟིན། 22 ཡེ་ཤུས་སྐད་རྒྱབ་ལོང་མེད་པ་རང་ཁོང་གཉིས་ཀྱི་ཨ་ཕ་ལ་གྲུ་ལ་རང་དབྱུགས་བཞག་སྟེ་ཡེ་ཤུའི་རྗེས་བསྙེགས་ཏེ་འགྲོ་ཟིན།།
ཡེ་ཤུས་བསླབས་ཏེ་ནད་པ་ཡ་ལ་དྲག་བཅུག་པ། (ནད་པ་ཡ་ལ་འདྲུབས་པ།)
23 འོ་ལས་ཡེ་ཤུས་ག་ལིལ་ས་གནས་ལ་ས་ཆ་ས་ཆ་ལ་སྐོར་བ་བརྒྱབ་སྟེ་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཕྱིན་ཏེ་བསླབས་ཏེ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་དག་ལ་(རྒྱལ་སྲིད་ཀྱི་སྐོར་ལ)ལོན་བཟང་ཤོད་ཟིན། སྣ་མང་མོའི་ན་ཚ་བརྒྱབ་པའི་མི་ཡ་ལ་དྲག་འཇུག་ཟིན། (འདྲུབ་ཟིན།) 24 ཡེ་ཤུའི་སྐད་ཆ་ག་ལིལ་སྨྲ་མཁན་གྱི་ས་གནས་ཀྱི་འགྲམ་ལ་ཡོད་མཁན་གྱི་སིར་ཡྰ་ལུང་པ་ལ་ཡང་འགྲེམ་ཟིན། མི་ཡ་གིས་ཡིན་ཚད་མིན་ཚད་ན་ཚ་བརྒྱབ་པའི་མི་ཡ་ལ་ཡེ་ཤུའི་རྩར་ལ་འཁྱེར་ཟིན། འདྲེ་ཞུགས་པའི་མི་ཡ། མཛེ་ན་ཚ་བརྒྱབ་པའི་མི་ཡ། རྐང་པ་ལག་པ་ཤོར་བའི་མི་ཡ། དེ་ནས་ཡེ་ཤུས་ཁོང་ལ་དྲག་འཇུག་ཟིན། (འདྲུབ་ཟིན།) 25 འོ་སོང་བས་མི་མང་མོ་ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན། ག་ལིལ་ས་གནས་ཀྱི་མི། གྲོང་ཁྱེར་བཅུ་སྨྲ་མཁན་གྱི་སའི་མི། ཡེ་རུ་སྰ་ལེམ་རྒྱལ་སའི་མི། ཡ་ཧུ་དྰ་མངའ་སྡེའི་མི། ཡོར་དན་གཙང་པོའི་ཕར་ཀན་གྱི་མི་ཡ་ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན།། །།