མད་ཐྰ་ལེའུ་བཅུ་གསུམ་པ།

སོན་བཏབ་པའི་སྐད་ཆ་ལ་དཔེ་བཞག་སྟེ་སློབ་ཆུང་བསྟེར་བ།
1 འོ་ཉི་མ་རང་ཡེ་ཤུ་འོ་ཁྱིམ་ལས་ཐོན་ཏེ་མཚོའི་ཟུར་ལ་ཕྱིན་ཏེ་སྡོད་ཟིན། 2 དེ་ནས་ཡེ་ཤུའི་རྩར་ཟུར་ལ་མི་མང་མོ་རང་འཛོམ་འོངས་པ་སོང་བས་ཡེ་ཤུ་གྲུ་གཅིག་ལ་འཛེགས་ཏེ་སྡོད་ཟིན། མི་བུངས་ཅག་ནི་(མི་མི་མང་ཅག་དེ་ ། མི་མང་མོ་ཅག་དེ་)མཚོའི་ཟུར་ལ་ལངས་ཏེ་སྡོད་ཟིན། 3 དེ་ནས་ཡེ་ཤུས་དཔེ་བཞག་སྟེ་སྐད་ཆ་མང་མོ་རང་སྨྲ་ཟིན། (དེ་ནས་ཡེ་ཤུས་གཏམ་ཅག་དཔེ་བཞག་སྟེ་སྐད་ཆ་མང་མོ་རང་སློབ་ཟིན།)
ཡེ་ཤུས་ཁོང་ལ། ཉན་དོང་། མི་གཅིག་རང་གི་ཞིང་ལ་སོན་འདེབས་འགྲོ་ཟིན་ནུག་ལོ། 4 དེ་ནས་སོན་འདེབས་པ་དང་(སོན་འདེབས་འདེབས་པ་སྒང་ལ་ ། སོན་འདེབས་མཁན་སྒང་ལ་)སོན་རེ་འགའ་ལམ་ལ་ཕར་སླེབ་ཟིན་ནུག་ལོ། དེ་ནས་བྱིའུ་ཅག་གིས་འོངས་ཏེ་ཟ་ཟིན་ནུག་ལོ།
5 སོན་རེ་འགའ་རྡོའི་ཁ་ཅག་ལ་ཡང་སླེབ་ཟིན་ནུག་ལོ། འོ་ལ་སོན་སྐྱེ་ཅེས་ནི་མགྱོགས་པར་སྐྱེ་ཟིན། ཡིན་ནས་ས་ས་མང་མོ་མེད་པ་སོང་བས་ 6 ཉི་མ་ཤར་ཤར་བ་ལ་(ཉི་མ་འཆར་ཟིན་ཏེ་ ། ཉི་མ་འཆར་ཟིན་ཏེ་རྗེས་ལ་)འོ་སྡོང་པོ་ཅག་གི་རྩ་བ་ས་ལ་རྒྱོང་མ་ཁུགས་པས་བསྐམས་ཏེ་འཆི་ཟིན་ནུག་ལོ། (སོན་རེ་འགའ་རྡོའི་ཁ་ཅག་ལ་ཡང་སླེབ་ཟིན་ནུག་ལོ། འོ་ལ་ས་ས་མང་མོ་མེད་པ་སོང་བས་སོན་སྐྱེ་ཅེས་ནི་མགྱོགས་པར་སྐྱེ་ཟིན། ཡིན་ནས་འོ་སྡོང་པོ་ཅག་གི་རྩ་བ་ས་ལ་རྒྱོང་མ་ཁུགས་པ་སོང་བས་ཉི་མ་ཤར་ཤར་བ་ལ་རྩ་བ་བསྐམས་ཏེ་འཆི་ཟིན་ནུག་ལོ།)
7 སོན་རེ་འགའ་དེ་ཚེར་མའི་སྡོང་པོའི་ནང་ཅག་ལ་ཡང་སླེབ་ཟིན་ནུག་ལོ། ཡིན་ནས་ཚེར་མའི་སྡོང་པོ་ཅག་མགྱོགས་པར་ཚར་བ་སོང་བས་ད་རེ་སྐྱེས་པའི་སྡོང་པོ་ཅག་འཆི་ཟིན་ནུག་ལོ།
8 ཡིན་ནས་ས་ས་འཇམ་པོའི་ཁ་ལ་ཡང་སོན་རེ་འགའ་དེ་སླེབ་ཟིན་ནུག་ལོ། དེ་ནས་འོ་ལ་སླེབས་པའི་སོན་དེ་སྐྱེས་ཏེ་སྡོང་པོ་ཚར་ཏེ་སྙེ་མ་རེ་རེ་ལ་འབྲུ་རྡོག་(འབྲུ་རིགས་)མང་མོ་བཙའ་ཟིན། རེ་འགའ་ལ་འབྲུ་རྡོག་བརྒྱ་གཅིག  རེ་འགའ་ལ་འབྲུ་རྡོག་དྲུག་ཅུ། ༼ཁལ་གསུམ།༽ རེ་འགའ་ལ་འབྲུ་རྡོག་སུམ་བཅུ་ཅོག་འདྲ་༼ཁལ་ཕྱེད་དང་གཉིས་ཅོག་འདྲ་༽བཙའ་ཟིན་ནུག་ལོ།།
9 ཨེ་མི་གང་པོ། ངས་ཀྱིས་སྟེར་མཁན་གྱི་སློབ་ཆུང་ཅག་ལ་ཉན་གོ་ཞོག  སྨྲས་ཏེ། ཡེ་ཤུས།།
ཡེ་ཤུས་ཅི་ལས་གཏམ་དཔེ་བཞག་སྟེ་སློབ་ཆུང་བསྟེར་བ།
10 དེ་ནས་ཉེ་གནས་ཅག་(སློབ་མ་ཅག་)ཡེ་ཤུ་ས་ལ་(ཡེ་ཤུའི་རྩར་ལ་)འོངས་ཏེ། ཅི་ལས་ཁྱོད་ཀྱིས་མི་ཅག་ལ་སློབ་ཆུང་སྟེར་བ་དང་(སློབ་ཆུང་སྟེར་མཁན་སྒང་ལ་)དཔེ་བཞག་སྟེ་སློབ་མཁན། སྨྲས་ཏེ། 11 ཡེ་ཤུས་ཁོང་ལ། ནམ་མཁའི་རྒྱལ་སྲིད་ལ་ནང་གཏམ་ཅག་ནི་ཁྱེད་ལ་ཧ་གོ་འཇུག་མཁན། ཡིན་ནས་ཁོང་ལ་དེ་ཧ་མི་གོ་མཁན། 12 ཅི་ལས་སྨྲ་ན། ཡོད་མཁན་གྱི་མི་ལ་ད་རུང་ཡང་འབྱོར་ཅེས་ནུག  དེ་ནས་ཁོ་མཉམ་པོ་མང་མཁན་ཐུག་འོང་ཅེས་ནུག  མེད་པའི་མི་དེ་ལ་ནི་སུད་པ་ཞིག་ཡོད་མཁན་དེ་ཡང་སྟོར་ཏེ་འགྲོ་ཅེས་ནུག 13 འོ་སོང་བས་ངས་ཀྱིས་མི་ཅག་ལ་སློབ་ཆུང་སྟེར་བ་དང་(སློབ་ཆུང་སྟེར་མཁན་སྒང་ལ་)དཔེ་བཞག་སྟེ་སློབ་མཁན། ཅི་ལས་སྨྲ་ན་མི་ཅག་གིས་མཐོང་སྟེ་ཡང་ཧ་མི་གོ་བས། ཐོས་ཏེ་ཡང་ངོ་མི་ཤེས་པས། 14 ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་ཤ་ཡས་སྨྲས་བཞག་པའི་འདི་སྐད་ཆ་ཁོང་ལ་འགྲིག་འོང་གོ་ནུག
ཁྱེད་ཀྱིས་ནི་ཉན་ཏེ་བསྡད་དེ་ཡང་ངོ་མི་ཤེས་པས།།
བལྟས་ཏེ་བསྡད་དེ་ཡང་ནམ་ཡང་མི་མཐོང་བས།།
15 ཅི་ལས་སྨྲ་ན། འདི་བརྒྱུད་པའི་མི་ཅག་གི་སེམས་ནི་རྡོ་ཅོག་འདྲ་འགྲོ་ཟིན་ནུག །
ཁོང་གི་རྣ་མཆོག་ཀྱང་འཐུག་པ་འགྲོ་ཟིན་ནུག །
ཁོང་གི་མིག་བཙུམ་སྟེ་སྡོད་ཀོ་ནུག །
གཞན། ཁོང་གིས་ཉན་ཏེ་མཐོང་སྟེ་ངོ་ཤེས་ཅེས་ཡོད་མཁན།།
དེ་ནས་རང་གི་སེམས་ངའི་ངོས་ལ་འགྱུར་ཅེས་ཡོད་མཁན།།
དེ་ནས་ངས་ཀྱིས་ཁོང་ལ་དྲག་འཇུག་ཅེས་ཡོད་མཁན།། ༼སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུག༽
སྨྲས་ཏེ་ཡེ་ཤ་ཡས་སྨྲས་བཞག་པ་ནུག་པ།།
16 ཡིན་ནས་ཁྱེད་ནི་སེམས་སྐྱིད་པོ་ཡིན་པ། ཁྱེད་ཀྱིས་མཐོང་སྟེ་ཧ་གོ་འོ་ནུག  སྐད་ཆ་ལ་ཉན་ཏེ་ངོ་ཤེས་འོ་ནུག 17 ངས་ཀྱིས་ཁྱེད་ལ་བདེན་པར་སྨྲ་མཁན། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་དང་དྲང་པོར་བྱེད་མཁན་གྱི་མི་གཞན་པ་མང་མོས་ཁྱེད་ཀྱིས་མཐོང་བའི་ལས་ཀ་ཅག་ལྟ་ཅེས་སེམས་བྱས་པ། ཁོང་གིས་ནི་མཐོང་མ་མྱངས། ཁྱེད་ཀྱིས་ཐོས་པའི་སྐད་ཆ་ལ་ཉན་ཅེས་སེམས་བྱས་པ། ཁོང་གིས་ཉན་མ་མྱངས། སྨྲས་ཏེ། ཡེ་ཤུས།།
སོན་བཏབ་པའི་དཔེའི་དོན་དག་སྒྲ་གསལ་བ།
18 ༼དེ་ནས་གཉིས་པར་ཡེ་ཤུས།༽ ད་ནི་སོན་བཏབ་པའི་དཔེའི་དོན་དག་ཉན་དོང་།
19 རེ་འགའ་ཡིས་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་དོན་ལ་བཤད་པའི་བཀའ་ལ་ཉན་ཏེ་ཡང་ངོ་མི་ཤེས་མཁན། ཁོང་ནི་ལམ་ལ་སླེབས་པའི་སོན་ཅོག་འདྲ་ཡིན་པ། ངན་པར་བྱེད་མཁན་དེ་འོངས་ཏེ་ཁོང་གི་སེམས་ལ་བཏབ་པའི་སྐད་ཆ་བླངས་ཏེ་འཁྱེར་མཁན།
20 དེ་ནས་རྡོའི་ཁ་ཅག་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པ་སྨྲ་ན། རེ་འགའ་ཡིས་ཨལ་ལོ་ཧིམ་གྱི་བཀའ་ཐོས་ལོང་མེད་པ་རང་དགེ་བ་བྱས་ཏེ་སེམས་ལ་ལེན་མཁན། 21 ཡིན་ནས། ཁོང་རྩ་བ་མེད་པའི་སྡོང་པོ་ཅོག་འདྲ་འོང་མཁན། ཁོང་གིས་ཉི་མ་སུད་པ་ཞིག་ཐུག་དེ་རང་ཨལ་ལོ་ཧིམ་ལ་བློ་འགེལ་མཁན། དེ་ནས་ཨལ་ལོ་ཧིམ་གྱི་བཀའ་ཡིས་བྱས་ཏེ་(བཀའ་དེའི་རྐྱེན་གྱིས་)ཅི་ཡང་ཁག་པོ་འོང་བ་དང་ཨལ་ལོ་ཧིམ་ལ་དད་པ་ལོག་མཁན།
22 དེ་ནས་ཚེར་མའི་སྡོང་པོ་ཅག་གི་ནང་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པ་སྨྲ་ན། རེ་འགའ་ཡིས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཅེས་ནི་ཉན་མཁན། དེ་ནས་མྱ་ངན་བྱས་ཏེ། རྒྱུ་ལ་སེམས་བཏང་སྟེ། ཉམས་བྱས་ཏེ་སྡོད་མཁན་གྱི་སེམས་སྐྱེས་ཏེ་སེམས་གང་པོ་འོ་ལ་རང་འགྱུར་མཁན། འདི་ཅོག་འདྲ་བྱས་ཏེ་ཁོང་གིས་འབྱོར་བའི་སྐད་ཆ་ཚེར་མ་ཅག་གི་ནང་ལ་སྐྱེས་པའི་ནས་ཀྱི་སྡོང་པོ་ཅོག་འདྲ་ཤི་སྟེ་འབྲུ་རྡོག་གཅིག་ཀྱང་མི་བཙའ་མཁན།
23 དེ་ནས་ས་ས་འཇམ་པོ་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པ་སྨྲ་ན། རེ་འགའ་ཡིས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཏེ་ངོ་ཤེས་ཏེ་སེམས་ལ་འཇོག་མཁན། ཨལ་ལོ་ཧིམ་ལ་ཡག་པོ་གནས་མཁན་གྱི་ལས་ཀ་ཅག་བྱེད་མཁན། རེ་འགའ་དེ་གིས་སྙེ་མ་གཅིག་ལ་འབྲུ་རྡོག་བརྒྱ་གཅིག་བཙའ་མཁན་ཅོག་འདྲ་ལས་ཀ་ཡག་པོ་མང་མོ་བྱེད་མཁན། རེ་འགའ་དེ་སྙེ་མ་གཅིག་ལ་འབྲུ་རྡོག་དྲུག་ཅུ་༼ཁལ་གསུམ་༽བཙའ་མཁན་ཅོག་འདྲ་འོང་མཁན། རེ་འགའ་དེ་སྙེ་མ་གཅིག་ལ་འབྲུ་རྡོག་སུམ་བཅུ་༼ཁལ་ཕྱེད་དང་གཉིས་༽བཙའ་མཁན་ཅོག་འདྲ་འོང་མཁན། སྨྲས་ཏེ་ཡེ་ཤུས་ཧ་གོ་འཇུག་ཟིན།།
དགྲ་ཡིས་ནས་ཀྱི་ནང་ལ་ཡུག་པོ་(རྩྭ་ངན་)བཏབ་པའི་དཔེ།
24 དེ་ནས་གཉིས་པར་ཡེ་ཤུས་དཔེ་གཞན་པ་གཅིག་བཞག་སྟེ་སློབ་ཆུང་སྟེར་ཟིན། ནམ་མཁའི་རྒྱལ་སྲིད་ནི་འདི་དཔེ་ལ་ཅོག་འདྲ་འོང་གོ་ཡོད།
མི་གཅིག་གིས་རང་གི་ཞིང་ལ་ནས་ཀྱི་སོན་ཡག་པོ་འདེབས་ཟིན་ནུག་ལོ། 25 ཡིན་ནས་དགོང་མོ་མི་གང་པོ་ཉལ་སྡོད་མཁན་གྱི་དུས་ཚོད་ལ་ཁོའི་དགྲ་འོངས་ཏེ་ཞིང་ལ་ཡུག་པོའི་སོན་(རྩྭ་ངན་ ། རྩྭ་ལྡུམ་)བཀྲམས་འཇོག་ཟིན་ནུག་ལོ། 26 འོ་ལས་ནས་ཚར་ཏེ་འོངས་ཏེ་འབྲུ་རྡོག་འདོགས་པ་དང་ནི་(འབྲུ་རྡོག་འདོགས་མཁན་སྒང་ལ་ནི་)ཡུག་པོ་ཅག་ཀྱང་ཚར་བ་མཐོང་ཟིན་ནུག་ལོ། 27 དེ་ནས་ཞིང་ལ་ལས་ཀ་བྱེད་མཁན་གྱི་གཡོག་པོ་ཅག་བདག་པོ་ས་ལ་(བདག་པོའི་རྩར་ལ་)འོངས་ཏེ་ཁོ་ལ། བདག་པོའི་ཞིང་ལ་སོན་ཡག་པོ་ཁ་རྐྱང་བཏབ་པ་མིན་ནམ། འདི་ཡུག་པོ་ཅག་ག་འདྲ་བྱས་ཏེ་སྐྱེས་པ་ཡིན་ནམ། སྨྲས་ཏེ། 28 དེ་ནས་བདག་པོས། སུ་ཡང་དགྲ་འོངས་ཏེ་བཀྲམས་བཞག་པ་ཡིན་འགྲོ། སྨྲས་ཏེ་སྨྲས་སྨྲས་པ་ལ་(སྨྲས་ཏེ་སྨྲ་ཟིན་ཏེ་ ། སྨྲས་ཏེ་སྨྲ་ཟིན་ཏེ་རྗེས་ལ་)ཞིང་ལ་ལས་ཀ་བྱེད་མཁན་གྱི་གཡོག་པོ་ཅག་གིས། འོ་ན་ངེད་ཕྱིན་ཏེ་ཡུག་པོ་ཅག་འབུད་ཏོང་། སྨྲས་ཏེ་འདྲི་ཟིན་ནུག་ལོ། 29 ཡིན་ནས་ཞིང་གི་བདག་པོས། ད་ལྟ་འབུད་མ་འགྲོ། ཡུག་པོ་ཅག་འབུད་ན་ནི་འཛོལ་ཏེ་ནས་ཅག་ཀྱང་འབུད་འོང་། 30 ནས་སྒྲུག་མཁན་གྱི་དུས་ཚོད་མ་ཕྱིན་ཐུག་གཉིས་ཀ་ལ་མཉམ་པོ་མཉམ་པོ་འཚར་འཇུག་དོང་། འོ་ལས་ནས་སྒྲུག་མཁན་གྱི་དུས་ཚོད་ལ་ངས་ཀྱིས་སྒྲུག་མཁན་གྱི་ལས་མི་ཅག་ལ། གདོང་ལ་ཡུག་པོ་ཅག་རུབ་བྱས་ཏེ་ཕོན་པོ་བསྡམས་ཏེ་མེ་ལ་སྲེག་དོང་། འོ་ལས་ནས་དེ་བསྡུས་ཏེ་མཛོད་ལ་བླུགས་ཏེ་ཞོག  སྨྲས་ཏེ་སྨྲ་མཁན། སྨྲས་ཏེ་འོ་བདག་པོས་སྨྲ་ཟིན་ནུག་ལོ།།
ཡུངས་ཀར་གྱི་སོན་དང་འཁུར་བའི་ཕབས་ཀྱི་དཔེ།
31 དེ་ནས་གཉིས་པར་ཡེ་ཤུས་དཔེ་གཞན་པ་གཅིག་བཞག་སྟེ་སློབ་ཆུང་སྟེར་ཟིན། ནམ་མཁའི་རྒྱལ་སྲིད་ནི་འདི་ཅོག་འདྲ་འོང་མཁན། མི་གཅིག་གིས་རང་གི་ཞིང་ལ་ཡུངས་ཀར་གྱི་སོན་བཏབ་འཇོག་མཁན། 32 ཡུངས་ཀར་གྱི་སོན་དེ་སོན་ཅག་གི་ནང་ལ་གང་པོ་སྨྲས་ཏེ་ཆད་མ་(གང་པོ་ལས་ཆད་མ་)ཡོད་ན་ཡང་སྐྱེས་ཏེ་ཚར་ཏེ་འགྲོ་མཁན། དེ་ནས་སྡོང་པོ་དེ་ཞིང་ལ་འཛུགས་མཁན་གྱི་སྔོ་ཚོད་ཅག་གི་ནང་ལ་གང་པོ་སྨྲས་ཏེ་ཆེན་མོ་(གང་པོ་ལས་ཆེ་བ་)འགྲོ་མཁན། དེ་ནས་བྱ་བྱིའུ་ཅག་འོངས་ཏེ་ཡལ་ག་ཅག་གི་ནང་ལ་ཚང་བཟོ་མཁན། ༼ནམ་མཁའི་རྒྱལ་སྲིད་ནི་འོ་ཅོག་འདྲ་འོང་མཁན།༽ སྨྲས་ཏེ། ཡེ་ཤུས།།
33 དེ་ནས་གཉིས་པར་ཡང་ཡེ་ཤུས་དཔེ་གཞན་པ་གཅིག་བཞག་སྟེ་སྨྲ་ཟིན། གཉིས་པར། ནམ་མཁའི་རྒྱལ་སྲིད་ནི་ཕབས་༼རྩམ་པ་ལ་འབུར་མཁན་གྱི་ཅ་ལག་(བྱད་ལག་)༽ཅོག་འདྲ་འོང་མཁན། དཔེ་ཡིན་ན། བུད་མེད་གཅིག་གིས་ཕབས་སུད་པ་ཞིག་བླངས་ཏེ་རྩམ་པ་བྲེ་གསུམ་ཙམ་ལ་བསྲེས་འཇོག་མཁན། དེ་ནས་འོ་ཕབས་སུད་པ་ཞིག་གིས་བྱས་ཏེ་འཁུར་བ་གང་པོ་འབུར་མཁན། ༼ནམ་མཁའི་རྒྱལ་སྲིད་ནི་འོ་ཅོག་འདྲ་འོང་མཁན།༽ (ནམ་མཁའི་རྒྱལ་སྲིད་ནི་ཕབས་ཅོག་འདྲ་འོང་མཁན། དཔེ་ཡིན་ན། བུད་མེད་གཅིག་གིས་ཕབས་སུད་པ་ཞིག་བླངས་ཏེ་རྩམ་པ་བྲེ་གསུམ་ཙམ་ལ་སྲེ་མཁན། དེ་ནས་འོ་རྩམ་པ་གང་པོ་འབུར་ཏེ་འོང་མཁན།) སྨྲས་ཏེ། ཡེ་ཤུས།།
34 འོ་སྐད་ཆ་གང་པོ་རང་ཡེ་ཤུས་གཏམ་གཞན་དག་ལ་དཔེ་བཞག་སྟེ་མི་ཅག་ལ་སློབ་ཟིན། དཔེ་བཞག་སྟེ་མིན་པ། ཡེ་ཤུས་མི་ཅག་ལ་སློབ་ཆུང་མ་སྟེར། 35 འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོང་ཟིན། (དེ་ནས་འདི་ཅོག་འདྲ་བྱས་ཏེ་ཨལ་གྱི་སྐད་ཆ་ཤོད་མཁན་གྱིས་སྨྲས་པའི་འདི་སྐད་ཆ་དོན་དག་འགྲུབ་ཟིན།)
ངས་ཀྱིས་ཁྱེད་ལ་གཏམ་དཔེ་བཞག་སྟེ་ཤོད་ཅེས་ནུག ། (ངས་ཀྱིས་ཁྱེད་ལ་དཔེ་བཞག་སྟེ་གཏམ་ཤོད་ཅེས་ནུག །)
འཛམ་བུ་གླིང་ཆགས་མཁན་ཡིན་འཇུག་(ཆགས་མཁན་ཕྱིན་ཆད་)སུས་ཀྱང་རྒྱུས་མ་འབྱོར་བའི་སྐད་ཆ་ཅག་ངས་ཀྱིས་གཏམ་དཔེ་བཞག་སྟེ་སྒྲ་གསལ་ཅེས་ནུག །
སྨྲས་ཏེ་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།།
ནས་ཀྱི་ནང་ལ་ཡུག་པོ་སྐྱེས་པའི་དཔེའི་དོན་དག་སྒྲ་གསལ་བ།
36 འོའི་རྗེས་ལ་ཡེ་ཤུས་མི་ཅག་ལ་དབྱུགས་བཞག་སྟེ་ཁྱིམ་གྱི་ནང་ལ་འཇུག་ཟིན། དེ་ནས་ཉེ་གནས་ཅག་(སློབ་མ་ཅག་)འོངས་ཏེ་ཡེ་ཤུ་ལ། ངེད་ལ་ཡུག་པོའི་དཔེའི་དོན་དག་ཤོད་ཏོང་། སྨྲས་ཏེ། 37 ཡེ་ཤུས་ཁོང་ལ། སོན་ཡག་པོ་འདེབས་མཁན་གྱི་མི་དེ་མིའི་བུ་ཡིན་པ། 38 ཞིང་དེ་འདི་འཛམ་བུ་གླིང་ཡིན་པ། སོན་ཡག་པོ་ཅག་དེ་ཨལ་ལོ་ཧིམ་གྱི་དབང་ལ་སྡོད་མཁན་གྱི་མི་ཅག་ཡིན་པ། ཡུག་པོ་ཅག་དེ་ངན་པར་བྱེད་མཁན་དེ་གི་དབང་ལ་སྡོད་མཁན་གྱི་མི་ཅག་ཡིན་པ། 39 ཡུག་པོ་བཏབ་འཇོག་མཁན་གྱི་དགྲ་དེ་བདུད་དེ་ཡིན་པ། ནས་བསྒྲུགས་ཏེ་ནང་ལ་འཁྱོང་མཁན་གྱི་དུས་ཚོད་དེ་འཛམ་བུ་གླིང་སྟོངས་མཁན་གྱི་ཉི་མ་ཡིན་པ། ནས་སྒྲུག་མཁན་གྱི་ལས་མི་ཅག་དེ་ཨལ་ལོ་ཧིམ་གྱི་ལོན་འཁྱེར་མཁན་ཅག་ཡིན་པ། 40 ནས་སྒྲུག་མཁན་གྱི་ལས་མི་ཅག་གིས་ཡུག་པོ་ཅག་ཕུད་དེ་མེ་ལ་སྲེག་མཁན། དེ་ནས་འཛམ་བུ་གླིང་སྟོངས་མཁན་གྱི་ཉི་མ་ལ་འོ་འདྲ་རང་འོང་ཅེས་ནུག 41 མིའི་བུས་རང་གི་ལོན་འཁྱེར་མཁན་ཅག་ལ་གཏོང་ཅེས་ནུག  དེ་ནས་ཁོང་གིས་ཁོའི་རྒྱལ་སྲིད་ལ་ཞུགས་པའི་ལས་ཀ་ངན་པ་བྱེད་མཁན་དང་མི་གཞན་པ་ལ་བྱེད་འཇུག་མཁན་གྱི་མི་གང་པོ་ལ་རུབ་བྱས་ཏེ་ 42 ཁོང་ལ་མེ་དོང་གི་ནང་ལ་དབྱུགས་རྫོང་ཅེས་ནུག  འོ་ལ་ཁོང་སོ་མུར་ཏེ་མུར་ཏེ་ངུས་ཏེ་སྡོད་ཅེས་ནུག 43 དྲང་པོར་བྱེད་མཁན་གྱི་མི་ཅག་ནི་༼ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་མཁན་གྱི་མི་ཅག་ནི་༽རང་གི་ཨ་ཕའི་རྒྱལ་སྲིད་ལ་སླེབས་ཏེ་ཉི་མ་ཅོག་འདྲ་རང་འོད་ཟེར་བརྒྱབ་སྟེ་སྡོད་ཅེས་ནུག  ཨེ་མི་གང་པོ། ངས་ཀྱིས་སྟེར་མཁན་གྱི་སློབ་ཆུང་ཅག་ལ་ཉན་གོ་ཞོག  སྨྲས་ཏེ། ཡེ་ཤུས།།
ཞིང་ལ་སྦས་བཞག་པའི་ནོར་དང་མུ་ཏིག་གི་དཔེ་གཉིས།
44 ༼དེ་ནས་གཉིས་པར་ཡེ་ཤུས།༽ ནམ་མཁའི་རྒྱལ་སྲིད་ནི་ཞིང་ལ་སྦས་བཞག་པའི་ནོར་ཅོག་འདྲ་ཡིན་པ། དཔེ་ཡིན་ན། མི་གཅིག་གིས་ཞིང་གི་ནང་ཞིག་ལ་སྦས་བཞག་པའི་ནོར་མཇལ་ཟིན་ཟིན་ནུག་ལོ། འོ་ནོར་ལ་མཇལ་ཟིན་ཏེ་གཉིས་པར་སྦས་འཇོག་ཟིན་ནུག་ལོ། དེ་ནས་དགེ་བ་ལངས་ཏེ་རང་མཉམ་པོ་གང་ཡོད་མཁན་དེ་བཙོངས་ཏེ་འོ་ཞིང་ཉོ་འགྲོ་ཟིན་ནུག་ལོ།།
45 གཉིས་པར། ནམ་མཁའི་རྒྱལ་སྲིད་ནི་མུ་ཏིག་ཡག་པོ་ཡག་པོ་ཅག་འཚོལ་མཁན་གྱི་ཚོང་པ་གཅིག་ཅོག་འདྲ་ཡིན་པ། 46 མང་མོ་སྨྲས་ཏེ་མང་མོ་(མང་མོ་ལས་མང་བ་)རིན་འགྲོ་མཁན་གྱི་མུ་ཏིག་མཇལ་ཟིན་པ་དང་(མཇལ་ཟིན་མཁན་སྒང་ལ་ ། མཇལ་ཟིན་ཏེ་)རང་མཉམ་པོ་གང་ཡོད་མཁན་དེ་བཙོངས་ཏེ་འོ་མུ་ཏིག་ཉོ་ཟིན་ནུག་ལོ།།
ཉ་འཛིན་མཁན་གྱི་དྲ་བའི་དཔེ།
47 གཉིས་པར་ཡང་ནམ་མཁའི་རྒྱལ་སྲིད་ནི་མཚོ་ལ་བརྒྱངས་བཞག་པའི་དྲ་བ་ཅོག་འདྲ་འོང་མཁན། འོ་དྲ་བ་ལ་ཉ་སྣ་མང་མོ་འཇུག་མཁན། 48 དེ་ནས་དྲ་བ་ཉ་ཡིས་འགེངས་ཟིན་ཟིན་པ་ལ་(འགེངས་ཟིན་ཏེ་ ། འགེངས་ཟིན་ཏེ་རྗེས་ལ་)ཉ་འཛིན་མཁན་གྱི་མི་ཅག་གིས་དྲ་བ་དྲུད་དེ་ཟུར་ལ་བཏོན་ཏེ་ཉ་ཡག་པོ་ཅག་སྣོད་ཅག་ལ་བླུག་མཁན། ཕན་མི་ཐོགས་མཁན་ཅག་དེ་དབྱུགས་རྫོང་མཁན། \v 49 འདི་འཛམ་བུ་གླིང་སྟོངས་མཁན་གྱི་ཉི་མ་ལ་འདི་ཅོག་འདྲ་འོང་ཅེས་ནུག  ཨལ་ལོ་ཧིམ་གྱི་ལོན་འཁྱེར་མཁན་ཅག་འོངས་ཏེ་ལས་ཀ་ངན་པ་བྱེད་མཁན་གྱི་མི་ཅག་ལ་ལས་ཀ་དྲང་པོ་བྱེད་མཁན་གྱི་མི་ཅག་ལས་ཕྱེ་སྟེ་(ཨལ་ལོ་ཧིམ་གྱི་ལོན་འཁྱེར་མཁན་ཅག་འོངས་ཏེ་ཨལ་ལོ་ཧིམ་གྱི་མདུན་ལ་དྲང་པོར་གཤའ་མཁན་གྱི་མི་ཅག་མཉམ་པོ་མི་ངན་པོ་ཅག་ཕྱེ་སྟེ་) 50 ཁོང་ལ་མེ་དོང་གི་ནང་ལ་དབྱུགས་རྫོང་ཅེས་ནུག ~དེ་ནས་འོ་ལ་ཁོང་སོ་མུར་ཏེ་མུར་ཏེ་ངུས་ཏེ་སྡོད་ཅེས་ཡོད། སྨྲས་ཏེ། ཡེ་ཤུས།།
51 ཡེ་ཤུས་ཉེ་གནས་ཅག་ལ། (སློབ་མ་ཅག་ལ།) ཁྱེད་ཀྱིས་འདི་སྐད་ཆ་གང་པོ་ངོ་ཤེས་པས། སྨྲས་ཏེ། ཉེ་གནས་ཅག་གིས། ངོ་ཤེས་ཟིན་ལགས། སྨྲས་ཏེ། 52 དེ་ནས་ཡེ་ཤུས་ཁོང་ལ། ཉན་དོང་། ནམ་མཁའི་རྒྱལ་སྲིད་ཀྱི་དོན་ལ་སློབ་ཆུང་འབྱོར་བའི་བཀའ་ཁྲིམས་ཀྱི་དགེ་རྒན་ཅག་ཁྱིམ་གྱི་བདག་པོ་ཅོག་འདྲ་འོང་མཁན། ཁྱིམ་གྱི་བདག་པོས་ཀྱིས་ནི་རང་གི་མཛོད་ལས་ནོར་གསར་པ་དང་ནོར་རྙིང་པ་གཉིས་ཀ་འདོན་ཁུག་མཁན། སྨྲས་ཏེ། ཡེ་ཤུས།།
ཡེ་ཤུ་རང་ཚར་བའི་ནྰ་ཙ་རེལ་སྨྲ་མཁན་གྱི་ཡུལ་གྲུ་ལ་འོངས་པ།
53 ཡེ་ཤུས་འདི་གཏམ་ཅག་དཔེ་བཞག་སྟེ་སྐད་ཆ་སྨྲས་ཚར་ཚར་བ་ལ་འོ་ས་ཆ་ལ་དབྱུགས་བཞག་སྟེ་རང་ཚར་བའི་ཕ་ཡུལ་ལ་འོང་ཟིན། 54 འོ་ལ་ཡེ་ཤུས་ཡ་ཧུ་དྰ་པའི་ཚོགས་ཁང་ལ་འོངས་ཏེ་སློབ་ཅེས་འགོ་འཛུགས་ཟིན། དེ་ནས་ཡེ་ཤུའི་སློབ་ཆུང་ལ་ཉན་མཁན་གྱི་མི་ཅག་གིས་ཧ་ལས་ཏེ་སྨྲ་སྨྲ་རྩོད་ཟིན། (རྩོད་པ་རྒྱབ་ཟིན།) འདི་མི་ལ་འདི་ཅོག་འདྲའི་རིག་ཤེས་ག་ནས་འབྱོར་བ། འདི་ཅོག་འདྲའི་ལས་ཀ་ཡ་མཚན་པ་ཅག་ག་འདྲ་བྱས་ཏེ་བྱེད་ཁུག་མཁན་ཡིན་པ། 55 ཁོ་ཤིང་བཟོ་མཁས་པའི་བུ་མིན་ནམ། ཁོའི་ཨ་མ་མིར་ཡམ་མིན་ནམ། དེ་ནས་ཡ་ཀོ་བོས། ཡོ་སེབ། སི་མོན། དང་ཡུ་དྰ་ཁོའི་འོག་མ་ཅག་མིན་ནམ། 56 ཁོའི་ནུ་མོ་ཅག་ཀྱང་འདི་ལ་སྡོད་མཁན་མིན་ནམ། འདི་སྐད་ཆ་གང་པོ་ཁོས་ག་ནས་བསླབས་པ། སྨྲས་ཏེ། མི་ཅག་གིས། 57 འདི་ཅོག་འདྲ་སྨྲས་ཏེ་ཁོང་གིས་ཡེ་ཤུ་ལ་ཡིད་མ་ཆེས་པ་བྱས་ཏེ་དད་པ་ལོག་ཟིན། དེ་ནས་ཡེ་ཤུས་ཁོང་ལ། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ལ་ཡུལ་གཞན་པ་ག་ན་སྨྲ་ན་ཡང་རྩིས་བྱེད་མཁན། རང་གི་ཡུལ་གྱི་མི་དང་ཁྱིམ་གྱི་མེ་མེ་ཅག་གིས་ནི་རྩིས་མི་བྱེད་མཁན། སྨྲས་ཏེ། 58 ཁོང་གིས་བློ་མ་བཀལ་བ་སོང་བས་ཡེ་ཤུས་རང་གི་ཡུལ་ལ་ལས་ཀ་ཡ་མཚན་པ་མང་མོ་མ་བྱས།། །།